འགྲོ་མིའི་དཔལ་ཡོན་དར་བའི་མགོ་ཁུངས་གླེང་བ།

ཝེ་ཁེ་རིག་མཛོད་(Wikipedia) ཀྱི་དབྱིན་ཡིག་སྡེ་ཁག་ལས་གདམས་ནས་མོག་སྒྱུར་དང་མཐུན་སྒྱུར་གྱི་ཐབས་སྤྱད་ཡོད།

སྒྱུར་སྒྲིག་པ། པཎ་ཆེན་རྒྱལ།

        མི་རིགས་ཀྱི་ཡབ་མེས་ཐོག་མ་བྱུང་བའི་དུས་རབས(ལོ་ངོ་ས་ཡ་གཉིས་ནས་གསུམ་ཡར་མར་གྱི་ཡར་སྔོན།)ནི་རྡོ་ཆས་དུས་རབས་རྙིང་བ་ཡིན་ལ། མི་དང་དུད་འགྲོའི་ཁྱད་པར་འབྱེད་པའི་དུས་མཚམས་ཀྱང་ཡིན།  དུད་འགྲོ་དང་མིའི་ཁྱད་པར་གཙོ་བོ་ནི་ལག་ཆ་བཀོལ་ཤེས་མིན་ཐད་ནས་འཇོག་ལ་དེ་ནི་ཀླད་ཤུགས་ངལ་རྩོལ་འཕེལ་འགྱུར་བྱུང་བའི་དུས་མགོ་ཡང་ཡིན།

          སྤྱིར་དཔལ་ཡོན་ (civilization 文明) ནི་འཚོ་བ་སྐྱེལ་བའི་བརྒྱུད་རིམ་ནས་བྱུང་བའི་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་འགྱུར་བག་ཅིག་ཡིན་ལ།  དེ་བྱུང་བའི་རྒྱུ་གཙོ་བོ་ནི་འཚོ་བ། དཀའ་ངལ། འབྲེལ་འདྲིས་བཅས་ཡིན། ཟ་འོས་པའི་ཤིང་ཐོག་དང་ཞིང་ཐོག་སོགས་ངོས་ཟིན་པའི་གསར་གཏོད་ལས་གསོག་ཉར་དང་བདག་ཐོབ་བྱེད་ཐུབ་བའི་བསམ་གཞིག་གི་འཕེལ་རྒྱས་བྱུང་མཐར།  གཅན་གཟན་དང་རི་དྭགས་སོགས་རྔོན་ནས་འབྲོག་ལས་ཀྱི་ལས་རིགས་ཉི་ཚེ་བ་ཞིག་བྱུང་བ་ནས་གནས་ངེས་མེད་ནས་འཚོ་བ་སྐྱེལ་བའི་འཕོ་འགྱུར་བྱུང་།  འདི་ལྟར་དུས་རབས་དང་དུས་རབས་བཞུད་མཐར། རང་གཤིས་དང་རིགས་མཐུན་པའི་མིའུ་རྣམས་ཀྱིས་ཁྱུ་བསྒྲིགས་པ་དང་དབང་དུ་བསྡུས་པ་སོགས་ཀྱི་བདག་འཛིན་གྱི་བློ་སྟོབས་འཕེལ་ནས་གྲལ་རིམ་ལམ་ལུགས་འདི་བྱུང་མགོ་ཚུགས།  རེད་དེ་གནས་ངེས་མེད། འཚོ་གཞིས་ངེས་མེད། སྐད་བརྡ་ངེས་མེད། ཁྱུ་གྲོགས་ངེས་མེད་ཀྱི་དུས་རབས་ནི་རྡོ་ཆས་རྙིང་མའི་དུས་རབས་ཡིན་ལ་ཤེས་རབ་བམ་བློ་གྲོས་འཕེལ་མགོ་བཙུགས་པའི་དུས་རབས་ཀྱང་ཡིན། འོན་ཀྱང་ཤེས་རབ་ལས་བསྐྱེད་པའི་རིག་གནས་འཁྲུངས་མེད། ད་དུང་རྡོ་ཆས་རྙིང་མའི་དུས་རབས་ནི་དཔལ་ཡོན་དར་བའི་རྒྱུར་གྱུར་བའི་དུས་རབས་མེད་དུ་མི་རུང་བ་ལས་དཔལ་ཡོན་དངོས་དར་བའི་དུས་རབས་ལ་སླེབས་མེད། རིག་གནས་དར་བའི་མགོ་ཁུངས་ནི་དཔལ་ཡོན་འཕེལ་བའི་དུས་རབས་དངོས་མ་དེ་ཡིན་ལ་དེ་ནི་རྡོ་ཆས་གསར་མའི་དུས་རབས་ཡིན། (Neolithic era) ལོ་ཚིགས་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ༡༠༠༠༠ ནས ༡༢༠༠༠ ཡས་མས་ཡིན་པར་ངོས་འཛིན་གྱིན་ཡོད།


