འགྱུར་ལྡོག

འོད་དཀར།

ད་ནི་ཅི་ཞིག་ལ་བཞག་པའི་དྲན་གདུང་གི་ཤོག་ལྷེ་རེ་རེ་རླུང་གིས་ཁུར་དུས།
འཆར་སྣང་དང་རེ་སྒུག་གི་རྨི་ལམ་དལ་གྱིས་ལྷོད་སོང་།

སྤང་རི་དང་བྲག་རི། ཁང་བརྩེག་དང་གྲོང་ཁྱེར།
གློག་འོད་དང་སྐར་མའི་ཚོགས།
རང་བྱུང་ཁམས་དང་མྱིའི་བཟོ་སྐྲུན་གྱི་དངོས་པོ་རེ་རེ།
གཅིག་ལ་གཅིག་འགྲན་གྱི་འཇིག་རྟེན་འདི།
ཆབ་སྲིད་པའི་དུག་རླངས་ཀྱིས་སླད་སོང་།

རང་ཚུགས་དང་དྲང་བདེན།
ཉིན་མོའི་སྐར་མ་ལྟར་ས་ཡི་གོ་ལ་འདིའི་གཤིས་སུ་འཐིམ།
ཁེ་ཕན་དང་ཧམ་སེམས་ཀྱི་དར་ཆ་རིང་མོས།
འཛམ་གླིང་གི་བདེ་སྐྱིད་དང་མཛེས་སྡུག་ཡོངས་སུ་བསྒྲིབས་དུས།
མུན་ནག་ནས་འདྲེ་ཚོགས་ཀྱིས་མིག་ཟུང་ཡང་ཡང་བགྲད།
ཁ་གདངས་སྣ་གཉེར་གྱི་འཇིགས་སྣང་ཁོ་ནས།
མྱིའི་ཞི་འཇགས་ཀྱི་འཚོ་བར་བཙན་འཛུལ་བྱས་སོང་།

སྟོན་པའི་གཟན་སྣེར་འཐམས་པའི་སྐྱེས་ཆེན་འགའི་
ཏང་འཛིན་གྱི་ཀློང་ན་བཞུགས་པའི་འཛུམ་མདངས།
གོ་ལའི་དགོད་སྒྲ་མཐའ་མར་གྱུར་སོང་།

༢༠༡༥།༠༨།༢༡

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s