ཨ་རྡོ་ནུས་སུ་ལ་བཅར་འདྲི་བྱས་པ། སྔ་དུམ།

ང་རང་སྐྱེས་པ་ནས་སྙན་ངག་གི་སྲས་པོ་ཡིན། ང་ནི་རླུང་དང་འོད་ཀྱི་རྒྱལ་བོ་ཡིན།

ཞགས་ཐག་གིས་བསྒྱུར།


        གསར་འགོད་པ: “ཐོག་མའི་སྙན་ངག”གི་ཆེས་མཇུག་གི་ཚིག་རྐང་འགའ་རུ་འདི་འདྲ་ཞིག་བྲིས་འདུག་སྟེ“ཁྱོད་ཀྱིས་ཆེས་མཛེས་པ་ནི བར་ཁྱད་དབྱེ་རྒྱུ་ཡོད་པ་དེ་ཡིན ལྷིང་འཇགས་དང་སྐད་ཆ་གཉིས་སུ་དབྱེ་ཆོག་པ་དེ་ཡིན”སྙན་ངག་ནང་གི་“ཁྱོད་”ནི་སྙན་ངག་ཡིན་ནམ་སྙན་ངག་པ་ཡིན།


        ཨ་རྡོ་ནུས་སུ: སྙན་ངག་པ་ཡིན། མི་ཡིན་ཞེས་བཤད་ཀྱང་ཆོག


      གསར་འགོད་པ: ཚད་ངེས་ཅན་ཞིག་གི་སྟེངསྙན་ངག་གིས་སྐད་ཆ་མཚོན་ཐུབ། ཡིན་ཡང་དེའི་བརྒྱབ་དུ་ཡང་ཕོན་ཆེ་བའི་ལྷིང་འཇག ས་ཤིག་ཡོད། ཁྱོད་ཀྱིས་སྙན་ངག་དེ་ལྷིང་འཇགས་དང་སྐད་ཆ་ལས་གང་ཞིག་ཤས་ཆེ་བར་འདོད།


     ཨ་རྡོ་ནུས་སུ: ཁྱོད་ཀྱིས་བཤད་པར་གནས་ལུགས་འདུག སྙན་ངག་ནི་སྐད་ཆ་ཁོ་ན་ཙམ་མ་ཡིན་པར་ལྷིང་འཇགས་ཀྱི་སྐབས་ཤིག་ཀྱང་ཡོད། ཡང་གཅིག་བཤད་ན། གལ་སྲིད་སྙན་ངག་ནི་སྐད་ཆ་ཡིན་ཚེ། དེའི་རིགས་ཀྱི་སྐད་ཆ་ནི་ཁ་ནང་ཁོ་ན་ནས་བཤད་པ་མ་ཡིན་པར་རྣམ་ཤེས་ཀྱི་སྐད་ཆ་དང་ལུས་ཕུང་། དབང་པོ་སོགས་ཀྱིས་མཚོན་པར་འདོད་པའི་སྐད་ཆ་ཞིག་ཀྱང་ཡིན། འདིའི་རིགས་ཀྱི་སྐད་ཆ་ནི་ལྷིང་འཇགས་དང་ལྷག་ཏུ་ཐག་ཉེ། ཁྱོད་ཀྱིས་གོ་མི་སྲིད། འོན་ཏེ་སྙན་ངག་གིས་མཚོན་ཐུབ། དེ་ལས་ཀྱང་གཏིང་ཟབ་པའི་མཚད་ཉིད་ཅིག་གི་ཐོག་ནས་བཤད་ན། ལྷིང་འཇགས་དང་སྐད་ཆའི་བར་དུ་ཁྱད་པར་ཅི་ཡང་གནས་མེད། རྒྱུ་མཚན་སྐད་ཆ་ནི་ལྷིང་འཇགས་ཀྱི་སྒྲ་གདངས་སོ།།


       གསར་འགོད་པ: ཁྱོད་ཀྱིས་དུས་རྒྱུན་སྙན་ངག་གི་ནང་དུ་མཚད་ཉིད་ཅེས་པའི་ཚིག་འདི་བཀོལ་ཀྱིན་འདུག ལྷག་ཏུ་མང་ཆེ་བར་ཁ་བྱང་ནང་འགོད་ཀྱིན་འདུག དཔེར་ན། “མཚན་ཉིད་ཀྱི་གླུ”“སྙིང་བོའི་ཚལ་གྱི་འགྲུལ་སྟོན”ལ་སོགས་པ། མཚན་ཉིད་ནི་ངེས་པར་དུ་མཁོ་བ་ཞིག་ཡིན་ནམ།

      
ཨ་རྡོ་ནུས་སུ: མི་རེ་འགས་བསམ་པར་སྙན་ངག་ལ་མཚན་ཉིད་མེད་པ་དང་ད་དུང་མི་རེ་འགས་བསམ་པར་འཇིག་རྟེན་ལ་མཚན་ཉིད་མེད་པ། ཚུལ་འཆལ་ཁོ་ནར་བཟུང་འདུག འོན་ཏེ་ངས་བསམ་པར་མི་དང་བྱ་དངོས་གཞན་པ་མི་འདྲ་བར་འདོད། མིས་རང་ཉིད་ཀྱི་ལོ་རྒྱུས་འབྲི་དགོས། མིས་མཚན་ཉིད་འཚོལ་ཞིབ་བྱེད་དགོས། ཕལ་ཆེར་ཁོས་མཚན་ཉིད་ཟེར་བ་ཞིག་ཨེ་རྙེད་མི་ཤེས། འོན་ཀྱང་འཚོལ་ཞིབ་ཀྱི་གོ་རིམ་དེ་མི་ལ་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་རེད། དེ་བས་མཚན་ཉིད་འཚོལ་བ་ནི་སྙན་ངག་ལ་མཚོན་ནའང་ཧ་ཅང་གལ་ཆེའོ།། མཚན་ཉིད་ཀྱི་འཚོལ་ཞིབ་ལ་མཚོན་ན། རང་དབང་འཚོལ་སྙེག་གི་བསམ་བློ་བ་ཞིག་དང་དད་མོས་པ་གཉིས་སུ་ཁྱད་པར་ཕྱེས་ཆོག དད་མོས་པར་མཚོན་ནས་བཤད་ན། ཆོས་ལུགས་དད་མོས་པ་ཡིན་ནའང་ཆོག་ཡང་ན་མི་ཞིག་གིས་འདུ་ཤེས་འཛིན་སྟངས་ལ་ཡིད་རྟོན་བྱེད་མཁན་ཞིག་ཡིན་ནའང་ཆོག མཚན་ཉིད་ཟེར་བ་ནི་ཡར་སྔོན་ནས་གྲུབ་ཚར་ཟིན། དེའི་མཚན་ཉིད་ཟེར་བ་ཞིག་འཚོལ་ཞིབ་བྱེད་མི་དགོས། འོན་ཏེ་རང་དབང་འཚོལ་སྙེག་བྱེད་པའི་བསམ་བློ་བ་དང་སྙན་ངག་པ་ཞིག་ལ་མཚོན་ནས་བཤད་ན་ཡར་སྔོན་ནས་གྲུབ་ཚར་བའི་མཚན་ཉིད་ཟེར་བ་ཞིག་མེད། ཁོའི་ངེས་པར་དུ་མཚན་ཉིད་འཚོལ་ཞིབ་བྱེད་དགོས། ངས་བལྟས་ནས་ཡོང་ན། མིའི་ཆེས་གལ་ཆེ་བའི་ནུས་ཤུགས་དང་ཆེས་མ་གཞིའི་ནུས་པ་ནི་ཁོས་འདྲི་ཐུབ་པའི་དྲི་བ་ལས་མངོན་ཐུབ་པ་མ་གཏོགས་དྲིས་ལན་སྤྲད་ཐུབ་པ་དེ་མ་རེད། འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་ལས་མི་ཁོ་ནར་དྲི་བ་འདོན་ཐུབ་པའི་ནུས་པ་ཡོད།


