ཕྱི་སྡོད་བོད་རིགས་ན་གཞོན་སྙན་ངག་པའི་སྡེ།

>དཔེ་མིང་།           རྩོམ་མཁན།          བྱ་བ།
>རྒྱ་གར་གྱི་མཚན་མོ།  སྒྲེ་བོ།                སློབ་མ།
>ཚིག་རིས་བསླས་མ།  ལི་ཐང་དབྱིག་གཉེན།  གྲྭ་བ།
>ཕྱིར་མིག              ཐང་ང་ལྷ་མོ།          སློབ་མ།


          ངེད་ཅག་ཕ་ཡུལ་དང་གྱེས་ནས་ལོ་ཟླ་ཁ་ཤས་ཏལ་གྱིས་འདས་སོང་།  ལོ་ཟླ་དེ་དག་གི་གསེབ་ནས་ང་ཚོའི་བརྩེ་དུང་དང་ཚེ་སྲོག་ལ་དྲི་གཞི་སྟེ”ང་ཚོ་དང་ཕ་ཡུལ་གྱི་བར་ཐག”ཅེས་པའི་སྐད་ཆ་དུམ་བུ་ཞིག་རྣམ་ཀུན་ཏུ་ཡིད་ལ་ཡང་ཡང་འཆར།  དེས་ཀྱང་མི་ཚད་དེ་ནང་སེམས་སུ་ཆིལ་ཆིལ་བབས་པའི་དྲན་གདུང་དེའི་དབང་གིས་ང་ཚོའི་སེམས་པ་ཕྲ་མོ་རླུང་བུས་གཡོ་ཞིང་།  རླུང་བུས་རྒྱང་དུ་འཁུར་བའི་སེམས་སྒྲ་དང་དེའི་ཤུལ་དུ་རྨས་ཕོག་པའི་ཐ་སྙད་ཀྱི་ཚོགས། རི་བོ་དང་ཆུ་བོའི་ཕ་རོལ་དུ་ངང་ཁྱུ་བཞིན་འཕུར་ཞིང་གྲགས། ངེད་ཅག་ཀྱག་ཀྱོག་གི་ལས་དབང་དང་བློས་བསླངས་འཁུར་ནས་ཕ་རོལ་ཞིག་ན་ཡོད་དུས་ཕ་ཡུལ་ནི་གང་དུ་ཡོད་ཀྱང་དེ་རུ་རང་སེམས་ཀྱི་སྨོན་པ་དང་བརྩེ་བ་བསྔོ་ཞིང་རྡོག་པའི་ལམ་ནས་སྒྲུག་པའི་བསྡུས་བརྗོད་ཀྱི་རོལ་དབྱངས་ཤིག་གྱེས་ཆེམས་དང་དགྱེས་འཛོམས་ཀྱི་ཤིས་བརྗོད་བླངས་པའི་གླུ་ངག་ཁོ་ན་རེད་འདུག  ངེད་ཅག་ལ་ད་དུང་མ་འོངས་པ་ཟེར་བ་ཞིག་དང་སྟོང་བསམ་རིང་མོ་ཞིག་གི་མཐར་ཐུག་ཏུ་ཕུགས་བསམ་ཡོད།

         ངེད་ཅག་སྤྲོ་བ་དང་དགའ་ཕྱོགས་གཅིག་ལ་ཞེ་འཁྲེང་བས་ལྷན་དུ་འཛོམས་ཤིང་ལམ་ག་དེའི་སྟེང་ནས་ངན་ངོན་གྱི་གནས་བབ་འདི་ཐེག་སྟེ་ལམ་ལ་བུད་སོང་།  སེམས་ཀྱི་དགའ་བ་དང་སྐྱོ་བ་ལྷན་དུ་བསྲེས་ནས་ཡིད་ངོས་ཀྱི་རྟོག་པའི་ལག་རྩལ་ཕུད་དེ་ཐ་སྙད་ཀྱི་སྐུད་རྡང་ཕྲེང་བར་བརྒྱུས།   ལོ་དང་ཟླ་བ་ཁད་ཀྱིས་བཞུད་འགྲོ་བ་དང་སྙིང་ཉེ་བའི་མི་རྣམས་དང་ཆུང་འདྲིས་ཀྱི་རི་ཆུ་ལ་རྒྱང་ལྟ་ཡང་ཡང་བྱས།  དེ་ལྟར་སེམས་ངལ་དང་ཚེགས་ཀྱི་ཚོར་བའི་ཕོན་པོ་ཤོག་དྲིལ་བྱས་ཏེ་རི་བོ་མཐོན་པོ་ཇོ་མོ་གླང་མའི་རྒྱབ་ནས་ཕ་ཡུལ་དང་དེ་རུ་ཡོད་པའི་མི་དག་གི་སེམས་སུ་འཚོ་སྡོད་ཐུབ་པའི་སླད་དུ་བསྐུར་ཡོད། དེ་ལ་”རྒྱ་གར་གྱི་མཚན་མོ།” ” ཚིག་རིས་བསླས་མ།”  “ཕྱིར་དྲན།”ཞེས་འབོད་བཞིན་ཡོད།  མཇུག་ཏུ་འོ་སྐོལ་ཕ་སྐད་ཀྱི་སྙན་ངག  ཕ་སྐད་ཀྱི་སྙན་ངག་པ། ཕ་གཞིས་ཀྱི་སྙན་ངག་པ་ཁྲི་ལོར་ཤོག  ཁྲི་ལོར་ཤོག

སྙན་ངག་དེབ་ཚོམ་འདི་ཉིད་ཕྱི་ལོ་ཉིས་སྟོང་བཅོ་ལྔའི་སྤྱི་ཟླ་བཅུ་གཉིས་པའི་ནང་དངོས་སུ་ཚོང་རར་འགྲེམ་རྒྱུ་ཡིན།


ས་གནས།  རྒྱ་གར་ལྷོ་ཕྱོགས་མོན་གྷོ་དང་། སྦེལ་ཀོབ། སྦེང་ལོར།  རྒྱ་གར་བྱང་ཕྱོགས་རྡ་རམ་ས་དང་། ལྡི་ལི་སོགས་སུ་བསིལ་འཚོང་བྱ་རྒྱུ་ཡིན། རིམ་བཞིན་བོད་ཁུལ་ས་ཆ་སོ་སོར་འགྲེམ་འཚོང་བྱ་རྒྱུ་ཡིན།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading