མིག་ཆུའི་མཚོ་མོ།
མུ་ལ།
ཚང་ཚིང་ནགས་ཀླུང་གཞན་གྱིས་འཕྲོག་ནས་བཟུང་། །
ལྷ་བྱ་ཁུ་ལོ་མོན་ལ་འཕུར་དགོས་བྱུང་། །
ཤུལ་ལུས་བྱ་བརྒྱའི་རེ་སྒུག་ཁྲི་ཕྲག་ལས། །
ཁུ་ལོ་དྲན་པས་མིག་ཆུའི་མཚོ་མོ་འཁྱིལ། །
ཕ་ཁྱིམ་དྲོན་མོ་གཞན་གྱིས་འཕྲོག་ནས་བཟུང་། །
བརྩེ་ལྡན་ཨ་ཇོ་ཕྱི་ལ་ཕེབས་དགོས་བྱུང་། །
ཤུལ་ལུས་ནང་མིའི་རེ་སྒུག་ཁྲི་ཕྲག་ལས། །
ཨ་ཇོ་དྲན་པས་མིག་ཆུའི་མཚོ་མོ་འཁྱིལ། །
ཞི་བདེ་རང་དབང་གཞན་གྱིས་འཕྲོག་ནས་བཟུང་། །
སྐྱབས་མཆོག་བླ་མ་ཕྱི་ལ་ཕེབས་དགོས་བྱུང་། །
ཤུལ་ལུས་བོད་པའི་རེ་སྒུག་ཁྲི་ཕྲག་ལས། །
མགོན་ཁྱེད་དྲན་པས་མིག་ཆུའི་མཚོ་མོ་འཁྱིལ། །
ངེད་དྲ་ཚིགས།
མཆན་ཞོག