མུ་ལ།

ཕྱི་རོལ་ཡུལ་གྲུ་གང་སར་གནས་པའི།
གདོང་དམར་བོད་པའི་གཅེས་ཕྲུག་རྣམས་པ།
གཞན་སྐད་སྣ་མང་ཤེས་ན་བཟང་ཡང་།
རང་གི་སྐད་དང་ཡི་གེ་བརྗེད་ན།
ངོ་ཚ་ཡིན་པ་སེམས་ནས་མ་བརྗེད།
གངས་ཕྲུག་གཞོན་ནུ་ཚོ།    བོད་སྐད་ཤོད།  བོད་ཡིག་སྦྱོངས།
མེས་པོའི་ཕ་ནོར་འཛིན་སྐྱོང་བྱེད་ན།
བོད་ཡིག་ཡག་པོ་སྦྱངས་རོགས།         གཅེས་ཕྲུག་ཚོ།

གངས་རི་ར་བའི་ཕྱི་ན་གནས་པའི།
མགོ་ནག་བོད་པའི་གཞོན་སྐྱེས་རྣམ་པ།
གཞན་གྱི་སྐད་རིགས་ཅི་འདྲ་ཤེས་རུང་།
རང་སྐད་ནང་ལ་གཞན་སྐད་བསྲེས་ན།
ངོ་ཚ་ཡིན་པ་སེམས་ནས་མ་བརྗེད།
གངས་ཕྲུག་གཞོན་ནུ་ཚོ།  བོད་སྐད་ཤོད།   བོད་ཡིག་སྦྱོངས།
མ་འོངས་བོད་པའི་རྒྱུད་འཛིན་བྱེད་ན།
བོད་སྐད་གཙང་མ་བཤད་རོགས།           གཞོན་ནུ་ཚོ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d