འབྲོག་མྱི།

           རྒྱ་ནག་གིས་ཞི་བདེའི་ངོ་བོས་དྲག་ཤུགས་ངོམ་པ་རེད་ཅེས ༼ ཝ་ཞིན་ཊིན་སྦྲག་ཟམ ༽གྱིས་དཔྱད་བརྗོད་སྤེལ་འདུག

           ཕྱི་ཟླ ༩ ཚེས ༣ ཉིན། རྒྱ་ནག་གཞུང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་སྤེལ་བའི“དགུ་ གསུམ”དམག་ཤོམ་མཛད་སྒོ་དེས་འཛམ་གླིང་ཧྲིལ་བོའི་དོ་སྣང་བཀུག་ཡོད། ཨ་རིའི་ཚགས་ཤོག་གྲགས་ཅན༼ཝ་ཞིན་ཊིན་སྦྲག་ཟམ༽གྱི་ཆེད་བརྗོད་རྩོམ་ཡིག་ནང་། རྒྱ་ནག་གཞུང་གིས་སྤེལ་བའི་དམག་ཤོར་མཛད་སྒོ་དེའི་མིང་ལ “འཛམ་གླིང་འཁྲུག་ཆེན་གཉིས་པ་དང་། ཉི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ ༧༠ འཁོར་བའི་ཞི་བདེའི་མཛད་སྒོ” ཞེས་བཏགས་ཡོད་མོད། དོན་དམ་པའི་ཨ་རི་གཙོ་བོ་ཡིན་པའི་རྒྱ་ནག་གི་མཐའ་འཁོར་རྒྱལ་ཁབ་དག་ལ་རྒྱ་ནག་ གི་དྲག་ཤུགས་དང་དམག་ཤུགས་ངོམ་པ་ཧ་ཅང་གསལ་བོ་རེད། གལ་སྲིད་ཨ་རི་གཞུང་གི་ཇུས་ཐག་གཅོད་མཁན་ག་གེ་མོ་ཞིག་གིས་མངོན་གསལ་དོད་པོའི་བརྡ་རྟགས་དེ་འཛིན་མ་ཐུབ་ཚེ། གཟབ་གཟབ་ཡིད་འཇོག་གནོངས་དང་། རྒྱ་ནག་གི་དམག་གི་གྲུ་གཟེངས་ལྔ་རྒྱ་ནག་གི “དགུ་གསུམ” དམག་ཤོམ་གྱི་ཉིན་མོ་དེར་ཨ་མེ་རི་ཀའི་བྷེ་རིང (Bering Strait ) མཚོ་འགག་གི་མཚོ་ཁུལ་བརྒྱུད་ནས་ཕྱིན་ཡོད་ལ། ཏག་ཏག་སྐབས་དེ་དུས། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཚོ་འགག་དེའི་ཉེ་འབྲེལ་མངའ་སྡེ་ཨཱ་ལ་སི་ཀཱ་རུ་གཟིགས་སྐོར་གནང་མུས་སུ་རེད། ཅེས་དང་།

           ཡང ༼ ཝ་ཞིན་ཊིན་སྦྲག་ཟམ ༽གྱི་ཆེད་བརྗོད་དཔྱད་རྩོམ་དེའི་ནང་།  རྒྱ་ནག་གཞུང་གིས་དམག་མི་འབུམ་གསུམ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ལུགས་འཛེམ་བག་ མེད་པར་འུད་སྒྲོག་བྱས་ཡོད་པ་དེ་གོ་ཚོར་ལ་ཡག་རྟགས་ཤིག་སྣང་ཡང་། དོན་ངོ་མའི་དམག་དོན་དཔྱད་བརྗོད་མཁན་མང་པོས་བཏོན་པ་ནང་བཞིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་བསྒྲགས་པ་ཇི་བཞིན་དམག་མི་འཕྲི་བསྡུའི་གོ་སྐབས་དེར་བསྟུན་ནས་འཛམ་གླིང་ཞི་བདེ་ལ་སྐུལ་འདེད་གཏོམ་འདོད་མ་ཡིན་པར། གོ་སྐབས་དེ་བཟུང་ནས་ཐོན་ཁུངས་དེ་ལས་མང་པ་མཚོ་དམག་དང་མཁའ་དམག་དེང་རབས་ཅན་ལ་བསྒྱུར་རྒྱུའི་ལས་དོན་ཆེད་གཏོང་རྒྱུ་ཡིན་པ་རེད། དེ་དང་མཉམ་དུ་ཤེས་རྒྱུ་ཞིག་ནི། དམག་མི་འབུམ་གསུམ་འཕྲི་བསྡུ་བྱས་ཀྱང་། རྒྱ་ནག་གི་ད་ལྟའི་དམག་མིའི་གྲངས་འབོར་དེ་ད་དུང་ཡང་ས་ཡ་གཉིས་ཡོད་པས། གྲངས་ཀ་དེ་ཨ་རིའི་དམག་མིའི་གྲངས་ཀའི་ལྡབ་གཉིས་རེད། ཅེས་བཀོད་འདུག

           ༼ཝ་ཞིན་ཊིན་སྦྲག་ཟམ༽ གྱི་རྒྱ་ནག་གི་དམག་ཤོམ་སྒོར་གྱི་ཆེད་བརྗོད་དཔྱད་རྩོམ་དེའི་སྤྱི་བསྡོམས་ཞིག་ བྱས་ཡོད་པ་འདི་ལྟ་སྟེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་ལ་ད་ལྟའི་རྒྱ་ནག་གི་དཔལ་འབྱོར་གྱི་གནད་དོན་ ཚབས་ཆེན་ཡིན་པའི་སྐབས་འདི་རུ། མཐའ་འཁོར་རྒྱལ་ཁབ་ལ་དམག་སྣ་དྲང་རྒྱུའི་ནུས་ཤུགས་ཡོད་མི་སྲིད། དེ་ལས་གཞན་ཞིག་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐུ་ཞབས་ཞིན་ཅིན་ཕེང་དམག་ཤོམ་བརྒྱུད་རྫིག་ཉམས་ སྟོན་ཐབས་བྱེད་པའི་དབང་བསྒྱུར་བ་དག་གི་རྗེས་སུ་མི་འབྲང་རྒྱུ་དང་། དེ་ལས་ལྡོག་དེ་ལྷག་བསམ་རྣམ་དག་གིས་ས་ཁུལ་ཞི་བདེ་བསྐྲུན་ཐབས་སུ་རྒྱལ་ཁབ་ཆེན་ པོ་ཞིག་གི་འོས་འགན་ཁུར་ལེན་བྱེད་རྒྱུའི་རེ་བ་བཅངས་ཡོད་པ་བཅས་རེད།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading