འབྲོག་མྱི།

ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་ཕྱག་རོགས་ལྕམ་སུ་སན་རཱ་ཡེ་སི་དང་ཞི་ཅིན་ཕེང་།

         རེས་གཟའ་པ་སངས་ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་མི་དམངས་ཚོགས་ཁང་ཆེན་པོའི་ནང་ཨ་རིའི་ སྲིད་འཛིན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་ཕྱག་རོགས་ལྕམ་རཱ་ཡེ་སི་དང་མཇལ་འཕྲད་གནང་ཡོད་པ་དང་། ལྕམ་རཱ་ཡེ་སིའི་ཐེངས་འདིའི་གཟིགས་སྐོར་གྱི་དམིགས་ཡུལ་ནི་ཟླ་བ་དགུ་བར་ཞི་ ཅིན་ཕེང་ཨ་མེ་རི་ཀར་འཚམས་གཟིགས་སུ་ཕེབས་འཆར་ལ་གྲ་སྒྲིག་ཆེད་ཡིན་ཞིང་། ཨ་རྒྱའི་དཔོན་རིགས་མཇལ་འཕྲད་ལས་ཨ་རི་དང་རྒྱ་ནག་བར་ཟིང་འཚུབ་དང་འགལ་ཟླ་ཡོད་ མུས་སུ་ཡིན་པ་མངོན་པར་གྱུར།

           མཇལ་འཕྲད་སྐབས་ཞི་ཅིན་ཕེང་གིས། ཟླ་བ་རྗེས་མར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་གནང་རྒྱུར་རེ་སྒུག་བྱས་ ཡོད་ལ། ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཇེ་བརྟན་ཇེ་ལེགས་སུ་གཏོང་རྒྱུར་ཐུན་མོང་གིས་འབད་ འབུང་བྱེད་དགོས་ཞེས་བརྗོད་འདུག

            ད་ལྟའི་ཆར། རྒྱ་ནག་དེ་མ་རྐང་ཁྲོམ་ར་མར་ཆག་པ་དང་། དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་སོང་བ་སོགས་གནད་དོན་མང་པོ་ཞིག་དང་འཕྲད་ཀྱིན་ཡོད་མོད། མཇལ་འཕྲད་སྐབས། ཞི་ཅིན་ཕེང་དང་ལྕམ་རཱ་ཡེ་སི་གཉིས་ཀས་ཐད་ཀར་དཔལ་འབྱོར་སྐོར་གླེང་མེད་པ་དང་། བརྗོད་བྱ་འདུ་ས་དེ་ཟླ་བ་རྗེས་མར་ཞི་ཅིན་ཕེང་ཨ་རིའི་ནང་འཚམས་གཟིགས་སུ་ཕེབས་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཇེ་བཟང་ཇེ་ཉེ་རུ་གཏོང་རྒྱུའི་གལ་ཆེའི་རང་བཞིན་སྐོར་ཡིན་པ་རེད།

          མཇལ་འཕྲད་སྐབས་ཞི་ཅིན་ཕེང་གིས། ང་ཚོས་ཨ་རི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀ་དང་། ས་ཁུལ། འཛམ་གླིང་ཁུལ་སོ་སོར་དོན་ཕན་ལྡན་པའི་མཉམ་ལས་བརྒྱུད། འཛུགས་སྐྲུན་རང་བཞིན་གྱི་རྣམ་པས་རྣོ་ཚོར་ཅན་གྱི་གནད་དོན་རིགས་ལ་དོ་དམ་བཏང་འཛིན། དེ་བཞིན་ཨ་རི་དང་རྒྱ་ནག་གི་འབྲེལ་བ་བཟང་བའི་རྣམ་པས་མང་པའི་རྣམ་པས་རྒྱལ་ཁབ་གཉིས་དང་འཛམ་གླིང་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུར་འབད་པ་བྱེད་འདོད་ཡོད། ཅེས་བརྗོད་འདུག

           ལྕམ་རཱ་ཡེ་སི་ལགས་ཀྱིས། ཞི་ཅིན་ཕེང་གི་འཚམས་གཟིགས་དེ་ཨ་རི་དང་རྒྱ་ནག་གི་འབྲེལ་བ་འཕེལ་རྒྱས་དང་སྐུལ་ འདེད་ཡོང་རྒྱུར་གོ་སྐབས་ཡག་པོ་ཞིག་ཡིན། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀ་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་འབད་པ་བྱེད་ཀྱིན་ཡོད། ཡིན་ན་ཡང་དེ་དང་མཉམ་དུ་ང་ཚོའི་བར་མངོན་གསལ་དོད་པོའི་འགལ་བ་དང་ཡང་ན་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཁག་ཅིག་ཀྱང་ཡོད། ང་ཚོས་མུ་མཐུད་དུ་འགལ་བ་དེ་དག་སེལ་ཆེད་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་བརྗོད་ འདུག

