རྒྱ་ནག་གི་ས་གཤིས་ནས་ཨ་རིར་འགྲན་སློང་ཆོག

འབྲོག་མྱི།

       ཨ་རིའི་དམག་དོན་བློ་འདྲི་སའི་ལས་ཁུངས་རན་ ཌི་ཞིབ་འཇུག་ལྟེ་གནས་ཁང(Rand Corp.)གིས་ཉེ་ལམ་གསར་ཏུ་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་གི་དམག་དོན་རྒྱ་སྐྱེད་ལས་དོན་དེ་བྱ་ལྟར་མྱུར་བའི་འགྲོས་ཀྱིས་ཨ་རིའི་རྗེས་སྙེག་གིན་ཡོད། ལག་རྩལ་དང་ནུས་པའི་ཐད་ད་དུང་ཡིན་ཡང་ཨ་རི་དང་རྒྱང་ཐག་ངེས་ཅན་ཞིག་ཡོད། འོན་ཀྱང་། ས་གཤིས་ས་བབ་ཁྱད་ཏུ་འཕགས་པའི་དགེ་མཚན་ཅན་གྱི་ཐེ་ཝན་དང་། ལྷོ་རྒྱ་ནག་རྒྱ་མཚོ་སོགས་ལས། རྒྱ་ནག་གིས་སྒམ་བརླིང་གཟབ་ནན་ངང་ཨ་རི་ལ་འགྲན་སློང་རྒྱུར་དམག་ཤུགས་ཀྱིས་འདང་ངེས་ཡིན། དེའི་སྟབས་ཀྱིས། ཝ་ཞིན་ཊིན་གྱིས་ངེས་པར་དུ་བསམ་བློ་ཞིབ་མོ་བཏང སྟེ་གདོང་ལེན་ཐབས་ཇུས་འཚོལ་ གྲུབ་བྱས་ནས། རྒྱ་ནག་གིས་ཨ་རིའི་དམག་ཤུགས་ཉམས་དམས་སུ་སོང་བར་བསམ་ནོར་ཐེབས་སྟེ་འཐབ་འཁྲུག་ གི་ལམ་ཁར་ལས་སླ་བོར་ཞུགས་རྒྱུར་གཡོལ་འགོག་ཐུབ་དགོས། ཞེས་བཀོད་འདུག

         ཁ་བྱང་ལ ༼ ཨ་རི་དང་རྒྱ་ནག་གི་དམག་དོན་ཚད་ལེན་བྱང་བུ ༽ཞེས་པའི་ཤོག་གྲངས ༤༣༠ ཅན་གྱི་སྙན་ཐོ་དེའི་ནང་དོན་གཙོ་བོར། ཨ་རི་དང་རྒྱ་ནག་གཉིས་ཀྱི་མཚོ་ཁུལ་དང་མཁའ་ཁུལ་གྱི་འཐབ་འཁྲུག་ནུས་ཤུགས། དེ་བཞིན་བར་སྣང་ཁམས་དང་། དྲྭ་རྒྱ། རྡུལ་ཕྲན་ནུས་ཤུགས་ལ་དཔྱད་དཔོག་བྱས་ཡོད་པ་དང་། སྙན་ཐོ་དེས་རྒྱ་ནག་གི་མཚོ་ཁའི་འགྲམ་ཐིག་ནས་སྤྱི་ལེ ༡༦༠ དང ༤༣༠ ཡོད་པའི་ཐེ་ཝན་དང་སི་པུར་ཊི་ལེ་གླིང་ཚོམ(Spratly Islands)༼རྒྱ་ནག་གིས་དེར་ནན་ཧྲ་གླིང་ཚོམ་ཟེར༽གཉིས་དམག་དོན་གདོང་གཏུག་བྱུང་ སྲིད་པའི་ས་ཁུལ་གྱི་དབང་དུ་བཏང་ནས་དཔྱད་དཔོག་བྱས་ཡོད་པ་མ་ཟད། ད་དུང་ཕྱི་ལོ ༡༩༩༦ དང་། ༢༠༠༣། ༢༠༡༠། ༢༠༡༣ བཅས་ལོ་བཞི་ཡི་མཁའ་ཁུལ་དང་། མཚོ་ཁ། བར་སྣང་ཁམས། དྲྭ་རྒྱ། རྡུལ་ཕྲན་ནུས་ཤུགས་སོགས་དམག་དོན་བྱ་འགུལ་ཁྱབ་ཁོངས ༡༠ ལ་གཞིགས་ནས་ཨ་རི་དང་རྒྱ་ནག་གི་དམག་དོན་ནུས་ཤུགས་ཀྱི་འཕེལ་རྒྱས་ཐད་ཞིབ་བཤེར་དང་དཔྱད་དཔོག་བྱས་འདུག
སྙན་ཐོ་ཡིས། ཕྱི་ལོ ༡༩༩༦ལོས་ནས་བཟུང་། རྒྱ་ནག་གི་དམག་ཤུགས་ཧ་ལས་དགོས་པའི་འཕེལ་རྒྱས་ཕྱིན་ཡོད་པ་དང་། ཕྱོགས་ཡོངས་ཀྱི་ནུས་ཤུགས་ཐད་ནས་བསྡུར་ན་ཨ་རི་དང་རྒྱང་ཐག་ངེས་ཅན་ཞིག་ཡོད་ མོད། རང་ཉིད་ཀྱི་ཉེ་འཁོར་ས་ཁུལ་དུ་ཨ་རིའི་རྗེས་ཟིན་མི་དགོས་པར་ཨ་རི་ལ་འགྲན་སློང་ཆོག་ཆོག་ཡིན་ཞིང་། ཚད་ཡོད་པའི་དམག་དོན་དམིགས་ཡུལ་གྱི་ཆ་རྐྱེན་འཛོམས་ཡོད། ཅེས་བཀོད་འདུག

        དཔེར་ན། དཔྱད་དཔོག་དང་པོ་ནི་རྒྱ་ནག་གི་ཨ་རིའི་དམག་དོན་རྟེན་གཞིར་དཔུང་འཇུག་གི་ནུས་ཤུགས་རེད། སྙན་ཐོའི་ནང་འདི་ལྟར་བཀོད་འདུག ཕྱི་ལོ ༡༩༩༦ ནས ༡༩༩༧ ལོའི་བར་ཐེ་ཝན་དང་མཚོ་འགག་གི་དོན་རྐྱེན་བྱུང་རྗེས། ཕྱི་རོལ་ཡུལ་གྲུས་གལ་ཏེ་རྒྱ་ནག་གིས་ཐེ་ཝན་ལ་འཇབ་རྒོལ་དཔུང་འཇུག་བྱས་ཚེ། འབྲིང་སྙོབ་འཕུར་མདས་ཐེ་ཝན་གྱི་དམག་དོག་རྟེན་གཞི་རྩ་གཏོར་གཏོང་ངེས་ཡིན་པ་ མཐའ་གཅིག་ཏུ་ཡིད་ཆེས་བྱས་ཡོད། འོན་ཀྱང་། དེ་རིང་བསམ་བློའི་འཆར་སྒོ་དེ་འགྱུར་བ་ཐེབས་ཟིན་པ་རེད། རྒྱ་ནག་བཅིངས་འགྲོལ་དམག་གི་དཔུང་འཇུག་ཁྱབ་ཁོངས་དེ་རྒྱ་སྐྱེད་ནས་ཉི་ཧོང་གི་ཨོ་ཁི་ནཱ་བ་ན་ཡོད་པའི་ཨ་རིའི་ཁཱ་དེ་ནཱ་མཁའ་དམག་རྟེན་གཞི་ཀྱང་ཁེབས་ཡོད་པ་ངེས་པར་དུ་ཤེས་དགོས། རྒྱ་ནག་གི་འཕུར་མདའི་གྲངས་ཀ་དེའང་ཧ་ཅང་ཉུང་ཉུང་ཞིག་ནས་དེ་རིང ༡༤༠༠ ལྷག་ཡོད། གལ་སྲིད་ཁཱ་དེ་ནཱ་མཁའ་དམག་རྟེན་གཞིར་འཇབ་རྒོལ་ཐེབས་ཚེ། ཨ་རིའི་འཐབ་འཁྲུག་གནམ་གྲུ་རྒྱང་ཐག་རིང་བའི་ཨ་རིའི་ཨ་ལཱ་སི་ཀ་དང་ཧོ་བཱ་ཡེ་སོགས་ནས་འཕུར་དགོས་བས། རྒྱག་ཐག་རིང་པོ་ཞིག་ལ་འཕུར་བའི་རྗེས་ད་གཟོད་རྒྱ་ནག་གི་བཅིངས་འགྲོལ་དམག་དང་འཐབ་འཛིང་བྱེད་དགོས།
ཡང་སྙན་ཐོ་དེའི་ནང་། རྒྱ་ནག་གི་དངོས་ཡོད་སྟོབས་ཤུགས་ཨ་རི་དང་བསྡུར་ན་རྒྱང་ཐག་ཧ་ཅང་རིང་ཡང་། ད་ལྟ་ནས་ཨ་རི་ལ་འགྲན་སློང་རྒྱུའི་ནུས་པ་འཛོམས་ཡོད། རྒྱ་ནག་གི་ས་གཤིས་ས་བབ་ཁྱད་འཕགས་ཡིན་པའི་དགེ་མཚན་གྱིས་ཨ་རིའི་དམག་དོན་ནུས་ཤུགས་འགའ་ནུས་མེད་དུ་གཏོང་ཐུབ། དེ་བཞིན་དུ་རྒྱ་ནག་བཅིངས་འགྲོལ་དམག་གི་དམག་དོན་སྒྲིག་ཆས་ནུས་པའང་ལེགས་བཅོས་སྤུས་དག་ཏུ་གཏོང་མུས་སུ་ཡིན་པས། མ་འོངས་པར “བར་ཐག”དང “ས་བབ་ཆགས་ཡུལ”ནི་ཕྱོགས་གཉིས་ཀའི་དམག་དོན་དམིགས་ཡུལ་འགྲུབ་མིན་གྱི་རྒྱུ་ རྐྱེན་གཙོ་བོ་དེ་ཡིན།

        དེ་མིན་ཡང་སྙན་ཐོའི་ནང་། གལ་ཏེ་མ་འོངས་པའི་ལོ ༥ ནས ༡༥འི་བར། ཨ་རི་དང་རྒྱ་ནག་གཉིས་ཀས་དམག་དོན་ཐད་ད་ལྟའི་འཕེལ་རྒྱལ་གྱི་རྣམ་པ་འདི་བཟུང་ ཚེ། ཨེ་ཞི་ཡའི་རྒྱལ་ཁབ་ཁག་གིས་མཐོང་ལམ་དུ་སྣང་དུ་ཤར་བ་ནི་ཨ་རིའི་ས་ཁུལ་དབུ་ ཁྲིད་ཀྱི་གོ་ས་དེ་རིམ་བཞིན་ཇེ་ཆུང་དུ་འགྲོ་བཞིན་པའི་རྣམ་པ་ཞིག་ཡིན་ལ། གལ་སྲིད་གདོང་གཏུག་རིགས་བྱུང་ཚེ་བཅིངས་འགྲོལ་དམག་ལ་དུས་ཡུན་ཐུང་ངུར་མཚོ་ཁུལ་དང་མཁའ་ལམ་བཏང་འཛིན་བྱེད་རྒྱུའི་ནུས་པ་ཡོད་ལ།  ཨ་རི་ཕམ་པར་རྒྱག་མི་དགོས་པའི་གནས་སྟངས་འོག་རྒྱ་ནག་གི་ཚད་ཡོད་ཀྱི་དམག་དོན་ དམིགས་ཡུལ་འགྲུབ་སྲིད་པ་ཞིག་རེད། ཅེས་བཀོད་ཡོད་པ་རེད།

         ཨ་རི་དང་རྒྱ་ནག་གི་དམག་དོན་དངོས་ཡོད་སྟོབས་ཤུགས་ལ་དཔྱད་དཔུང་ཞིབ་བཤེར་བྱས་རྗེས། སྙན་ཐོ་ཡིས་བཏོན་པའི་ཉེན་བརྡ་ནི། གཅིག་བགྱིས་ནས་མི་རྣམ་པའི་སེམས་ཁྲལ་ཆེ་ཤོས་དེ་དམག་དོན་ཆབ་སྲིད་ཀྱི་རིམ་པ་ དེ་ཡིན་རྒྱུ་རེད།  རྒྱ་ནག་ལ་ཨ་རིའི་དབུ་ཁྲིད་པའི་གོ་སར་འགྲན་སློབ་རྒྱུའི་ནུས་པ་ལྡན་ཡོད་པས། རྒྱ་ནག་གི་དབུ་ཁྲིད་ཚོར་བསམ་ནོར་ཐེབས་ནས་གལ་ཏེ་མཐའ་འཁོར་རྒྱལ་ཁབ་བར་དམག་འཐབ་རིགས་བྱུང་ཚེ་ཁོང་ཚོས་འཇིགས་སྐུལ་ནས་ཨ་རི་འཐབ་འཁྲུག་ནང་ཞུགས་རྒྱུ་འགོག་ཐུབ་རྒྱུར་བློམ་ཡོད་པ་དེ་རེད། བསམ་ནོར་དེའི་དབང་གིས་ཨ་རིས་འཇིགས་སྐུལ་སྔོན་འགོག་གི་ནུས་པ་བཏོན་ནས་འཇིག་ ཉེན་འགོག་མི་ནུས་ལ། དེ་བཞིན་དུ་རྒྱ་ནག་གིས་དྲག་ཤུགས་བཀོལ་མིན་གྱི་གདམ་ཀའི་ཁྲོད་ལས་སླ་བོས་དམག་དོན་བྱེད་སྒོ་སྤེལ་རྒྱུ་གདམ་སྲིད་པ་རེད།
སྙན་ཐོའི་ནང་གནས་སྟངས་ལ་གཞིག་པའི་བསམ་འཆར་འགའ་བཏོན་པ་ནི།  པེ་ཅིང་གིས་ཨ་རིའི་དམག་ཤུགས་ཉམས་དམས་སུ་ཕྱིན་པར་བསམ་ནོར་ཐེབས་ནས་ནོར་འཁྲུལ་ཅན་གྱི་ཐག་གཅོག་བྱ་རྒྱུ་སྔོན་འགོག་གི་སླད་དུ། ཨ་རིའི་རྒྱལ་སྲུང་ལས་ཁུངས་ལ་ས་ཁུལ་བར་གཅོད་འགོག་རྒོལ་གྱི་ཕན་ནུས་ཅན་གྱི་འཐབ་ཇུས་ངེས་པར་དུ་ཡོད་དགོས། དེ་བཞིན་དུ་ཨ་རིའི་ངེས་པར་དུ་ས་ཁུལ་དང་རྒྱལ་ཁབ་བར་ཀྱི་འབྲེལ་བ་རྒྱ་སྐྱེད་དགོས་ལ། ནང་སྒོས་སུ་ཧྥེ་ལེ་པེན་དང་། ཝེ་ཐི་ནམ། ཧིན་ཏོའུ་ནེ་ཞི་ཡ། མཱ་ལེ་ཞི་ཡ་སོགས་ཀྱི་འབྲེལ་ལམ་ཇེ་བརྟན་ཇེ་ལེགས་སུ་བཏང་ནས། གལ་ཏེ་འཐབ་འཁྲུག་གི་གནས་སྟངས་ཤར་ཚེ། ས་ཁུལ་འདེ་དག་གི་དམག་དོན་སྒྲིག་ཆས་དང་རྟེན་གཞི་བཀོལ་སྤྱོད་ཐུབ་པའི་གྲ་སྒྲིག་ཨང་གསར་ཡོད་དགོས། དེ་དང་ཆབས་ཅིག ཝ་ཞིན་ཊིན་གྱི་གྲོས་ཐག་གཅོད་མཁན་མི་སྣ་ཚོས་པེ་ཅིང་གི་དབུ་ཁྲིད་ཚོར་ཡིད་ཆེས་ ཡོང་ཐབས་སུ། ཨ་རིའི་ས་ཁུལ་གྱི་དམག་དོན་ནུས་ཤུགས་ཉམས་དམས་སུ་ཕྱིན་མེད་པ་མ་ཟད། ཨ་རི་དང་དམག་དོན་གདོང་གཏུག་རིགས་བྱུང་བའི་ཚབས་ཆེའི་ཉེན་ཁ་ནན་བརྗོད་བྱེད་དགོས། ཞེས་སོགས་བཀོད་འདུག

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s