ལམ་ཁ་དེ་བརྒྱུད་དུས།

 ཁ་སྒང་གཡང་འབུམ་ཚེ་རིང་།

ལམ་ཁ་དེ་བརྒྱུད་དུས།
ངས་རང་གི་ཕ་ཡུལ་ལས་ལྷག་པའི་ཞེ་སེམས་འཁྲེང་
ས་ཞིག་མེད་པ་ཤེས་སོང་ལ།
ངས་རང་གི་ཕ་མ་ལས་ལྷག་པའི་བྱམས་པོ་གནང་
མཁན་ཞིག་མེད་པ་རྟོགས་སོང་།

ལམ་ཁ་དེ་བརྒྱུད་དུས།
ངས་རང་གི་གཅེན་གཅུང་ལས་ལྷག་པའི་བརྩེ་ཆེན་
འདང་ཆེན་ཞིག་མེད་པ་ཤེས་སོང་ལ།
ངས་རང་གི་ཆུང་གྲོགས་ལས་ལྷག་པའི་ཡིད་གཅུཌ་
སེམས་མཐུན་ཞིག་མེད་པ་རྟོགས་སོང་།

ལམ་ཁ་དེ་བརྒྱུད་དུས།
ངས་ལམ་འཕྲད་ཐམས་ཅད་ལ་བརྩེ་འཛུམ་སྟོན་མི་
ཉན་པ་ཤེས་སོང་ལ།
ངས་ལས་འཕྲད་སུ་ཞིག་ལ་ད་གཟོད་བློ་སྙིང་སྟོན་
འོས་པ་རྟོགས་སོང་།

ལམ་ཁ་དེ་བརྒྱུད་དུས།
ངས་གཞན་ལ་ཕན་པ་སྒྲུབ་དགོས་པའི་གལ་གནད་
དེ་ཤེས་ཡོད་ལ།
ཕྱིར་རང་ལ་ཕན་ངེས་ཀྱི་རེ་བ་ཙམ་ཡང་འཆང་མི་
ཉན་པ་རྟོགས་ཡོད།

ལམ་ཁ་དེ་བརྒྱུད་དུས།
ངས་དུས་ཚོད་ནི་ཀུན་དགའ་དོན་འགྲུབ་ཡིན་པ་
ཤེས་སོང་ལ།
དེ་བས་ཀྱང་དུས་ཚོད་ནི་རང་གི་ཚེ་སྲོག་ཡིན་པ་
རྟོགས་སོང་།

ལམ་ཁ་དེ་བརྒྱུད་དུས།
ངས་ལང་ཚོ་ནི་ཕོ་མོའི་བརྩེ་དུང་ཁོ་ནར་སྟིམ་
མི་འོས་པ་ཤེས་སོང་ལ།
བརྩེ་དུང་ནི་འཚོ་བའི་བདེ་སྡུག་གི་གྲུབ་ཆ་གཅིག་པུ་
དེ་ཡིན་པའང་རྟོགས་སོང་།

ལམ་ཁ་དེ་བརྒྱུད་དུས།
ངས་སྤྱི་ཚོགས་ནི་མ་གཞི་ནས་འཁྲུགས་ཆ་དོད་པོ་
ཞིག་ཡིན་པ་ཤེས་སོང་ལ།
མི་སེམས་ནི་དེ་བས་ཀྱང་ཆ་ག་ཡ་སྡེབ་ཅིག་ཡིན་པ་རྟོགས་སོང་།

ལམ་ཁ་དེ་བརྒྱུད་དུས།
ངས་སུས་ཀྱང་རྣམ་པ་ཐམས་ཅད་དུ་རང་དང་སྐྱིད་
སྡུག་མཉམ་མྱོང་བྱེད་མི་ཐུབ་ཤེས་སོང་ལ།
ངས་རང་ཉིད་རང་ལ་བརྟེན་དགོས་པའི་གནས་

ལུགས་དེའང་ངོ་འཕྲོད་སོང་།

ལམ་ཁ་དེ་བརྒྱུད་དུས།
ངས་རང་གིས་རང་ལའང་དུས་རྒྱུན་ཤ་ཚ་ཚ་དང་
སྙིང་ཉེ་ཉེ་བྱེད་ཐུབ་ཀྱི་མེད་པ་ཤེས་ཡོད་ལ།
གཞན་ལ་དེ་ལྟར་བྱེད་མི་ཐུབ་པ་ནི་དེ་བས་ཀྱང་ངོས་ཟིན་ཡོད།

ལམ་ཁ་དེ་བརྒྱུད་དུས།
ངས་རང་གི་ཉམས་མྱོང་གང་ཞིག་རྒྱུ་མཚན་དུ་བྱས་
ནས་སྡོམ་ཚིག་འགོད་མི་ཉན་པ་ཤེས་ཡོད་ལ།
ངས་རང་གི་ལས་དབང་སྨུག་པོ་དཔང་རྟགས་སུ་
བཞག་ནས་གང་བྱུང་དུ་བཤད་མི་ཉན་པའང་རྟོགས་ཡོད།

༢༠༡༥/༡༡/༡༢

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s