གཞེས་ནིང་གཞེས་ནིང་།
མཚེར་ཤུལ་ལ།
ཆར་བ་བབས་མྱོང་།
ན་ནིང་ན་ནིང་།
གཡང་ཁྱིམ་ལ།
ཆར་བ་བབས་མྱོང་།
སྐྱོ་སྐྱོའི་ཁྱོད།
དྲན་བཞིན་པའི་ཁྱོད།
སྨྲེང་སྨྲེང་གི་ང་།
བོར་བཞིན་པའི་ང་།
ཚེ་ཐོག་གི་ཕ་བུ།
ཚེ་སྔོན་གྱི་རི་མོ།
འཛོམས་ན་གྱེས་ན།
སྐལ་བའི་ལམ་ཞིག
ཐག་རིང་གི་ལོ་ཞིག
ང་ལ་གནངས་པའི་བར་ཐག་ཨེ་རེད།
ངའི་གངས་རི་དང་ངའི་མཚོ་མོ།
ེམེ་ཏོག་རྣམས།
གཡབ་མོ།
ཁ་དོག་རྣམས།
དྲན་གདུང་།
མཛེས་སྡུག་རྣམས།
སྨོན་ལམ།
ཅིས་ཀྱང་རྨི་ལམ་ལ་ཤོར་ཚེ།
ཁྱོད་ནི་ཕ་རོལ་ཞིག་ན།
ཅིས་ཀྱང་རྨི་ལམ་ལས་ལོག་དུས།
ངའི་མིག་ཆུ་རུ་ཁྱོད་འོང ཨ་མ་འོང་།
ཙོང་ཁའི་གྲོ་ཚང་འོང་།
ན་ནིང་ནས་གཞེས་ནིང་།
ཨ་ཕ་གཅིག་པུ།
གཞེས་ནིང་ནས་ན་ནིང་།
ཨ་མ་ཁེར་མོ།
ལས་དབང་བཟློག་པའི་སེམས་པ།།
ངལ་ན་དུབ་ན།
མེ་ཏོག་རེ་རེར་བཅོལ་བ།
ངས་ཇི་ལྟར་བརྗེད།
རྨི་ལམ་ན་མེ་ཏོག་རེ་རེ་འཛུམ།
༢༡༠།༠༨།༢༠-༢༡མཚན་གུང་ལ།
ངེད་དྲ་ཚིགས།