བུད་མེད་ཀྱིས་ཚེ་གང་བོར་རྒྱུན་འཁྱོངས་བྱ་འོས་པ་དགུ།

གྲུ་ཆུང་གིས་བསྒྱུར།


༠༡༽ ཚབ་བེ་ཚུབ་བེའི་སྤྱོད་པ་དོར་བར་རིགས།

          ཐོག་མར་རང་རྒྱུས་ལོན་པའི་སྒོ་ནས་ཚེ་འདིར་རང་ཉིད་ལ་དོན་དངོས་སུ་གང་ཞིག་མཁོ་བ་གསལ་རྟོགས་བྱེད་པ་དང་། བསམ་བློ་ཡང་དག་སྒོས་རང་ཉིད་ལ་མཁོ་བ་གང་ཡིན་ཤེས་ན་ད་གཟོད་རང་ཉིད་ཀྱིས་ཅི་ཞིག་བསྒྲུབ་འོས་པ་ཤེས།


༠༢༽ གཉེན་སྒྲིག་ནི་མི་ཚེའི་ཡོད་ཚད་མ་ཡིན།

         ཚེ་གང་བོར་བློ་གཅིག་སེམས་གཅིག་གིས་ཁྱེད་ལ་བརྩེ་ཞིང་འདང་ཆེ་བའི་སྐྱེས་པ་ཞིག་ལ་འཕྲད་ན་དེར་གཅེས་འཛིན་ལེགས་པོ་བྱ་འོས་ཤིང་། གལ་ཏེ་ཁྱེད་ལ་གཅེས་འཛིན་བྱ་མི་ཤེས་པ་ཞིག་དང་འཕྲད་དུས། དེ་ངེས་པར་དུ་བློས་གཏོང་ཐུབ་པ་བྱ་དགོས།


༠༣༽ རྒྱུན་དུ་ཁོ་ལ་རྟེན་མི་རུང་།

         ཁོ་ཁྱོད་ལ་ཇི་འདྲའི་བཟང་ཡང་། འཇིག་རྟེན་འདིའི་ཕྱེད་ཀ་སྐྱེས་པར་དབང་ཞིང་ཕྱེད་ཀ་བུད་མེད་ལ་དབང་བས། ཁྱེད་ཀྱི་ཚེ་སྲོག་ཁོ་ལ་བརྟེན་མི་རུང་སྟེ། ཁྱེད་ཀྱི་མི་ཚེའི་ནང་མི་སྣ་གཙོ་བོ་ནི་ཁྱེད་རང་ཉིད་ཡིན་ལ། ཁོ་དང་འཕྲད་པ་ནི་ཁྱེད་ཀྱི་གདམས་གསེས་ཡིན། གལ་ཏེ་ཁོ་ཁྱེད་དང་ཁ་བྲལ་ཀྱང་། ཁྱེད་ཀྱིས་རང་གི་མི་ཚེའི་ཟློས་གར་དེ་སྔར་བཞིན་གཟབ་རྒྱས་ངང་འཁྲབ་དགོས་ཤིང་། ཁྱེད་ལ་ཆད་པ་ནི། མེ་ཏོག་ནང་གི་ཕྲ་རྒྱན་ལྟ་བུའི་མི་སྣ་ཕལ་བ་ཞིག་དང་། ཁྱེད་ལ་མི་ཆད་པ་ནི། རང་གི་ཚེ་སྲོག་གི་གཏིང་ཟབ་ས་ནས་ཐོན་པའི་ཐལ་མོའི་རྡེབ་སྒྲ་དེའོ།།


༠༤༽  ཕྱིའི་མཛེས་པ་མི་གཙོ་རང་གི་ཁྱད་ཆོས་གཙོ།

           མཐོང་རྒྱ་བསྐྱེད་དེ་བལྟས་ན། འཇིག་རྟེན་འདིར་ནམ་ཡང་ཆེས་མཛེས་པ་མིན་ཡང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བུད་མེད་ཀྱིས་སྦྱོང་བརྡར་ལ་བརྟེན་ནས་རང་ཉིད་ཆེས་འགུག་ཤུགས་ལྡན་པའི་བུད་མེད་ཅིག་ཏུ་འགྱུར་ངེས་ཡིན། ཁྱེད་རང་ཡིད་ཆེས་སམ།


