September ༢༠, ༢༠༡༥

རྩོམ་ཡིག སྙན་ངག -0 Minutes

སུན་སྣང་གི་ཆིག་ལབ།

འོད་དཀར། སྨག་ནག་པའི་མཚན་མོ་རེ་རེ། སུན་སྣང་དང་སྐྱོ་གདུང་གིས་ཕར་ལ་བསྐྱལ། ད་ནི་སང་ཉིན་ཏེ། བོད་སྐད་མི་གོ་ཞིང་། བོད་པ་མི་མཐོང་བའི་སང་ཉིན་ཏེ། སྐྱོ་སྡུག་གི་ཉི་མ་རིང་པོ་ཅི་ལྟར་བསྐྱལ་དགོས། ཁེར་རྐྱང་གི་ཆིག་ལབ་རེ་རེ། རླུང་བུར་གཤིབ་ནས་དལ་གྱིས་ཆས་སོང་། ཕ་ཡུལ་གྱི་རི་ཆུ་ལུང་གསུམ་དྲན་པའི་གདུང་བ་རེ་རེ། གཙང་ཆེན་ཞིག་གི་བཞུར་འགྲོས་ལ་བཅོལ་ཡོད། ས་མཐའ་ས་མཐའ་སྟེ། ཡུལ་མཐའ་ལུང་མཐའ་འདི་ནས། ཅི་ཞིག་ལ་རེ་ཞིང་སྒུག་ཡོད། ཆ་མི་སྙོམས་པའི་སྐྱོ་སྣང་གི་དྲི་བ་རེ་རེ། སུ་ལ་འདྲི་འོས། དོ་མི་མཉམ་པའི་ལས་དབང་གི་འཁང་ར་རེ་རེ། སུ་ལ་བྱ་འོས། མེས་པོ་ཚོའི་དཀའ་སྤྱད་ལས་གྲུབ་པའི་ལོ་རྒྱུས་ཀྱི་གླེགས་བམ་དེ་དག ང་ཚོ་དང་རྒྱང་རིང་ལ་ཆས་སོང་། ནང་ཁུལ་ཁོ་ནར་ངར་བཞིན་པའི་མི་རིགས་འདི། གདོང་དམར་པའི་བུ་རབས་ཚ་རྒྱུད་ཡིན་ནམ། སྐབས་རེ་རང་ཉིད་ཀྱི་དོན་ལྔ་སྣོད་དྲུག་ལ་ཡང་ཡིད་ཆེས་དཀའ་བའི་དེ་རིང་། ཤི་བ་ནི་འཇིགས་སྐྲག་ཅིག་མིན་པར་སྤྲོ་སྣང་དུ་ཚོར། ༢༠༡༥།༡༠། ༢༠ ངེད་དྲ་ཚིགས།...
དེ་ལས་མང་པ།