དེ་ན་རྡོ་ཆས་གསར་མའི་དུས་རབས་ལ་དཔལ་ཡོན་གྱི་འཕོ་འགྱུར་གྱི་རིམ་པ་ཆེན་པོ་གསུམ་ཡོད་དེ་དེ་དག་ནི་གཤམ་གསལ་དུ་འཁོད་ཡོད།
རྡོ་ཆས་གསར་མའི་དུས་རིམ་དང་བོ།༼རྫ་ཆས་མ་བྱུང་བའི་རྡོ་ཆས་གསར་མའི་དུས་རབས་སྔ་མ།༽
Neolithic 1-Pre-pottery Neolithic A (PPNA)

          ཚོད་དཔག་ལྟར་ན་ལོ་ངོ་ཁྲི་གཅིག་ལྷག་གི་ཡར་སྔོན་དུ་ལེ་ཝན་ཋི (levant) ཞེས་པའི་ས་ཆ་ནས་འཕོ་འགྱུར་བྱུང་མགོ་ཚུགས་ཡོད། ལེ་ཝན་ཋི་ཞེས་པ་ནི་མེ་ཌེ་ཋི་རན་ནན་རྒྱ་མཚོའམ་ (Mediterranean) ད་ལྟ་མཚོ་དམར་ཞེས་པའི་རྒྱ་མཚོའི་ཤར་རྒྱུད་ལ་ངོས་འཛིན་བཞིན་ཡོད། དེ་ནི་ད་ལྟ་ཡོ་རོབ་ལྷོ་ཕྱོགས་དང་ཧྥེ་གླིང་བྱང་ཕྱོགས་ཀྱི་ས་མཚམས་ཀྱི་རྒྱལ་ཁབ་ཨ་ནཱ་ཋོ་རེ་ཡ་ (Anatoria) དང་ཨེ་ཅེབ (Egypt) ཀྱི་བར་མཚམས་ཤིག་ལ་ངོས་འཛིན་བཞིན་ཡོད།
སྐབས་དེར་འབྲོག་ལས་ཀྱི་རྔོན་པའི་རུས་སྡེ་བཙུགས་པ་དང་མཉམ་འཛོམས་བྱུང་སའི་ཁང་བ་དང་ཁྱིམ་གཞིས་མེད་རུང་རྟེན་དང་འདྲ་བའི་རྡོ་བརྩིགས་ཀྱི་མཆོད་རྟེན་རེ་བཞེངས་པ་སོགས་བྱུང་།  ད་དུང་ལག་རྩལ་གོང་འཕེལ་དུ་སོང་ནས་རྡོའི་ཀ་བ་བཟོ་བ་སོགས་ཀྱང་བྱུང་། གང་ལྟར་ལྷན་འདུ་དང་མཉམ་འཛོམས་ཀྱི་འཚོ་གཞིས་མགོ་བཙུགས་པ་ནས་ཞིང་འདེབས་ཀྱི་ལས་ཀ་བྱེད་པའི་རིག་པ་ཐོག་མ་རྙེད་མགོ་ཚུགས།  སྤྱི་ལོའི་སྔོན་གྱི་ལོ་ངོ ༩༥༠༠ ནས་ ༩༠༠༠ ཡར་སྔོན་ལ་སེ་ཡབ་ཤིང་འབྲས་ (figs) འདི་ངོས་ཟིན་ནས་སོན་འདེབས་ལས་རིགས་ཀྱི་རིག་པ་གསར་གཏོད་བྱུང་། ཚན་རིག་པས་ཧྥེ་གྷི (figs) ཞེས་པ་འདི་ནི་རང་སྟེང་གི་སྐྱེས་འཕེལ་མེད་པའི་འབུ་རིགས་ཤིག་ལ་ངོས་འཛིན་པ་དང་བྲེག་གཅོད་བཏུབ་གསུམ་གྱི་བྱ་སྤྱོད་ལས་དེའི་འབྲས་བུ་སྨིན་པ་སོགས་ཤེས། འདི་དག་ནི་སྐབས་དེར་བྱུང་བའི་དཔལ་ཡོན་ཡིན།


