སྟོང་བའི་མི་ཚེ།

ཁ་སྒང་བ།

དགེ་ཚོགས་ཤིག་བསཌ་བསཌ་པས།།
མི་ལུས་ཤིག་འབྲས་སུ་སྨིན།།
སྐལ་བཟང་དུ་བསམས་བསམས་ཀྱང་།།
དལ་རྟེན་གྱི་རིན་ཐང་ཅི།།

དགའ་བ་ཞིག་བསྒོམས་སྒོམ་བཞིན།།
འཚོ་བ་ཞིག་རོལ་ན་ཡང་།།
བདེ་སྐྱིད་ཅིག་འདོད་འདོད་པའི།།
འདོད་ཐོག་ལ་ཡོང་བ་དཀོན།།

གོམ་པ་འདི་སྤོས་སྤོས་ཀྱང་།།
བདེ་ལམ་ཞིག་ཟིན་མ་བྱུང་།།
འོད་སྣེ་དེ་འཐེན་འཐེན་ཡང་།།
མུན་པ་ནི་སྔར་བཞིན་མཐུག།

དམིཌ་འབེན་དེ་བསྙེཌ་བསྙེཌ་ཀྱང་།།
ལག་པ་ནི་སྟོང་སང་ངེ་།།
ཀླད་པ་འདི་དཀྲུཌ་དཀྲུཌ་ཀྱང་།།
མགོ་བོ་འདི་ཉོག་ལ་སྦགས།།

ཕ་རོལ་དེེར་ཅེར་ཅེར་ཡང་།།
ལུས་པོ་འདི་ཚུར་ན་ལྷག།
འཕག་འཚག་ཅིག་གློད་གློད་ཀྱང་།།
ངལ་བ་དེ་འབྲས་མེད་རེད།།

ཚེ་སྲོག་འདི་བསྲུངས་བསྲུངས་ཀྱང་།།
རང་གཅེས་ཀྱི་བསམ་པ་ཙམ།།
མགོ་བོ་འདི་སྐྱོར་སྐྱོར་བ།།
སྡར་མ་ཡི་ངང་ཚུལ་ལོ།།

རང་དོན་དུ་རྒྱུགས་རྒྱུགས་ཀྱང་།།
རང་མགོ་ནི་ཐོན་མ་སོང་།།
གཞན་དོན་ལ་བརྫིས་བརྫིས་པས།།
མཐའ་མཇུག་ནི་གཅིག་པོར་ལུས།།

འཆར་གཞི་ཞིག་བསྒྲིཌ་བསྒྲིཌ་ཀྱང་།།
དོན་ཐོག་ལ་འཁྱོལ་བ་དཀའ།།
རྒྱུ་རྐྱེན་ལ་དཔྱད་དཔྱད་དུས།།
སྒྱུ་མ་ཡི་ཟློས་གར་ཞིག།

ལན་ཆགས་འདི་མྱངས་མྱངས་ཀྱང་།།
དབུགས་ཐག་འདི་མ་ཆད་པས།།
རེ་ལྟོས་ལ་བཅོལ་བཅོལ་བའི།།
མི་ཚེ་ཡི་གཏམ་རྒྱུད་སྐྱོང་།།

མང་པོ་ཞིག་བཤད་བཤད་ཀྱང་།།
སྟོང་གཏམ་ལས་མ་འདས་ཤིང་།།
ཚིག་ཉོག་འགའ་བྲིས་བྲིས་པའང་།།
སྟོང་ཉིད་ཀྱི་རང་གཟུགས་ལགས།།

༢༠༡༥/༠༧/༡༧

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s