December ༡༢, ༢༠༡༥

ངེད། རྩོམ་ཡིག སྙན་ངག -0 Minutes

ཕུང་འདྲེ།

  ཁ་སྒང་གཡང་འབུམ་ཚེ་རིང་། ཆོལ་ཁའི་ཤོག་ཁག་སྒྲིག་པའི་ཞེན་ཁོག་གཅིག། ཆོས་བརྒྱུད་འཐེན་འཁྱེར་བྱེད་པའི་འགལ་ཟླ་གཉིས།། རང་རང་ལངས་ཕྱོགས་རྩོད་པའི་ངར་ཤུགས་གསུམ།། འདི་གསུམ་ནང་དཀྲུག་གྱོད་ཀྱི་གཞི་མ་རེད།། མཚོན་རྩེ་ནང་ལ་བསྐོར་བའི་དཔའ་རྟགས་གཅིག། སྨྱུག་རྩེས་ནང་མཚང་འབྲུ་བའི་མཁས་རྟགས་གཉིས།། སྨྲ་ལྕེས་དམངས་མགོ་བསྐོར་བའི་འཇོན་རྟགས་གསུམ།། འདི་གསུམ་རང་མགོ་གཅོད་པའི་སྟ་རེ་རེད།། འཇོན་པོའི་མགོ་བོ་གནོན་པའི་གླེན་རྟགས་གཅིག། ཤེས་ལྡན་རྒྱང་འཕུད་གཏོང་བའི་ངན་གཤིས་གཉིས།། བླུན་པོ་གོང་དུ་བཀུར་བའི་ཚུལ་ལུགས་གསུམ།། འདི་གསུམ་རང་རིགས་ཕུང་ལ་སྦྱོར་བྱེད་རེད།། རྒྱུ་ཆེན་ཐུག་ན་ཁ་ཆུ་བཞུར་ལུགས་གཅིག། དབང་ཆེན་རིག་ན་སྒྱིད་པ་འདར་ལུགས་གཉིས།། མྱིང་ཆེན་གོ་ན་ཕྲག་དོག་འཕེལ་ལུགས་གསུམ།། འདི་གསུམ་རང་ཉིད་རང་གིས་འབོར་བྱེད་རེད།། ༢༠༡༥/༡༢/༠༨ ངེད་དྲ་ཚིགས།...
དེ་ལས་མང་པ།