November ༢༣, ༢༠༡༥

ངེད། རྩོམ་ཡིག སྙན་ངག -0 Minutes

གཟུངས་ཕྱུག་སྐྱིད་ཀྱི་སྙན་ངག་གསར་བ་གཉིས།

མུན་པ་ལྟ་བུའི་མཚན་མོ། གཟུངས་ཕྱུག་སྐྱིད། ཞོགས་ཉི་སེར་པོ་འདི། འོད་གྱི་གཤོག་པ་ཞིག་ཡིན་ནམ། མུན་པའི་ནགས་མ་འདི། མཆི་མའི་གཞུང་ལམ་ཞིག་ཡིན། ལམ་བུ་འདི་གཉིས་ལས་ཁྱེད་རང་གང་དུ་ཡོད་དམ། བྱེ་མའི་ཐང་གི་ཚེ་སྲོག ཡིད་རྟོན་བྲལ་བའི་འགྱིག་གི་མེ་ཏོག་བཞིན། སྣང་བའི་ཆུ་རིས་རེ་རེ་དལ་གྱིས་ཡལ་རྗེས། ཡང་སྙིང་ཅི་ཞིག་ལྷག་ཡོད། རང་སེམས་ལ་བྲེལ་ཤ་སློང་བའི་རེག་བྱ་ཡོད་ཚད་ལ། བདག་གིས་ཇི་ལྟར་བྱས་ནས་སྒོ་མོ་རྒྱག་འོས། རླུང་གི་དཀྱིལ་འཁོར་བརྩེག་མ་ཅན་དག་གིས། ས་ཆེན་པོའི་མངའ་ཐང་ལ་སུན་པོ་བཟོ་དུས། སྐར་མའི་ཚོགས་དྲག་ཆས་སུ་སྤྲས་པའི་ནམ་མཁའ་འདི། ངས་ནམ་ཡང་མཐོང་མི་འདོད་པའི་ངོ་གདོང་ཐེད་པོ་དེའོ། གདོད་མའི་ངག་རྟ་ཞིག་དཔྱིད་ཀའི་སྦུབས་སུ་མངོན་ཆུང་གིས་བཞད་ཀྱང་། དབྱངས་རྟ་དྲེད་པོ་དག་གང་སར་རལ་གྲི་བཞིན་གཟེངས་ཡོང་དུས། སུ་ཞིག་གིས་རྨི་ལམ་ཁྲོད་བྲིས་པའི་དབྱར་ཁ་དེར་ ད་དུང་རྒྱང་ཐག་རིང་ཨང་། ཁ་སང་གི་ལྷ་ཆེན་ཕེབས་ཤུལ་གྱི་འཇིག་རྟེན་ཧྲིལ་བོ། དེ་རིང་གི་དམྱལ་ཟངས་ནང་གི་ངུ་འབོད་རུ་གྱུར་པ། སུ་ཞིག་གི་བྱས་ཉེས་དང་གཏམ་རྒྱུད་ཡིན། རྩེད་ར་ལྟ་བུའི་མི་ཡུལ་ན། ཚེ་སྲོག་ལ་ཀུ་རེ་བྱེད་མཁན་ཇི་འདྲའི་མང་ཨང་། རེ་རེ་ལ་ཚང་རྩིས་རེ་བྱས་ན། ད་ནི་མུན་ནག་གི་ཁམས་ཆེན་པོ་ཡ། ང་ཡི་མིག་ཟུང་གཏན་དུ་བཙུམ་ཆོག་པར་ཞུ། འཇགས་སུ་མེད་པའི་སྙིང་གི་ཚ་དྲོད་དང་སྐད་ཆའི་ལང་ཚོ་དང་ལྷན་དུ། ལྕི་དྲག་པའི་བསམ་གཞིགས་ཀྱི་གཏིང་རུམ་ནས་བཙུམ་འདོད། ༢༠༡༥ ༡༡ ༡༧ཉིན།...
དེ་ལས་མང་པ།