དུས་དབང་ཕར་འགྱང་གསལ་བསྒྲགས།

                 ༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༦ཟླ་ ༡ཚེས་ ༡༤ནས་ ༢༥བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་རྒྱུར་བཀའ་བཞེས་ཐོབ་པའི་གསལ་བསྒྲགས་ཞུས་ཟིན་པ་དེ་ལྟར་ཡང་། འདི་ལོ་སྔར་དང་མི་འདྲ་བར་ ༧སྐུའི་གྱ་སྟོན་གྱི་འཛད་འཕྲིན་དང་བརྟན་བཞུགས།  དེ་བཞིན་ཨ་རི་དང་ཨིན་ལན། རྒྱ་གར་སོགས་སུ་མཛད་འཕྲིན་ཧ་ཅང་མང་བ་དང་། མི་མང་གིས་ཀྱང་ཐུགས་ཁུར་ཆེ་བཞེས་ཀྱིས་ ༧གོང་ས་ ༧སྐྱབས་མགོན་ཆེན་པོའི་མཛད་འཆར་ཉུང་འཕྲི་དང་སྐུ་ངལ་གསོ་བའི་དུས་ཚོད་མང་ཙམ་ཡོང་ཐབས་སྐོར་ཞུ་མཁན་རིམ་བསྟུན་དུ་ཡོང་པ་བཅས་ལ་བརྟེན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ ༧སྙན་གསན་སྒྲོན་འབུལ་ཞུས་པ་བཞིན་འཆར་ལོའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ བ་དེ་བཞིན་ལོ་གཅིག་ཕར་འགྱང་གནང་ཡོད་པ་དགོངས་འཇགས་ཞུ།

ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ལ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས།

ཡོང་ཁུངས་ ༧གོང་ས་མཆོག་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s