__ སྨྱུག་མདའ།

ས་ལྒང་རིལ་བོ་འདིའི་སྒལ་གཞུང་ན
ཁྲག་གི་མེ་ཏོག་མང་པོ་གད
དུར་ཁྲོད་ཀྱི་པང་དུ་གཉིད་ལོག་པ་དེ་ཙམ
མགོ་བོ་བྲང་ཁར་སྦྱར་བྱུང
མི་སེམས་འཚིག་ལ་ཉེ་དུས
བརྩེ་བའི་གཏམ་རྒྱུད་ཇེ་མང་དུ་ཕྱིན་པ
སྡུག་བསྔལ་གྱི་མཐའ་མ་གྲོལ་པས་རེད

དུག་རླངས་ཀི་ལྟེབས་སུ་བཅུམ་སྟེ
རྡུལ་དུ་འགྱུར་གྱིན་མདུན་དུ”ཕྱེ་བ
མཚན་མོ་དེའི་འཇིགས་པ་ཧུ་ཤུ་ཤུ
རྡུལ་འཚུབ་དང་སྙན་ངག་སྦར་བཤུལ་རེད་ཨང
དེ་ན་སྒྱུ་རྩལ་གྱི་རོ་སྒམ་ཞིག

སྙན་ངག་གི་ཕོར་བ་བཙོན་ལ་བཅུག་རྗེས
མི་རྣམས་ཕྱི་རོལ་ལ་བུད་དེ་ངུ་མི་ཕོད
རྫས་དུག་གི་ལས་ཉོག་གྲོང་ཁྱེར་ལ་འཐམ་དྲགས་པ
མཚན་མོ་འགམ་པའི་ཆགས་སྲེད་པ་ཚོར
གློག་སྐུད་མང་བོའི་གཟེབ་ཏུ་ཚུད་སྟངས་ཤིག་རེད་བཞག

ཚེ་སྲོག་ཁོ་ན་ཞིག་མ་རེད
རྩེད་མོ་ཞིག་དང་འདྲ་བོ་འདུག
ཕྱི་དབྱིབས་ཀྱི་མཛེས་པ་དེའང
སྐད་ཅིག་མའི་ནང་ལ་འཕག་འཚག་རྒྱག་ཐུབ་མེད
རིག་གནས་སྲ་མོ་ཞིག་ཏུ་བཟོ་ཚར་ན
ལོ་རྒྱུས་ཀྱི་དྲན་པ་སྔོག་བྱེད་ཅིས་ཀྱང་ནས་སྲ་དགོས་པ་ལོས་ཡིན

ཚེ་སྲོག་རིན་པོ་ཆེ
གོ་ལའི་བྲང་གཞུང་གི་མིག་ཆུ་རྡོག་ཅིག་རེད་ལ
རེ་བ་དང་ལྷན་ཅིག་གློ་བུར་གློ་བུར་དུ་འཇིག་སླ་བ
ཡང་སྙིང་རྨི་ལམ་ལ་བརྒྱུས་ཏེ་རྨི་ལམ་ལ་འཐིམ་འགྲོ་བ་ཞིག
ནམ་ཞིག་ང་དང་ཁྱེད”འཆི་བའི་སོ་ཁར་འཐག་གིན”ཨ
ཁེར་རྐྱང་དུ་སྐྱ་ཤུར་རེ”ཨ་ཨ

༢༠༡༥ ། ༡༡ ། ༡༥ ཉིན།

བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading