July ༡༤, ༢༠༡༥

ངེད། -0 Minutes

བོད་ལ་ཐབས་རྩལ་དགོས།

བོད་ལ་ཐབས་རྩལ་དགོས། Ebook ཕབ་ལེན་གནོངས།    ནགས་ཤོད་སད་མིས་བསྒྱུར། བརྗོད་བྱ།   བོད་རྒྱའི་གནད་དོན། སྤྱིའི་དེབ་ཨང་།  00114 དེབ་ཨང་།  Thabtsal འཕྲུལ་དེབ།  Ebook འཕྲུལ་དེབ་བཟོ་སྐྲུན་པ།  གློག་རྡུལ་འཕྲུལ་དེབ་ཁང་། ཕྱི་ལོ  ༢༠༡༥ ཟླ  ༠༧ ཚེས ༡༧ དྲྭ་ཐོག་དུ་བཀོད།...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

ཆོས་ཀྱི་ཚིགས་སུ་བཅད་པ། (བོད)

མི་ཤིགས་ཐིག་ལེ། ཆོས་ཀྱི་ཚིགས་སུ་བཅད་པ་མི་ཤིགས་ ཐིག་ལེའི་དགོད་སྒྲ། ལས་ཀྱིས་བསགས་པའི་ལུས་རྟེན་འདི།། ཚོར་བའི་རླུང་ཁར་རབ་དུ་འཕྱོ།། བདེ་སྡུག་གཉིད་ཀྱི་རྨི་ལམ་ན།། འཁྲུལ་སྣང་སྒྱུ་མའི་གད་མོ་དགོད།། གཟུགས་ནི་མི་རྟག་འཇའ་ཚོན་སྟེ།། མིག་གི་རྒྱལ་མོའི་ལོངས་སྤྱོད་ཉིད།། སེམས་འདི་དེ་ཡི་རྗེས་ལ་རྒྱུགས།། ཐོབ་མེད་ཆགས་པའི་བྲོ་གར་ཞིག། སེམས་འདི་གསལ་བའི་མེ་ལོང་ཞིག། སྲིད་པའི་འབྱོར་བ་ཉི་མའི་འོད།། གང་ནས་ཕོག་པའི་འོད་ཐིག་ཅིག། མྱུར་བའི་རྒྱུགས་མདུར་ངལ་བའི་རྒྱུ།། རུས་པའི་གསེས་མཁར་ཤ་ཡིས་བཏུམ།། ཁྲག་དང་རྣག་གི་མཛེས་ཆོས་སྤྲས།། ནམ་ཞིག་གཏོར་བའི་ས་ཕྱོགས་དེར།། ཁྱེད་ཀྱང་འགྲོ་བར་འཚེར་སྣང་ཞིག། དགའ་སྣང་མཐུན་པའི་ལག་གཡུག་འདི།། དུང་བ་ཆུ་ཡི་རླབས་རིས་བཞིན།། ནམ་ཞིག་རླུང་དེ་འཇག་པ་ན།། ཅི་ཡང་མེད་པའི་སྟོང་སྣང་ཞིག། འཁོར་བའི་གྲོང་ཁྱིམ་ཉམས་དགའ་འདི།། རྩ་ཕུང་བསགས་པའི་གྲོག་ཚང་བཞིན།། སྙིང་བོ་བྲལ་བའི་བསགས་པ་འདི།། མཚར་སྣང་སྒྱུ་མའི་ལྟད་མོ་ཞིག། ཆགས་དང་སྡང་བའི་སེམས་ངོགས་ན།། འཇིག་རྟེན་གློག་གི་ཟློས་གར་བཞིན།། ཅི་ཡང་མེད་བའི་རང་བཞིན་ལ།། ཤི་ཡང་འཐམ་ནས་གྲོལ་ཐབས་བྲལ།། གཟའ་སྐར་འགྲོས་དང་མཐུན་པར་ཡང་།། ཁྱེད་ཀྱི་ལུས་འདི་ལྗོན་ཤིང་བཞིན།། དུས་བཞིའི་འགྱུར་བག་རེ་རེའི་ཁྲོད།།...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

སྙན་ཐུང་གི་ཚོམ།

གཅེར་བུ་པ། མདུན་ཐད་དུ་བལྟས་པ། སྤྲིན་དཀར་དུམ་བུ་མགུལ་དུ་འདོགས་པ་གན་ནི།། མིག་རྒྱང་གློད་སའི་རི་བོ་རྩེ་གསུམ་ཅན་ཡིན།། མདང་ནུབ་ཆར་པས་སྦངས་བའི་གཏམ་བརྗོད་མི་ཁྲོལ།། དེ་རིང་ནམ་མཁའ་སྔོ་ཞིང་དྭངས་བར་གཟིགས་དང་།། ཉི་ཟེར་གྲིབ་ཆེན་མཉམ་དུ་ལྡང་ས་གན་ནི།། ཆུང་དུས་རྩེ་ར་མ་ཡིན་མདུན་གྱི་རི་འདབས།། ལྗོན་པའི་སྐེ་རྒྱན་མི་ཕུད་ཤིག་ཤིག་འགུལ་སོང་།། སྤང་གི་མེ་ཏོག་དག་ཀྱང་ཚོད་ཚོད་བཞད་འདུག། རི་རྐེད་དུ་བའི་ལྕང་ལོ་ཕྱུང་བ་གན་ནི།། གཞིས་ཀྱི་འབྲོག་སྡེ་མ་ཡིན་འབྲི་གཡག་མི་མཐོང་།། འདི་གའི་ཡུལ་མི་ཁུ་སིམ་ལྷོད་ལ་ཆགས་པ།། ནགས་གནས་བྱེ་འུ་ཚོགས་ཀྱང་དེ་ག་རང་ཡིན།། ག་རེ་བྱས་སོང་། སྐྲ་ལོའི་མཛེས་པ་རླུང་ཁར་གཡེང་བའི་ཚུལ།། ཐལ་རླུང་ག་ཚོད་དཀྲིགས་ཀྱང་མཐོང་བ་བྱུང་།། རི་ཚོགས་ཟམ་དུ་བསྟར་བའི་ཉག་ཁ་འདིར།། ཀུ་རེ་མི་རྩེ་སེམས་ལ་འཕྲོད་ཐབས་མེད།། ང་ནི་ཕ་གེར་བབས་ཤིང་ཚུར་ཕྱོགས་མཆོང་།། སྡོད་ཚུགས་བྲལ་བའི་གཤིས་ལ་ཞུགས་པ་ཡི།། གཉིད་ཀྱི་བཟི་ཁ་སྟུག་པའི་ལམ་ཁ་རུ།། འོ་བརྒྱལ་མང་དུ་མྱངས་བ་དོན་ཡོད་མིན།། དཔེ་སྒྲོམ་ངོས་སུ་ཆགས་པའི་རྡུལ་དག་གིས།། ཉིན་དང་མཚན་གྱི་རྣམ་ཤེས་གཏིང་ནས་འགྲེལ།། བར་མཚམས་ཤིག་ནས་སྐར་མ་ཆག་ཀྲུམ་འགའ།། ཕྲན་གྱི་ངོ་གདོང་ཁྱེར་ནས་འགྲམ་དུ་ཟགས།། བསིལ་ལྷང་ལྷང་གི་ནངས་མོ་དེར་སྦྱར་བ། ཤག་ཤག་ཆར་པའི་སྒྲ་ནི་ཤིན་ཏུ་རྩིང་།། མུན་པའི་ཡོལ་བ་རླུང་གིས་ཁུར་སྙམ་ཤར།། ནངས་མོ་རི་རྩེར་སྤྲིན་དཀར་ཁྱུ་ཞིག་སྤུངས།། དཀར་ལ་བཀྲག་མདངས་གསལ་བ་མིག་གིས་འཚོས།། ནགས་ཀྱི་ཁ་དོག་ལྗང་ལ་སྔོ་བ་ཡིས།། ཚ་བའི་རླངས་པ་གཏོར་ནས་མགོ་ལྕོགས་ལྡེམ།།...
དེ་ལས་མང་པ།