དཔར་འབྱོར་ཉམས་ཆག བློ་ཁ་གཞན་སྒྱུར།

འབྲོག་མྱི།

       འོད་ལམ་ལམ་གྱི་ཚན་རིག་དང་ལག་རྩལ་མཐོན་པོའི་ གོ་མཚོན། དམག་མི་ཆིག་ཁྲི་ཉིས་སྟོང་གིས་གྲུབ་པའི་རུ་སྒྲིག་དམག་དཔུང་གིས་གོམ་པ་མཉམ་ལེན་དང་སྐད་འབོད་མཉམ་རྒྱག འཐབ་འཁྲུག་གནམ་གྲུ་ཁྱུ་དང་ཁྱུ་བྱས་ཏེ་བར་སྣང་ཏུ་ངར་གྱི་འཕུར་ཤུལ་ན་དར་ཚོན་སྣ་ལྔའི་དུ་བའི་རི་མོ་སོགས་ནི་ཇི་འདྲི་ཡིད་སྤྲོ་བ་ཞིག་རེད་ཨང་། དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ཁག་ཁྲོད་ལྷག་པའི་རྒྱ་ནག་ལ་མཚོན་ན། མི་རྣམས་ཧ་ལས་ཧོན་ཐོར་འགྲོ་བའི་དམག་གཟིགས་མཛད་སྒོ་དེ་ལྟ་བུ་ཞིག་ཧ་ཅང་དཀོན་པོ་ཡིན་ལ། དེས་སེམས་ཁྲལ་ཆེ་ཞིང་བློ་མི་བདེ་པའི་མི་རྣམས་པའི་བློ་ཁ་གཞན་ལ་བསྒྱུར་ནུས།

       རེས་གཟའ་ཕུར་བའི་ཉིན། རྒྱ་ནག་གིས་རྒྱལ་ཡོངས་རང་བཞིན་གྱི་དུས་སྟོན་གསར་བ་ཞིག་སྤེལ་འཆར་ཡོད་ལ། དེ་ལ་རི་འགོག་དམག་འཁྲུག་མཇུག་བསྒྲིལ་ནས་ལོ་ངོ ༧༠ འཁོར་བའི་དུས་དྲན་མཛད་སྒོ་ཟེར། རྒྱ་ནག་རྒྱ་ཡོངས་སུ་ཉིན་གསུམ་རིང་གཞུང་འབྲེལ་ངལ་གསོ་བཏང་ཡོད་པ་དང་། ས་ཁུལ་སོ་སོ་རུ་འབྲེལ་ཡོད་བྱེད་སྒོ་སྤེལ་ངེས་རེད། རྒྱལ་ས་པེ་ཅིང་དུ་གནམ་ས་འགུལ་པའི་བརྗིད་ཆགས་ངང་འཁྲབ་སྟོན་བྱ་རྒྱུ་རེད། ཞི་ཅིན་ཕེང་གིས་དམག་གཟིགས་མཛད་སྒོ་སྤེལ་དགོས་པའི་བཀའ་ཕབ་དུས། རྒྱ་ནག་ནང་དཔལ་འབྱོར་གྱི་གོད་ཆག་རིགས་འདི་དག་བྱུང་མེད་མོད། རྒྱ་ནག་དམར་པོའི་གཞུང་ལ་མཚོན་ན། མཛད་སྒོ་དེ་སྤེལ་བའི་དུས་ཚོད་དེ་མ་བསྒྲིགས་ལྷུན་གྱིས་གྲུབ་ཡོད། ཟླ་ཤས་ནས་བྱུང་བའི་མ་རྐང་ཁྲོམ་རའི་ཟགས་ཆག་གིས་རྒྱ་དམར་གཞུང་མགོ་ཞགས་ཞགས་གདོང་རལ་རལ་དུ་བཏང་ཡོད་ལ། དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་འགྲོ་བའི་སེམས་ཁྲལ་གྱིས་སྤྱི་ཚོགས་ཟང་ཟིང་སློང་མི་སྲིད་པ་གཏན་ནས་མིན།
 རྒྱ་ནག་དམར་གཞུང་གི་ཁྲིམས་མཐུན་རང་བཞིན་དེ་གཙོ་བོ་དཔལ་འབྱོར་མུ་ནས་མུ་རུ་འཕེལ་ཐུབ་མིན་ལ་རག་ལས་ཡོད། ཉེ་ལམ་བསྟུད་མར་བྱུང་བའི་དཔལ་འབྱོར་ཉམས་རྒུད་ཀྱིས་རྒྱ་ཆེའི་རྒྱ་ནག་མི་དམངས་ལ་རྒྱ་དམར་གཞུང་ལ་ནུས་པ་དེ་ཡོད་མེད་ཐད་དོགས་པ་ཟ་རུ་བཅུག་ཡོད། ཞི་ཅིན་ཕེང་གིས་དམག་གཟིགས་བརྒྱུད་དེ་སྔོན་ལས་ཀྱང་ཐལ་དྲགས་པའི་མི་རིགས་རིང་ལུགས་ངར་ཤུགས་ཤིག་སློང་འདོད་ཡོད་པ་རེད། སྤྱི་ཚོགས་ཀྱི་འགལ་བ་བསྟུད་མར་ཛ་དྲག་ངང་གནས་དུས། རྒྱ་ནག་གཞུང་གིས་མི་མང་གི་བློ་ཁ་སྒྱུར་དགོས་ཀྱིན་ཡོད་ལ། ཡིན་དང་ཡིན། དམག་གཟིགས་མཛད་སྒོ་དེ་མི་རིགས་རིང་ལུགས་སྐུལ་སློང་བྱེད་པའི་བྱེད་ཐབས་ཡག་པོ་ཞིག་ཡིན།

       མཛད་སྒོ་དེར་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ ༧༠འཁོར་བ་ཞེས་པའི་མཚན་སྙན་བཏགས་ཡོད་ཀྱང་། བསམ་བློ་ཞིབ་ཏུ་བཏང་བའི་ཇུས་འགོད་བརྒྱུད། ཞི་ཅིན་ཕེང་གི་རྒྱ་ནག་གི་རྨི་ལམ་ཞེས་པའི་དམིགས་ལྗོངས་དེ་མཚོན་ཐབས་བྱས་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་འདས་ཟིན་པའི་ལོ་རྒྱུས་བཀོལ་སྤྱོད་ཀྱི་བྱ་སྤྱོད་དེས་དམག་ ཆེན་གཉིས་པའི་ལོ་རྒྱུས་རྫུན་བཟོ་འཁྱོག་བརྗོད་བྱས་པའི་སྐྱོན་བརྗོད་རེག་ཡོད། དེ་མིན་དམག་གཟིགས་མཛད་སྒོའི་སྟེང་ཨུ་རུ་སུ་དང་ལྷོ་ཀོ་རེ་ཡའི་སྲིད་འཛིན། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོ་བཅས་དབུ་ཁྲིད་ཉུང་ཉུང་ཞིག་ལས་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་གཙོ་གྲས་ཀྱི་དབུ་ཁྲིད་ཞུགས་མེད་ལ། ཐ་ན་བྱང་ཀོ་རེ་ཡའི་སྲིད་འཛིན་ཀེམ་རྒྱགས་གསུམ་པ་ཡང་ཡོང་མེད།

         སྲོལ་རྒྱུན་ལྟར་ན། རྒྱ་ནག་གིས་ལོ་བཅུ་རེའི་མཚམས་སུ་དམག་གཟིགས་ཐེངས་རེ་བྱེད་སྲོལ་ཡོད། ཞི་ཅིན་ཕེང་གིས་སྲོལ་རྒྱུན་དེ་གཏོར་བརླག་བྱེད་དོན་ཐད་རྒྱ་ནག་པ་སྐོར་ཞིག་ གིས་དོགས་འདྲི་བྱས་འདུག

         ལོ་རྒྱུས་སྨྲ་བས་རི་འགོག་དམག་འཁྲུག་གི་འགན་འཁུར་མཁན་ཅང་ཇེ་ཧྲིས་དབུ་ཁྲིད་པའི་གོ་མིན་ཏང་དམག་དཔུང་ཡིན་པ་ལས། མའོ་ཙེ་ཏུང་གི་གུང་ཁྲན་ཚོགས་པའི་ངེས་མེད་རྒོལ་རྡུང་རུ་ཁག་མིན་པར་ངོས་འཛིན་བྱས་ཡོད། དེ་བཞིན་ཉི་ཧོང་ཕམ་དོན་དང་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་རྫོགས་དོན་ཡང་ཨ་རིས་ཉི་ཧོང་གི་ཧེ་རོ་ཞི་མ་དང་ནཱ་ག་ས་ཀི་གྲོང་ཁྱེར་དུ་རྡུལ་ཕྲན་མཚོན་ཆ་བརྒྱབས་པར་བརྟེན་མཇུག་རྫོགས་པ་ལས་རྒྱ་ནག་གི་རྒྱལ་ཁ་ཞིག་གཏན་ནས་མིན་པ་འཛམ་གླིང་ཁྱོན་ཡོངས་སུ་གཅིག་གྱུར་གྱི་མོས་མཐུན་ཡོད།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s