December ༣༡, ༢༠༡༥

ངེད། བྱིས་པའི་ཤེས་བྱ། -2 Minutes

སྙན་ངག་འཚོའི་རི་མོ།

རི་མོ་བ་སྙན་ངག་འཚོ།   བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

འཁོར་བའི་ནང་གི་ང་།

གཟུངས་ཕྱུག་སྐྱིད། དོ་ནུབ་ངག་གི་ཡོལ་བ་དཀར་པོ་སུ་ལ་བརྐྱངས་པའི་འབྲེལ་ཐག་ཡིན།། དགོད་བཞིན་དགོད་བཞིན་འཛུམ་པའི་ཀློང་ནས་མིག་གི་གཙང་བོ་གང་ལ་བྱོ།། རེ་སྨོན་སྟོང་གི་སང་ཞོགས་དེ་ན་རྨི་ལམ་འོད་དུ་འཚེར་རམ་ཅི།། སྲོག་རྩ་ཆད་པའི་སྙན་ངག་དག་ཀྱང་ན་ཆུང་ཤི་བའི་རོ་གོག་འདྲ། ། སྙིང་བོས་དབུལ་བའི་བྲག་ཆ་དག་གིས་སྙིང་ལ་གཟན་པའི་སྣང་བ་སྟེར།། ཕྱི་རུ་འཁྱར་བའི་གོམ་སྒྲ་གཉོམ་པོས་སེམས་ཀྱི་ལྷིང་འཇགས་དབྱིངས་སུ་གཏོར།། གངས་རི་ཉིལ་བའི་འཇིགས་སྣང་རེ་རེ་མངོན་གསུམ་མིག་གི་ལམ་དུ་ལྷགས།། རང་སྐད་འགག་པའི་ནད་ཡམས་དག་གིས་རེ་བའི་རྨི་ལམ་རྒྱང་དུ་དེད།། ཡུལ་སྲོལ་ཉམས་པའི་རྩ་ནད་དྲག་པོས་འཚོ་བའི་རུས་རྐང་ཡང་ཡང་བསྐམས།། ཤུན་ཏུ་སྐམ་པའི་གར་སྟེགས་དག་ལ་སྒྱིད་ལུག་སྟོང་གི་ངོ་གདོང་འབབ།། སྣང་བ་ཡན་པའི་རོལ་རྩེད་དག་ཀྱང་མི་འདོད་ཟས་ཀྱི་ཡི་ག་བཞིན།། ང་ཡི་ཕྱི་རབས་རིགས་རྒྱུད་དཀར་པོའི་སྲོག་གི་ལྗང་ལོ་སུ་ཡིས་བསྲུང་།། སྟོད་ཀྱི་གངས་རིའི་གསང་བ་བྲུས་ཀྱང་ལྷ་ཆེན་དག་གིས་ལྟད་མོར་ལྟ།། སྨད་ཀྱི་མཚོ་མོའི་དྭངས་གཙང་རྙོག་ཀྱང་རྒྱུ་ཆེན་དག་ལ་བློ་འགྱོད་མེད།། བརྩེ་བ་དགུ་འགྱུར་ས་ཆེན་ཨ་མ་ནད་ཀྱིས་མནར་བའི་མཛེས་མ་འདྲ།། གངས་ལ་བལྟས་ཀྱང་སྐྱོ་བ་སྟོང་གིས་རང་སེམས་མཚོ་མོ་ཡང་ཡང་བསྐྱོམས།། 2015 12 2ཉིན། རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག...
དེ་ལས་མང་པ།