ཚ་དབུགས་ལྒང་བུ་གངས་སེང་ཁ་སྤྲོད་མ།

བོད་ཀྱི་རྒྱལ་དར་གྱི་དཔེ་རིས་བྲིས་པའི་ཚ་དབུགས་ལྒང་བུ་ཡོ་རོབ་ནས་ཨ་སྔོན་དགུང་ལ་སྤུར་བའི་མཛེས་སྡུག

འབྲོག་མྱི།

བོད་ཀྱི་རྒྱལ་དར་གྱི་དཔེ་རིས་ཅན་གྱི་ཚ་དབུགས་ལྒང་བུ་དབྱིན་ཇི་ནས་དགུང་ལ་སྤུར། རྒྱ་གཞུང་གི་ངན་སེམས་དེ་ངལ་བ་འབྲས་མེད་དུ་གྱུར།

དེ་ཡང་དབྱིན་ཇིའི ༼སྲུང་སྐྱོབ༽གསར་ཤོག་གི་གནས་ཚུལ་ལྟར་ན། དབྱིན་ཇིའི་བྷི་རི་སི་ཊོལ (Bristol City ) གྲོང་ཁྱེར་གྱིས་སྤེལ་བའི་རྒྱལ་སྤྱིའི་ཚ་དབུགས་ལྒང་བུ་དུས་སྟོན་སྟེང་། ལྒང་བུ་ཧྲིལ་བོར་བོད་ཀྱི་རྒྱལ་དར་གངས་སེང་ཁ་སྤྲོད་མ་བྲིས་པའི་ཚ་དབུགས་ལྒང་ བུ་དེ་ལྒང་བུ་སྟོང་ཕྲག་མང་པོའི་ཁྲོད་མཚར་སྡུག་གིས་ཨ་སྔོན་དགུང་དུ་སྤུར། རྒྱ་ནག་གཞུང་ཚབ་ཁང་གི་དེ་སྔ“རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་སྲུང་སྐྱོང” ཟེར་བ་ཁ་གཡར་ནས་ཞི་དྲག་གཉིས་ཀའི་ལམ་ནས་འགོག་ཐབས་བྱས་ཀྱང་། ཚ་དབུགས་ལྒང་བུ་བོད་ཀྱི་རྒྱལ་དར་མ་དགུང་ལ་དལ་བ་དལ་བུས་འཕུར་བ་དང་མཉམ་དུ་ རྒྱ་གཞུང་གི་ངན་སེམས་དེ་ངལ་ལ་འབྲས་མེད་དུ་གྱུར།

གནས་ཚུལ་ལྟར་ན། བོད་ཀྱི་རྒྱལ་དར་བྲིས་པའི་ཚ་དབུགས་ལྒང་བུ་དེའི་མིང་ལ་བཀྲ་ཤིས་ཟེར་ཞིང་། སི་པན་དང་། ཧྥ་རན་སི། དབྱིན་ཇི་སོགས་ཀྱི་ལས་འགུལ་རྩ་འཛུགས་པ་རྣམས་ཀྱིས་འགྲེལ་བརྗོད་བྱས་པར་གཞིགས་ ན། རྒྱ་ནག་གཞུང་གིས་རྒྱལ་ཁབ་དེ་དག་ཚང་མ་རུ་བོད་ཀྱི་རྒྱལ་དར་བྲིས་པའི་ཚ་དབུགས་ ལྒང་བུ་དེ་འགོག་ཐབས་བྱས་ཡོད་འདུག
བོད་ཀྱི་རྒྱལ་དར་བྲིས་པའི་ཚ་དབུགས་ལྒང་བུ་དེ་ཐེངས་འདིའི་རྒྱལ་སྤྱིའི་ཚ་ དབུགས་ལྒང་བུ་དུས་སྟོན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཚོས “ང་ཚོའི་དམིགས་ཡུལ་ནི་བོད་མིའི་རང་སྐྱོང་གི་ཐོབ་ཐང་དང་དབང་ཆ་འབུར་དུ་ཐོན་ རྒྱུ་ལས་བོད་དེ་རྒྱལ་ནག་ལས་རང་བཙན་བྱ་རྒྱུ་དེ་མིན” ཞེས་བརྗོད་ཡོད་པ་རེད།