༠༥༽ སྒོའི་ཕྱི་ནང་གི་ལས་ཀ་གང་ཡིན་ལ་མཁས་པ།

           ཕ་མར་བསྙེན་བཀུར་དང་། གཉེན་ཉེ་ལ་བདག་སྐྱོང་བྱེད་ཤེས་པ་ལས་གཞན་ད་དུང་རང་ལའང་བདག་སྐྱོང་བྱ་ཤེས་དགོས། ནུས་ཚོད་ཀྱིས་འཚོ་བཅུད་གང་ཡིན་རྟོགས་པ་དང་ིབློ་སྦྱོང་ཡོད་པ། རང་ལ་གཅེས་སྐྱོང་བྱེད་ཤེས་པའི་དུས་རབས་ཀྱི་རྗེས་ཆོད་པའི་བུད་མེད་ཅིག་བྱ་དགོས།


༠༦༽  རང་མགོ་ཐོན་ཐུབ་ཀྱང་རང་ཉིད་མཁས་པར་རློམ་མི་རུང་།

          རང་ཉིད་ཀྱི་དགའ་ཕྱོགས་དང་རང་བདག་གི་བར་སྟོང་ཡོད་པ། རང་ཉིད་དགའ་བའི་ལས་དོན་དང་ཁེ་ཕོག་ཐོན་ཁུངས་ཤིག་ཡོད་ན་ནི་བྱ་ལས་ཆེས་བཟང་ཤོས་ཡིན།


༠༧༽  རང་བཀུར་རང་གཅེས་ཤེས་པ།

         གཞན་གྱི་བརྩེ་བ་ཐོབ་འདོད་ན་ཐོག་མར་རང་ཉིད་ལ་གཅེས་ཤེས་དགོས། དེ་མིན་པར་རང་ལའང་གཅེས་མི་ཤེས་པའི་བུད་མེད་ཅིག་ལ་གཞན་ཞིག་གིས་དེ་ལས་ལྷག་པ་ཞིག་གཅེས་དགོས་དོན་མེད་དེ། སྐྱེས་པས་ཁྱིམ་གཞིའི་ཆེད་དུ་རང་གི་ཞལ་ངོ་སྡུག་པར་གྱུར་བའི་བུད་མེད་ཀྱི་བཀའ་དྲིན་བསམ་མི་ཤེས་པར། ཁོ་ཚོར་དགོས་པ་ནི་མཛེས་སྡུག་ཡིད་དབང་འཕྲོག་ཅིང་། ཞལ་མདངས་མཛེས་པའི་རྨ་བྱ་ལྟ་བུ་ཞིག་ཡིན།


༠༨༽  རང་ཉིད་ཀྱི་ལུས་སེམས་ལ་ཕན་པའི་བདེ་ཐང་གི་དགའ་ཕྱོགས་གསོ་སྐྱོང་བྱ་དགོས།

       ནུས་ཚོད་ཀྱིས་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་མང་དུ་སྒྲིག་པ་དང་། ཁོམ་དུས་གླུ་ལ་ཉན་པ། དཔེ་ཆར་ལྟ་བ། ཉིན་རྒྱུན་དུས་ཚོད་བཙལ་ནས་ཡོ་ཀ་སྦྱོང་བརྡར་དང་། ལུས་རྩལ་སྦྱོང་བ། ཡང་ན་ཕྱི་རུ་རྒྱུག་རྩལ་སྦྱོང་བ་བཅས་བྱེད་པ་ནི་ཁྱེད་ཀྱི་ལུས་སེམས་བདེ་ཐང་ལ་ཧ་ཅང་ཕན་ནོ།།


༠༩༽  གཞོན་པའི་སེམས་ཁམས་རྒྱུན་འཁྱོངས་བྱས་ཏེ་ཡིད་འོང་གི་མི་ཚེ་བསྐྱལ་བ།

         ལོ་རྒས་པ་དང་ཡིད་ཆེས་ཤོར་འགྲོ་བ་ཞིག་བྱ་མི་རུང་བར་འཚོ་བར་ལོངས་སྤྱོད་དང་། མི་ཚེར་མྱོང་རོལ་ཤེས་དགོས་པ་ལས་གཞན། ད་དུང་ཕུལ་བྱུང་བུད་མེད་ཀྱི་མི་ཚེ་ལ་དཔྱད་འཇོག་བྱས་ཏེ་གཞོན་པའི་སེམས་ཁམས་རྒྱུན་འཁྱོངས་བྱས་ནས་ཡིད་འོང་གི་མི་ཚེ་བསྐྱལ་དགོས་སོ།།

ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s