རྡོ་ཆས་གསར་མའི་དུས་རིམ་གཉིས་པ།༼རྫ་ཆས་མ་བྱུང་བའི་རྡོ་ཆས་གསར་མའི་དུས་རབས་ཕྱི་མ།༽
Neolithic 2-Pre-pottery Neolithic B(PPNB)

         ལོ་རབས་འདི་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ༨༨༠༠ གྱི་ཡར་སྔོན་ཙམ་ཡིན་པ་དང་ཡོ་རོབ་དང་ཧྥེ་གླིང་གི་མཚོ་འགྲམ་གྱི་མིའི་རིགས་ལ་རིག་པ་དང་འཚོ་བ་ལ་འཕོ་འགྱུར་བྱུང་བ་ཅུང་མགྱོགས། སྐབས་དེར་ཁྱིམ་ཐབས་བྱུང་མགོ་བཙུགས་པ་དང་ཁྱིམ་ཚང་དང་བཟའ་མི་བྱུང་མགོ་ཡང་ཚུགས། རིགས་མཐུན་ནམ་བཟའ་ཟླ་ཡང་ན་ཁྱིམ་མི་སོ་སོས་རང་བྱུང་གི་འཇིགས་པ་དང་མི་དང་སྲོག་ཆགས་གཞན་གྱི་འཇིགས་པ་འགོག་ཕྱིར་ར་བ་དང་ཁང་བ་སོགས་བརྩིགས་པའི་རིག་པ་བྱུང་བ་མ་ཟད་ཕྱོགས་མཐུན་པ་སོ་སོ་ལྷན་ཅིག་ཏུ་བསྡད་ནས་རུ་བ་དང་སྡེ་བ་སོགས་ཆགས་མགོ་ཚུགས།  དེ་དག་ནི་རྡོ་ཆས་གསར་མའི་སྐབས་ནས་བྱུང་བའི་དཔལ་ཡོན་གྱི་འཕེལ་འགྱུར་ཡིན།


རྡོ་ཆས་གསར་མའི་དུས་རིམ་གསུམ་པ།༼རྫ་ཆས་བྱུང་བའི་རྡོ་ཆས་གསར་མའི་དུས་རབས།༽
Neolithic 3 pottery Neolithic (PN)

           ཕྱི་ལོའི་སྔོན་གྱི་ལོ་ངོ་ ༦༤༠༠ ཡས་མས་ཤིག་ནས་ས་གཤིན་ས་དང་ས་བཟང་སའི་ས་ཁུལ་ནས་རྫ་ཆས་བྱུང་བའི་རྡོ་ཆས་གསར་མའི་དུས་རབས་བྱུང་།  ས་ཁུལ་དེ་ལྟ་བུ་ནས་མངོན་གསལ་དོད་པའི་རིག་གནས་དར་མགོ་ཚུགས་པ་སྟེ་རྫ་ཆས་བཟོ་བའི་ལག་རྩལ་དར།  དེ་ནི་ཕལ་ཆེར་ཧྥེ་གླིང་གི་བྱང་ཕྱོགས་ས་ཁུལ་དུ་འཕོ་འགྱུར་བྱུང་།  (ད་ལྟ་ལ་མཚོན་ན་ཋར་ཁེ་རྒྱལ་ཁབ།  Turkey, ཟེ་རེ་ཡ་རྒྱལ་ཁབ།  Syria, མེ་སོ་ཡི་བྱང་ཤར་གཉིས་ཀ་ཡིན།  Northern Mesopotamia and Ubaid  (Southern Mesopotamia.) སྐབས་དེར་དེ་དག་ནས་བྱུང་བའི་རིག་གནས་ལ་རྫ་བཟོ་རིག་གནས་ཟེར་ཡང་(Halafian) དུས་ཀྱི་ཆ་ནས་གདོད་མའི་དུས་རབས་ལ་ངོ་འཛིན་གྱིན་ཡོད།  ནུབ་ཕྱོགས་པས་གདོད་མ་ཞེས་པ་ལ་ལོ་རྒྱུས་མ་བྱུང་བའི་དུས་རིམ་ཡང་འབོད་ལ། (prehistoric period) དོན་དམ་པར་བསྐལ་བ་ཡ་ཐོག་གི་དུས་རབས་ཡིན།  དེ་དག་ནི་བསྐལ་བ་ཡ་ཐོག་ནས་དར་བའི་དཔལ་ཡོན་ཡིན་ལ། འགྲོ་མིའི་དཔལ་ཡོན་དར་བའི་མགོ་ཁུངས་ཀྱང་ཡིན།

ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s