བརྗེད་མི་སྲིད་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས།

གངས་རྡེའུ།

ཐུགས་ཀྱི་ཟླ་བ་དཀར་བ་ཞིག།
བརྩེ་བའི་ཉི་མ་དྲོ་བ་ཞིག།
དད་པའི་རྩ་བ་བརྟན་པ་ཞིག།
རྒྱུད་ནི་ཁྲིམས་ཀྱིས་དུལ་པ་ཞིག།

བདེན་པའི་རི་རྒྱལ་མཐོ་བ་ཞིག།
གནས་ལུགས་རལ་གྲི་རྣོ་བ་ཞིག།
རིགས་ཀྱི་གངས་རི་མཐོ་བ་ཞིག།
ཁྲག་དང་མཆི་མའི་རྒྱུན་ལ་གཤེགས།།

རིགས་ཀྱི་སྙིང་གི་དཀྱིལ་ན་ཡོད།།
ཁྲག་དང་མཆི་མའི་རྒྱུན་ན་ཡོད།།
རྡོ་རིང་ཡིག་ཆུང་ངོས་ན་ཡོད།།
མི་བརྗེད་རྡོ་ལ་རི་མོ་ཡིན།།

ས་ཆེན་མུན་པས་གཡོག་པ་དེ།།
གནམ་གྱི་སྐར་མ་འདར་བ་དེ།།
ཉི་ཟླའི་དཔུང་ཡ་ཆད་པ་དེ།།
བརྩེ་བའི་ཉི་མ་ནུབ་པ་དེ།།

ཁྱོད་ཀྱི་སྤྱན་ཟུང་ཟུམ་པ་མེད།།
ཁྱོད་ཀྱི་ཁྲག་རྒྱུན་ཆད་པ་མེད།།
རེ་བའི་མར་མེ་དལ་བ་མེད།།
ལོ་རྒྱུས་རི་མོ་ནོག་པ་མེད།།

     བོད་ཕྱི་ནང་གཉིས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་རྗེས་དྲན་དང་དྲན་གསོ་རྒྱ་ནག་གཞུང་ལ་རེ་བསྐུལ་སོགས་གང་མང་བྱས་ཀྱང་ཕན་འབྲས་ཅི་ཡང་མ་བྱུང་པར་དགོངས་པ་རྫོགས་པར་དྲན་གདུང་དང་བཅས།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s