བདག་གིས་ཁྱོད་ཚོར་འཁོན་སེམས་འཆང་མི་སྲིད།

རྩོམ་པ་པོ། 沐橙园 བསྒྱུར་མཁན། གནམ་ལྷུན།


           ——རྩོམ་སྒྲིག་པའི་མཆན། ཧྥ་རན་སུའི་སྐྱེས་པ་འདིའི་མིང་ལ་Antoine Leirisཞེས་འབོད་ཅིང་།  ཟླ་11 ཚེས་13 ཉིན་ 巴塔克兰 པཱ་ཁུ་ལན་རོལ་དབྱངས་ཁང་གི་འཇབ་རྒོལ་དེས་ཁོའི་ཆུང་མའི་ཚེ་སྲོག་རྐྱེན་ལམ་དུ་བརྫངས་ཤིང་། དོན་རྐྱེན་བྱུང་ནས་ཉིན་གསུམ་གྱི་རྗེས་སུ་སྐྱོ་གདུང་གིས་རབ་ཏུ་མནར་བའི་ཁོས་ Facebook སྟེང་ནས་སྐད་ཆ་དུམ་ཚན་ཞིག་འཇིགས་སྐུལ་བར་བཤད་རྒྱུར། “ ཁྱོད་ཚོས་བདག་གིས་འཁོན་ལན་སློག་པར་སེམས་ཁྲལ་གནང་མི་དགོས། ”གཟའ་པ་སངས་ཀྱི་མཚན་མོར་ཁྱོད་ཚོས་ཚེ་སྲོག་ཅིག་འཕྲོག་སོང་། ཁོ་མོ་ནི་གཞན་དང་མི་འདྲ་བར་བདག་གི་ཚེ་འདིའི་མཛའ་བརྩེ་དང་གཅེས་ཕྲུག་གི་ཡུམ་ཆེན་ཡིན། འོན་ཀྱང་། བདག་གིས་ཁྱོད་ཚོར་འཁོན་སེམས་འཆང་མི་སྲིད།


       བདག་གིས་ཁྱོད་ཅག་སུ་ཡིན་མི་ཤེས་ལ། དེར་རྒྱུས་ལོན་ཡང་བྱ་འདོད་མེད། ཁྱོད་ཅག་གི་ཚེ་སྲོག་སྔ་མོ་ནས་འདས་ཟིན།

      སྤྱིར་བཤད་ན། ཁྱོད་ཚོས་ལྷ་ཆེན་གྱི་ཆེད་དམ་རྨོངས་འཐོམ་གྱི་དམར་གསོད་དེས་ང་ཚོར་ལྷ་ཆེན་གྱི་གསུང་རབ་གཤའ་མ་མཐོང་དུ་བཅུག་ཅིང་། བདག་གི་ཆུང་མའི་ལུས་སྟེང་གི་མེ་མདའ་རེ་རེ་ནི་ལྷ་ཆེན་གྱི་སེམས་སྟེང་གི་རྨ་ཤུལ་རེ་རེ་རེད།

     དེའི་ཕྱིར། བདག་གིས་ཁྱོད་ཚོར་འཁོན་སེམས་འཆང་མི་སྲིད། འཁོན་སེམས་ནི་དོན་དངོས་སུ་ཁྱོད་ཚོས་བཙལ་ཡོང་བ་རེད། དོན་དམ་དུ་འདི་ལྟ་བུའི་བླུན་རྨོངས་ཀྱིས་དེང་གི་ཁྱོད་ཚོ་སྐྱེད་སྲིང་བྱས་པ་རེད། འོན་ཀྱང། ཞེ་སྡང་བཀོལ་ནས་རྒོལ་ལན་གྱི་ཞེ་འཁོན་འཆང་བ་འདི་དོན་དངོས་སུ་བླུན་རྨོངས་ལ་ཕྱོགས་པ་ནང་བཞིན་གཉའ་ཆག་པ་ཞིག་རེད།

     ཁྱོད་ཚོས་བདག་ལ་སྐྲག་སྣང་སྟེར་འདོད་ཡོད། ཁྱོད་ཚོས་བདག་ལ་ཡིད་ཆེས་མེད་པའི་མིག་མདངས་ཀྱིས་རང་གི་རིགས་གཅིག་སྤུན་ཟླར་ལྟ་རུ་འཇུག་འདོད་ཡོད། ཁྱོད་ཚོས་བདག་གིས་བདེ་འཇགས་ཀྱི་ཆེད་དུ་རང་དབང་བློས་གཏོང་བྱེད་དུ་འཇུག་འདོད་ཡོད། འོན་ཀྱང་། བདག་གིས་ཁྱོད་ཚོར་ལམ་ལྷོང་འགྲུབ་ཏུ་འཇུག་མི་སྲིད། རིགས་སུ་གཏོགས་པའི་མིས་གཡོ་སྒྱུ་རྙིང་བ་བསྐྱར་དུ་འཁྲབ་པ་དག་ཀྱང་དེ་བཞིན་ནོ།།

     ཉིན་མཚན་འགའ་སྒུག་པའི་རྗེས་ཀྱི་དེ་རིང་གི་ཞོགས་པར་བདག་ཁོ་མོ་དང་དངོས་སུ་མཇལ་བྱུང་། ཁོ་མོའི་མཛེས་ཉམས་ནི་གཟའ་པ་སངས་ཉིན་གྱི་མཚན་མོར་སྒོར་བྱིན་པའི་སྐབས་ཀྱི་མཛེས་ཉམས་དང་མཚུངས་ཤིང་། མཛེས་ཉམས་འདི་ནི་མི་ལོ་བཅུ་གཉིས་ཀྱི་སྔོན་བདག་སྐྱོབ་ཐབས་བྲལ་བའི་ངང་ཁོ་མོར་བརྩེ་དུང་ཆགས་པའི་སྐབས་ཀྱི་མཛེས་པ་དང་ཧ་ཅང་འདྲ།

     གཏམ་ངན་འདིས་བདག་ལ་སྡུག་བསྔལ་ཚད་མེད་འབྱུང་དུ་བཅུག་སོང་། བདག་གིས་རྒྱལ་ཁ་ཕྲན་བུ་འདི་ཁྱོད་ཚོར་ཕུལ་བ་ཡིན། འོན་ཀྱང། རྒྱལ་ཁ་འདི་གནས་སྐབས་ཤིག་ཡིན་ངེས། བརྩེ་བ་དང་ང་ཚོ་སྐལ་བའི་བར་དུ་མཉམ་གནས་བྱས་ཡོད། མཇུག་མཐའི་ཉིན་ཞིག་ལ་ང་ཚོའི་རང་དབང་གི་ཚེ་སྲོག་ལྷ་ཡུལ་ནས་བསྐྱར་དུ་འཛོམས་ངེས་ཡིན། འོན་ཀྱང་། ལྷ་ཡུལ་གྱི་སྒོ་མོ་གཏན་དུ་ཁྱོད་ཚོར་ཕྱོགས་ནས་འབྱེད་མི་སྲིད།

     བདག་དང་བདག་གི་གཅེས་ཕྲུག་གིས་ཕན་ཚུན་ལ་བརྟེན་ནས་འཚོ་ཐབས་བྱེད་དགོས་སོང་། འོན་ཀྱང་། ང་ཚོའི་སྟོབས་ཤུགས་ནི་མཁས་དབང་སྟོང་ཕྲག་ལས་ཀྱང་ལྡབ་འགྱུར་གྱིས་ཆེ། བདག་ལ་དུས་ཚོད་ཅུང་ཙམ་ཡང་ཁྱོད་ཚོར་བགོས་སྐལ་དུ་སྟེར་རྒྱུ་མེད། བདག་གིས་མཚན་གོང་དུ་གཉིད་ལས་སད་མ་ཐག་པའི་梅尔维尔མིའུ་ཨུར་བུའུ་ཨུར་ལ་བདག་སྐྱོང་ལེགས་པོ་བྱེད་དགས།

      ཁོ་བཙས་ནས་ཟླ་བཅུ་བདུན་ལས་སོང་མེད། ཅུང་ཙམ་གྱིས་ཁོས་ཀྱང་སྔར་བཞིན་མོས་པ་དང་བསྟུན་ནས་ཟས་རིགས་ལ་བསྐྱོད་ཅིང། དེའི་རྗེས་ནས་ང་ཚོས་སྔར་བཞིན་རྩེད་མོ་རྩེ་སྲིད། ཁོས་ཀྱང་རང་ཉིད་ཀྱི་རང་དབང་དང་སྤྲོ་སྣང་གི་མི་ཚེར་བརྟེན་ནས་ཁྱོད་ཚོར་ངོ་ཚ་སྟེར་སྲིད། རྒྱུ་མཚན། སྔར་དང་འདྲ་བར་ཁོས་ཀྱང་ཁྱོད་ཚོར་འཁོན་སེམས་འཆང་མི་སྲིད།

སྤྱི་ལོ ༢༠༡༥ ལོའི་ཟླ ༡༡ ཚེས ༡༨ ཉིན་བསྒྱུར།

ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s