རོ་མའི་དམག་དཔུང་གི་སྟོབས་ཤུགས།

རོ་མའི་དམག་དཔུང་གིས་གང་ལ་བརྟེན་ནས་ནུབ་ཕྱོགས་གཙང་ཕྱགས་བྱས་པ་རེད།

སྒྱུར་པ་པོ། གྲིབ་མ།

           རོ་མས་མངའ་ཁོངས་རྒྱ་བསྐྱེད་ནས་རིམ་གྱིས་བཙན་རྒྱལ་ཞིག་ཏུ་གྲུབ་རྗེས། མངའ་ཁོངས་ཉིན་རེ་བཞིན་རྒྱ་ཆེ་བ་དང་བསྟུན། དམག་འཁྲུག་གི་གཞི་རྒྱ་ཡང་ཇེ་རྒྱས་སུ་བྱིན། འབངས་ཕལ་བ་ལས་དམག་མི་བསྡུ་ལེན་བྱས་ནས་དམག་དཔུང་སྒྲིག་འཛུགས་བྱས་ན། ཐབས་དེས་ཀྱང་སྟོབས་ཆེ་བའི་དམག་དཔུང་ཞིག་འཛུགས་ཐུབ་པའི་རེ་འདུན་སྐོང་ཐབས་བྲལ་བས། ཆེད་ལས་ཀྱི་དམག་མི་བདམས་ནས་རྒྱུན་གྲབས་དམག་དཔུང་ཞིག་བཙུགས་པ་རེད། རོ་མ་བའི་ཐབས་ཇུས་དེ་ལས་མངོན་གསལ་དོད་པོ་ཡིན་པ་ནི་རྒྱུན་གཏན་དང་མི་འདྲ་བའི་བྲེལ་འཚབ་ཆེ་བ་ཡིན་པ་རེད།

         དུས་བབ་དང་འཚམ་པའི་རེ་བ་ཞིག་འགྲུབ་ཆེད། སྤྱི་ལོ་སྔོན་གྱི་ལོ་བརྒྱ་ཡས་མས་ཤིག་ལ་རོ་མའི་སྲིད་འཛིན་པ་མཱ་ཡཱ་ཡིས་རོ་མའི་དམག་དོན་སྒྲིག་སྲོལ་ལ་བཅོས་བསྒྱུར་བྱས། ཐེངས་དེའི་བཅོས་བསྒྱུར་གྱིས་ཕྱོགས་གཅིག་ནས་དམག་དཔུང་གི་འཐབ་འཛིང་དང་། འགུལ་སྐྱོད་དང་སྟབས་བསྟུན་རང་བཞིན་བཅས་ལ་ཕན་ནུས་བཏོན་པ་ལས་གཞན། རོ་མའི་དམག་དཔུང་རིམ་གྱིས་འཁོར་བསྐྱོད་( དྲ་རིས། གནའ་བོའི་དམག་ཐབས་བྱེད་སྟངས་ཤིག་རེད། )འཐབ་ཐབས་སུ་རིམ་བརྒལ་བྱས་པ་རེད། ད་དུང་རྐང་དམག་རུ་ཁག་རྩ་བའི་འཐབ་རྩལ་རུ་ཁག་ཏུ་རྩ་འཛུགས་བྱས་ནས། དམག་ཚོགས་རེ་རེ་ལ་རུ་ཁག་བཅུ་རུ་བྱས་ནས་བགོས་སྟེ་རུ་ཁག་ཆེ་བ་རེ་ལ་དམག་མི་ 400-500 བར་གཏན་ལ་ཕབས།

         དམག་དཔུང་རེ་རེ་ལ་འཐབ་འཛིང་བྱེད་ཐབས་རེ་རྩ་འཛུགས་བྱས། དཔུང་དང་པོའི་འཐབ་ཐབས་ནི་མདའ་རྩལ་རུ་དཔུང་དང་། ཁོ་ཚོས་འཐབ་འཛིང་ཁྲོད་ཐོག་མར་མདའ་སྤྱད་ནས་དྲག་འཐབ་བྱེད་པ་དེ་རེད། རུ་དཔུང་གཉིས་པ་ནི་དཔུང་ཡོངས་ཀྱི་གཙོ་བོའམ་དཔུང་ཡོངས་ཀྱི་ལྟེ་སྙིང་རེད། འཐབ་འཛིང་ལ་ཉམས་མྱོང་གིས་ཕྱུག་པའི་དམག་མི་གཞོན་པ་དག་ལས་གྲུབ་པ་ཞིག་རེད། གལ་སྲིད་མདའ་རྩལ་རུ་དཔུང་ཕལ་རྒོལ་བྱེད་མ་ཐུབ་ན། ཁོང་ཚོའི་རུ་དཔུང་ལྷུགས་ནས་ཕལ་རྒོལ་བྱེད་སྲིད། རུ་དཔུང་གསུམ་པ་ནི་རྗེས་སྣོན་རུ་ཁག་ཅིག་རེད། ཏན་ཏན་དམག་མི་རྒན་པ་དག་གིས་གྲུབ་པ་ཞིག་རེད། སྤྱིར་བཏང་གི་གནས་ཚུལ་འོག་ཁོང་ཚོ་ནི་དམག་གི་འཐབ་འཛིང་ལ་ཞུགས་ནས་དམར་འཛིང་སོགས་རུ་དཔུང་གསུམ་པ་ཕམ་པ་ལས་གཞན་དགོས་པ་མ་རེད། གལ་སྲིད་དམག་དཔུང་སྔོན་མ་དེ་ཕམ་སོང་ཚེ་མགྱོགས་མྱུར་ངང་ཕལ་རྒོད་བྱེད། རྒྱུ་མཚན་དེས་སྔོན་རོ་མ་ལ་གཏམ་དཔེ་ཞིག་ཀྱང་ཡོད། དོན་རྐྱེན་བྱུང་ནས་མཐོ་རླབས་སུ་ཐོན་དུས་རྗེས་སྣོན་རུ་དཔུང་ཁྲི་བཅུས་ཛ་དྲག་བཟོ་སྲིད། འདི་འདྲའི་ནན་ཏན་གྱི་སྒྲིག་གཞི་འོག་རོ་མའི་དམག་དཔུང་གིས་དགྲ་བོ་ལ་རྦ་རླབས་གཅིག་ལས་གཅིག་ཏུ་མཐོ་བའི་ཕལ་རྒོད་བྱེད། ད་དུང་རུ་དཔུང་དག་གིས་མཉམ་སྡེབ་བྱས་ན་ཕལ་རྒོད་ནུས་པ་ནི་ཧ་ཅང་བཙན།

         དུས་མཚུངས། རོ་མའི་དམག་མི་རེ་རེ་ལ་ཕུལ་དུ་བྱུང་བའི་དམག་དོན་གྱི་བྱང་ཆ་ཆེན་པོ་ཞིག་ཡོད། ཁོ་ཚོར་སྦྱངས་བརྡར་བྱེད་པའི་དུས་ཚོད་ནི་སྐྱེས་མ་ཐག་ནས་ཡིན་པ་རེད། དམག་དོན་ནི་རོ་མའི་སྐྱེས་པའི་འཚོ་བ་གཙོ་གྲས་རེད། སྐྱེས་པ་རེ་རེ་ནི་གཏན་ཁེལ་ལྟར་ན་ལོ་ལྔ་ནས་དམག་དོན་ལ་ཞུགས་དགོས་པ་རེད། དཔེར་ན་རི་དྭགས་རྔོན་པ་དང་། ཤུགས་འགྲན་པ་སོགས་བྱེད། ལོ་དྲུག་ཅུ་ལ་ཐོན་ན་གཞི་ནས་དམག་གྲས་ནས་ལས་འཁྱུར་ངལ་གསོ་བྱེད་ཆོག

         ད་དུང་བློ་ཡུལ་ལས་འདས་པ་ཞིག་ནི་རོ་མའི་དམག་དཔུང་གིས་སྔོ་ཚལ་གྱི་ཟས་རིགས་ཙམ་ལ་བརྟེན་ནས་ནུབ་ཕྱོགས་གཙང་ཕྱག་བྱས་པ་རེད། རོ་མའི་དམག་དཔུང་གི་འཚོ་ཚིས་ནི་ཧ་ཅང་སྟབས་བདེ་ཡིན། མེན་པའོ་དང་འབྲས་ཁུ། སྔོ་ཚལ་ཉུང་ངུ་ཞིག་ཆང་སྐྱུར་དང་། ཤ་ནི་ཧ་ཅང་ཉུང་། བཤད་རྒྱུན་ཅིག་ལ་དམག་ཁུལ་དུ་འདི་འདྲའི་དོན་ཅིག་བྱུང་སྐད། དམག་སྒར་ཡོངས་ལ་ཟས་ཚར་ལ་ཉེ་བའི་དུས་སུ་དམག་མི་རྣམས་ཀྱིས་ཤ་མི་ཟ་ཐབས་མེད་བྱུང་སོང་བས། དམག་མི་དག་གིས་དུས་རྒྱུན་འཁང་ར་བྱས་ཀྱིན་ཡོད།

         ཞི་བདེའི་དུས་སྐབས་སུ་རུ་དཔུང་དག་གིས་ད་དུང་རྒྱུན་མཐུད་དུ་དམག་སྦྱོང་བྱེད་ཅིང་། རྒྱུ་མཚན་དམག་མི་རྣམས་རི་དྭགས་རྔོན་པར་ཧ་ཅང་དགའ། གདོང་གཏན་པའི་འབད་པ་མཐའ་དག་ནི་ཡུན་གྱིས་འཚོ་བའི་ལོངས་སྤྱོད་ཅིག་ལ་གྱུར། སྤྱི་ལོ་སྔོན་གྱི་405ལོའི་སྔ་རོལ་ཏུ། དམག་མི་ལ་ཟླ་ཕོགས་མེད། སྐལ་དུ་སྦྱིན་པའི་གླ་ཆའང་ཉུང་ཉུང་ལས་མེད། འོན་ཀྱང་རོ་མའི་དམག་དཔུང་ལ་གྲལ་རིམ་ལྟར་དུ་གཡུལ་ས་ལས་ཐོབ་པའི་དངོས་པོ་དང་བྲན་གཡོག་སོགས་བགོས་ཆོག འདི་ནི་རོ་མ་དང་ཆིན་རྒྱལ་རབས་གཉིས་ཀྱི་ཕྱོགས་མཚུངས་ཉུང་ཉུང་ཞིག་ཡོད་པ་རེད།

2015.12.24

ཡོང་ཁུངས་སྒྲ་བསྒྱུར་རིག་གནས་འཕྲིན་སྟེགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s