ཚ་དབུགས་ལྒང་བུ་གངས་སེང་མ་གཏོང་མཁན་གཉིས་ནི། དབྱིན་ཇིའི་གྷི་ལའོ་སི་ཊིར་ཤིར(Gloucestershire ) ས་ཁུལ་གྱི་གཟའ་ཟླ་གཉིས་ཏེ་ལོ་ན ༤༥ཡིན་པའི་སྐུ་ཞབས་ཕོལ ཌོབ་སན་དང་ལོ་ན ༤༤ ཅན་གྱི་ལྕམ་ཧཱ་བན ཁུ་རའོ་ལེ་གཉིས་རེད། “བོད་ཀྱི་རྒྱལ་དར་བྲིས་པའི་ཚ་དབུགས་ལྒང་བུ་འདིའི་ནང་ཡིག་ཆའི་རིགས་གཅིག་ཀྱང་ ཁྱེར་མེད་པ་དང་། ཆབ་སྲིད་ཀྱི་བརྡ་འཕྲིན་རིགས་ཀྱང་མེད། བོད་ཀྱི་གངས་སེང་ཁ་སྤྲོད་ཀྱི་རྒྱལ་དར་གྱི་དཔེ་རིས་སྟེང་དུ་བྲིས་པ་ཁོ་ན་ཡིན་ ལ། དེ་ཡི་བརྩེ་བ་དང་ཞི་བདེ་མཚོན་ཡོད། ” ཅེས་དང་། ཡང་དེ་དང་ཆབས་ཅིག  “ ཐེངས་འདིའི་ཚ་དབུགས་ལྒང་བུ་འདི་བརྒྱུད་ནས་མི་རྣམས་པས་བོད་ཀྱི་གནད་དོན་ལ་དོ་ ཁུར་གསར་བ་ཞིག་བསླེབ་རྒྱུ་དང་། དེ་བཞིན་བོད་དང་འབྲེལ་ཡོད་བྱམས་སྙིང་རྗེའི་ལས་དོན་ལ་མ་དངུལ་འཚོལ་བསྡུའི་རེ་ བ་ཡོད། ” ཅེས་གཟའ་མི་དེ་གཉིས་ཀྱིས་འགྲེལ་བརྗོད་བྱས་འདུག

གཟའ་ཟླ་ཟུང་དེས་དབྱིན་ཇིའི༼ སྲུང་སྐྱོབ༽གསར་ཤོག་ལ། ཡོ་རོབ་ཚ་དབུགས་ལྒང་བུ་དུས་སྟོན་གྱི་སི་པན་རྒྱལ་ཁབ་ཀྱི་ལས་འགུལ་རྩ་འཛུགས་ པས་ཁོང་གཉིས་ལ་ཚ་དབུགས་ལྒང་བུ་དེ་དུས་ལྟར་དགུང་ལ་གཏོང་མི་ཐུབ་ལུགས་བརྡ་བཏང་ སོང་། གནས་སྟངས་དེ་འདྲ་བྱུང་དོན་ནི་སི་པན་ན་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་འགོག་ ཐབས་སུ་གནོན་ཤུགས་སྤྲད་ཡོད་པས་རེད། ཡིན་ན་ཡང་། མི་སྒེར་གྱི་རོགས་དངུལ་མཁོ་འདོན་བྱས་ཤིང་། དབྱིན་ཇིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་མཉམ་ལས་ཇུས་འགོད་བྱས་པའི་ཚ་དབུགས་ ལྒང་བུ་དེ། ད་ལོའི་ཕྱི་ཟླ ༧ ཚེས ༡༡ ཉིན་བོད་ཀྱི་རྒྱལ་དར་གྱི་མཚར་སྡུག་ཁྱེར་ནས་མཁའ་དབྱིངས་སུ་འཕུར་ཟིན་པ་དང་། ཚ་དབུགས་ལྒང་བུ་གངས་སེང་མ་དེའི་འགྲོ་སྐྱོད་ལ་རྗེས་འདེད་བྱས་ཡོད་པ་གསལ་བོ་ ཡིན། ཞེས་ཀྱང་བརྗོད་འདུག

གཟའ་སྔོན་མར། བོད་ཀྱི་རྒྱལ་དར་གྱི་དཔེ་རིས་ཅན་གྱི་ཚ་དབུགས་ལྒང་བུ་དེ་ཧྥ་རན་སིའི་ལོ་རེན མོན་ཌ་ཡོལ ཨེར( Lorraine Mondial Eyre) ས་ཁུལ་དུ་སྤེལ་བའི་ཡོ་རོབ་ཚ་དབུགས་ལྒང་བུའི་དུས་སྟོན་སྟེང་ཞུགས་ཡོད་པ་དང་། ལས་འགུལ་དེ་རྩ་འཛུགས་པས། རྒྱ་ནག་གཞུང་ཚབ་ཁང་གི་འབྲེལ་ཡོད་མི་སྣས་ཁོང་ཚོར་འབྲེལ་གཏུག་བྱས་ཏེ “རྒྱ་ནག་དང་ཧྥ་རན་སིའི་འབྲེལ་བར་གནོན་པ་ཐེབས་ལུགས” ཉེན་བརྡ་བཏང་ཡང་། ང་ཚོས་ཚ་དབུགས་ལྒང་བུ་གངས་སེང་མ་དེ་ཞུགས་ཆོག་པའི་ཆོག་མཆན་སྤྲད་པ་ཡིན། ཞེས་འགྲེལ་བརྗོད་བྱས་འདུག

གནས་ཚུལ་ནང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་དར་གྱི་དཔེ་རིས་བྲིས་པའི་ཚ་ དབུགས་ལྒང་བུ་དེ་ཡོ་རོབ་ཚ་དབུགས་ལྒང་བུ་དུས་སྟོན་ནང་ཞུགས་རྒྱུར་བཀག་འགོད་ བྱས་ལུགས་ངོས་ལེན་བྱས་མེད་མོད། དབྱིན་ཇིའི ༼སྲུང་སྐྱོབ༽ གསར་ཤོག་གི་དགོས་འདུན་དེ་ལན་སློག་པའི་ཚུལ་དུ། རྒྱ་ནག་གཞུང་ཚབ་ཁང་གིས  “བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ ཡིན། བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད།”  ཅེས་ལན་བཏབས་ཡོད་འདུག

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s