__ སྨྱུག་མདའ།

ལྷ་སྒྲུང་གི་རི་གསེབ་ན་གཏན་དུ་འཇགས་པའི”
མངོན་པར་མི་གསལ་པའི་ལྷ་དམག་ཅིག
ལོ་ཟླ་བཞུད་ཀྱིན་ཁ་སང་གི་གཏམ་རྒྱུད་ལ”
ཞེ་འཁོན་གཟུང
ཨ་ཙི  ཁ་ཆག་སྣ་རལ་དུ་གྱུར་བའི་སྤྱི་ཚོགས་ཤིག
མཚན་ལྗོངས་ནག་པོ་ཞིག་ཏུ་དཀོན་མཆོག་ཟེར་བཞིན”
ད་དུང་གཉིད་དུ་ལོག
རེད་ཡ   མི་ཡུལ་འདི་ཆགས་སྡང་གིས་གྲུབ་ཅིང”
ཕྱོགས་ཚན་གྱིས་འཇིག་འགྲོ་བ་ཞིག
ངའི་དྲན་པར་བཞག་པའི་བག་ཆགས་དེ”
ཐོག་མའི་སྤོབས་པ་ལས་གྱེས་ཤིག”དབྱེ་མཚམས”
མི་རྟོགས་པའི”བར་དོ་པ་ཞིག་ཏུ་ཐིམ་གྱིན་གདའ

ལོ་ཟླ་འདི་ཅི་འདྲ་ཞིག
དུས་ཚོད་འདི་ཅི་འདྲ་ཞིག
ལོས་རྒྱུས་ཀྱི་རུས་རྐང་བསམ་མཁན་ཚོ་ཅི་འདྲ་ཞིག
ང་ཚོ་ནི་བོར་བྱུང
ལོ་རྒྱུས་ཀྱི་སྙིང་སྟོབས་གསོན་མཁན་ཚོ་བོར་བྱུང
མི་ཡུལ་འདི་སྡང་སླ་ལ   ངུ་འང་སླ་བས
རྩེད་ར་འདི་མུན་ནག་གི་ཟབ་ས་ནས”
རང་ཉིད་ཀྱི་རྐུབ་ཤ་སྲུང་མཁན་ཞིག་ཏུ་གྱུར་ཡོད

སྐྱ་ཐང་གི་མཚེར་ཤུལ་དེ་ན
རྒྱང་རིང་ལ་ཞེ་ཕུགས་གཏད་དེ
རྒྱང་རིང་ལ་ཀི་འབོད་བྱེད་ཀྱིན་ཡོད
ཚེ་སྲོག་ནི་བྲིས་མི་ཚར་བའི་བསྔོ་ཡིག་ཅིག་ཡིན
དུ་དུང  ད་དུང  ང”ཡང་ན་ང་ཚོས
བལྡད་མི་བྲོ་བའི་་ཤོག་ལྷེ་འགའ་ལྡད་བཞིན་ཡོད
འདི་ནི་རྒྱུ་འབྲས་གོ་ལྡོག་གི་རོ་སྒམ་ཞིག་གམ
ཡིད་སྐྱོ་བའི་ལྷགས་རླུང་འཁྱག་པ་ཞིག་གོ

༢༠༡༥/༨/༦ ཉིན་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d