          ཞི་ཅིན་ཕེང་གིས་འཛུགས་སྐྲུན་རང་བཞིན་གྱི་རྣམ་པས་རྣོ་ཚོར་ཅན་གྱི་གནད་དོན་རིགས་ལ་དོ་དམ་བཏང་འཛིན་ཇི་ལྟར་བྱེད་རྒྱུ་ཡིན་པའི་སྐོར་འགྲེལ་བཤད་བྱས་མེད།
ལྕམ་རཱ་ཡེ་སི་སྲིད་འཛིན་ཞི་ཅིན་ཕེང་དང་མ་ཐུག་གོང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཡང་ཇེ་ཁྲི་དང་། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཧྥན་ཁྲང་ལོང་སོགས་དང་མཇལ་འཕྲད་གནང་ཡོད་ཅིང་། གླེང་བྱའི་བརྗོད་བྱ་གོང་ཞུས་ནང་བཞིན་མཐུན་པ་གནས་ཐབས་དང་མི་མཐུན་པ་སོར་འཇོག་ལས་གསར་བ་ཅི་ཡང་མི་འདུག

         ཞི་ཅིན་ཕེང་གིས་ཉིན་གཅིག་དུས་གཅིག་ལ་དབང་ཆ་ཡོད་ཚད་བཟུང་རྗེས། ཕྱི་འབྲེལ་གྱི་ཆ་ནས་ཏེང་ཞོ་ཕེང་གི་ངར་སྐུང་ཤེས་སྐུམ་གྱི་ཕྱི་སྲིད་དོར་ནས་ཞི་ཅིན་ཕཅང་གིས་ཧ་ཅང་གིས་བཙན་མཁྲེགས་ཆེ་བའི་སྲིད་ཇུས་བཟུང་སྟབས། ཨ་རི་ཐེ་བའི་ཕྱོགས་སོ་སོའི་སེམས་ཁུར་བསླངས་ཡོད། དེ་མིན་ཨ་རི་དང་རྒྱ་ནག་བར་དྲྭ་རྒྱའི་བདེ་འཇགས་ཐད་འགལ་བ་ཆེན་པོ་ཡོད་པ་དང་། གཞན་ཉེ་ལམ་རྒྱ་ནག་གིས་གློ་བུར་དུ་སྒོར་མོའི་འཛའ་ཐད་ཇེ་དམའ་རུ་བཏང་བར་བརྟེན། རྒྱ་ནག་གཞུང་གིས་སྒོར་མོའི་འཛང་ཐང་བཀོལ་སྤྱོད་ཀྱི་གླེང་ཕྱོགས་དེ་ཡང་བསྐྱར་ལངས་ཡོད་པ་དང། ལྷག་དོན་ཞི་ཅིན་ཕེང་གིས་ནུབ་ཕྱོགས་ལ་དགྲ་འཛིན་ཀྱི་ལྟ་བ་དང་། ཉེ་ལམ་ཁྲིམས་རྩོད་པ་གྲངས་མང་འཛིན་བཟུང་དང་བཀག་ཉར་སོགས་བྱས་པའི་ཐད་ཞི་ཅིན་ཕེང་གི “ཁྲིམས་སྐྱོང་གི་རྒྱལ་ཁབ ” ཅེས་པའི་བཤད་སྲོལ་དེ་དོན་དང་མཐུན་པ་ཞིག་ཡིན་མིན་ལ་དོགས་པ་ཟོས་ཡོད་པ་རེད།

         ལོ་སྔོན་མའི་ཕྱི་ཟླ ༡༡པར། པེ་ཅིང་དུ་བསྐོངས་པའི་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོ་དཔལ་འབྱོར་མཉམ་འབྲེལ་ལྷན་ ཚོགས་སྟེང་ཞི་ཅིན་ཕེང་དང་ཨ་རིའི་སྲིད་ཨོ་བྷ་མ་གཉིས་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་དབུ་ཁྲིད་གཉིས་ཀས་གནམ་གཤིས་འགྱུར་ལྡོག་གནད་དོན་ཐད་མཉམ་དུ་གདོང་ ལེན་བྱ་རྒྱུ་དང་། ཕྱོགས་གཉིས་ཀའི་འབྲེལ་བ་ཇེ་བཟང་དུ་གཏོང་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་པ་རེད།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading