༈ དགུན་ཟླ་རིང་མོ།

གཅེར་བུ་པ།

ཕྱི་རུ་དགུན་ཁ་ཡང་ཡང་ཚེས་སོང་ངོ་།།
མཚན་གྱི་གྲང་བས་བྱི་འུ་གྲེ་བ་འགག།
ནང་གི་འདོད་པའི་སྨུག་ལོང་ལང་སོང་ངོ་།།
ཡུལ་རྣམས་ཀུན་ནས་ཆགས་པའི་རེག་བྱ་འཚོལ།།
བྱིང་རྨུགས་གཏིང་མཐའ་བྲལ་བའི་ང་ཡི་ཁམས།།
འདི་ནས་ཕར་ཚུར་བྱབ་ཀྱང་བྱབ་མི་བཏུབ།།
ཆོས་གཞུང་ཤོག་ལྷེ་རེ་བཞིན་བསྐྱར་སློག་བརྒྱབ།།
སེམས་ཀྱི་བྱེ་མའི་ཐང་དུ་ཕུར་པ་བརྡབས།།

རྩུབ་རེག་རེག་གི་ས་རྡུལ་ལང་སོང་ངོ་།།
འཚོ་བར་ཞེན་པ་སྟོན་གྱི་བསེར་བུ་ལྟར།།
ཡལ་བཞིན་ཡལ་བཞིན་མངོན་བཞིན་མངོན་བཞིན་དུ།།
འདི་གར་ཡ་མཚན་འདྲེས་མའི་ཟློས་གར་འཁྲབ།།
ཆུ་ལ་ཤར་བའི་ཟླ་གཟུགས་འཛིན་པར་བརྩོན།།
ལས་ཞེས་ཁ་མཆུ་བརྒྱབ་ཅིང་ལབ་རྡོལ་བྱས།།
མི་ཚོགས་ལྷུམས་སུ་ཞུགས་པའི་རྣམ་རྟོག་ཀུན།།
གདོང་ཁ་འཐབ་ཅིང་གཡུལ་ཀྱང་འགྱེད་པར་བརྩམས།།

༢༠༡༥། ༡༢། ༢

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s