ཁ་བ་ལྷ་མོའི་སྙན་ངག་གསར་བ་གཉིས།

སྐར་མ་ཁུར་པའི་རྒྱབ་གཟུགས་ཆུང་ཆུང་།

ཁ་བ་ལྷ་མོ།

དུས་ཚོད་ཀྱི་ཅོང་བརྡའི་སྔོན་ལ་གཉིད་ལས་སད་པའི་བྱིས་པ
ཨ་མའི་འབོད་སྐད་ལ་བསྒུག་ནས་ཡུན་རིང་འགོར
མིག་ཟུང་ཅི་ལྟར་ནན་གྱིས་བཙུམ་ཡང
སྙིང་ཉེ་བའི་རྩེད་གྲོགས་དང་ཡིད་འགུག་པའི་རྩེད་མོ་དག
མིག་མཐར་སྐོར་བ་བསྐོར་ནས་ཡང་ཡང་ཤར
གཉིད་ཁུག་ཐབས་ཤིག་ཁྱོན་ནས་མ་བྱུང

སྐྱ་རེངས་འགྱོག་ལ་ཉེ
༼སྐྱ་རེངས་ཐ་མ་ཤར་བ་ན། ང་ཚོ་མལ་ལས་ལངས་ཤིང་་་ ་་་༽
ཁེ་ཉིན་བློར་བཟུང་པའི་སློབ་ཚན་ཞིག་བློ་ལ་འཁོོར

ཨ་མས་གཞི་ནས་བོས་བྱུང
བྲེལ་འཚུབ་ཀྱིས་ལ་ལ་གྱོན
བྲེལ་འཚུབ་ཀྱིས་ནངས་ལག་བཀྲུས་་་ ་་་་
ཞོགས་པ་ཡོངས་སུ་བཞུར་སོང་བའི་སེར་སྣ་དང་ཕངས་སེམས་ཀྱིས
དཔེ་ཁུག་ཁུར་ཞིང་བྲེལ་འཚུབ་ཀྱིས་ལམ་ལ་ཆས

མགོ་བོ་བཀྱགས་ནས་ནམ་མཁར་ལྟ་དུས
སྐར་མ་པྲ་ཚགས་འགའ་གཉིད་ལོག་མི་འདོད་པའི་ཁོ་རང་ནང་བཞིན
ད་དུང་བར་སྣང་ན་འོད་ཀྱིག་ཀྱིག་བྱེད

༢༠༡༥/༩/༩


དུས་ཚོད་ཀྱི་སོ་ཁ་ནས།

ཁ་བ་ལྷ་མོ།

ས་མང་དུ་རུབ     ནམ་མང་དུ་ལངས
ཉི་མ་དང་ཟླ་བ་རེས་མོས་སུ་འཁོར
མུན་པ་དང་དཀར་འོད་དུས་དང་དུས་སུ་བརྗེས
ལག་མགོ་དང་རྩིག་ལྡེབས་ནས་དུས་ཚོད་ཀྱི་མདའ་རྩེ
ལུས་ཀྱི་ཟུངས་ཁྲག་དྲོན་མོ་བཞིན་འཁོར་ཞིང་འཁོར
ཟླ་འགའ་འགོར་སོང་བ་འདྲ
མ་རེད    ལོ་འགའ་འགོར་སོང་བ་འདྲ
རི་ལུང་ཐང་གསུམ་གྱིས་རྒྱབ་གོས་བརྗེས་པ་ཐེངས་གཅིག་གཉིས་ཤིག་མིན་སོང་བ་འདྲ
ཨ་ཡོ་ཤུ     བསྒུག་ནས་ཐོན་རྒྱུ་ཞིག་མེད་སོང་བ་འདྲ
ཐང་ཆེན་གྱི་ཁུགས་སོ་བཞིན་ཆེ་ནས་ཆེ་རུ    རིང་ནས་རིང་དུ
ད་རུང་སྐྱེད་འབུད་ཀྱིན་པའི
དུས་ཚོད་ཀྱི་སོ་ཁ་འདི་ནས་སོང་ནས་བུད་རྒྱུ་ཞིག་མེད་སོང་བ་འདྲ

༢༠༡༥/༨/༢༦

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s