       གསར་འགོད་པ: དེ་བས་ཁྱོད་ཀྱིས་དུས་རྒྱུན་མཚན་ཉིད་འདི་དག་གབ་བསྡུས་དང་ཡིད་བརྙན་ནང་ཚུད་དུ་བཅུག་འདུག

      
ཨ་རྡོ་ནུས་སུ: སྙན་ངག་པ་ཞིག་ཡིན་པའི་ངོས་ཐད་ནས་ངས་མཚོན་པར་འདོད་པའི་བསམ་བློ་དང་མཚན་ཉིད་འདི་དག་ལ་འགོད་ཀྱིན་པའི་ཐབས་ཤེས་ནི་སྙན་ངག་གི་སྨྲ་བརྗོད་ཡིན། མི་རེ་འགས་བསམ་པར་ཆེས་ལས་མ་བཟང་བ་ཞིག་ནི་སྐད་ཆའི་སྙན་ངག་པའི་མཚོན་པར་འདོད་པ་དག་མཚོན་ཐབས་བྲལ་བ་ཞིག་ལ་ངོས་བཟུང་འདུག འོན་ཏེ་ངས་བསམ་ན་དེ་ནི་ཏག་ཏག་སྙན་ངག་པའི་ཆེས་ལས་བཟང་ཤོས་དེ་རེད། དངོས་ཡོད་ཀྱི་སྐད་ཆའི་མཚོན་འདོད་པ་དག་ཡག་པོར་མཚོན་མ་ཐུབ་པས་ཁོས་ངེས་པར་དུ་གབ་བསྡུས་དང་ཡིད་བརྙན་ལ་བརྟེན་དགོས། གབ་བསྡུས་དང་ཡིད་བརྙན་གང་དེས་སྙན་ངག་དང་སྐད་ཆ་དེ་ལས་རྒྱ་ཆེ་བ་དང་དེ་ལས་གཏིང་ཟབ་པའི་བར་སྟོང་ཞིག་སྤྲོད་ཐུབ། སྙན་ངག་ནི་དྲིས་ལན་ཞིག་མ་ཡིན་པར་དྲི་བ་ཞིག་ཡིན། ཁོའི་མཚོན་པ་ཡོད་ཚད་འགྲམ་ངོགས་མ་ཡིན་པར་རྦ་རླབས་ཡིན། ཀློག་པ་པོ་རྦ་རླབས་འདིའི་ངོགས་སུ་འཚང་ནས་རང་ཉིད་ཀྱིས་དྲིས་ལན་འཚོལ་དགོས། མི་རེ་འགའ་ཞིག་གིས་དེང་རབས་སྙན་ངག་ལ་སྐྱོན་བརྗོད་མང་པོ་བྱེད་ཀྱིན་འདུག ངས་བལྟས་ནས་ཡོང་ན་མི་འདི་དག་གི་ནང་སེམས་སུ་མཚན་ཉིད་དང་འཚོལ་ཞིབ་ཀྱི་སེམས་ཁྲལ་ཞིག་མེད་པར་དྲིས་ལན་གྱི་སེམས་ཁྲལ་ཞིག་གི་ནང་དུ་གནས་འདུག དྲིས་ལན་ཁོ་ན་ཐོབ་པར་འཁྲེང་འདུག ང་ལ་མཚོན་ནས་བཤད་ན། དངོས་དོན་གྱི་རིན་ཐང་ཡོད་པའི་སྙན་ངག་ནི་ཀློག་པ་པོའི་ཀློག་ཚར་བའི་རྗེས་སུ་བྱ་དངོས་ཡོད་ཚད་ལས་བརྒལ་ཏེ་སེམས་ཁྲལ་དང་སེམས་བཏང་སྙོམས་སུ་གནས་ཐབས་མེད་པའི་ཚོར་བ་སྟེར་ཐུབ་པ་དེ་རེད།


         གསར་འགོད་པ: ཁྱོད་རང་དེ་ལས་ཀྱང་མིང་འདོགས་པ་པོ་ཞིག་ཏུ་འགྱུར་འདོད་དམ་འགྲེལ་བ་བོ་ཞིག་ཏུ་འགྱུར་འདོད།


        ཨ་རྡོ་ནུས་སུ: ང་ལ་མཚོན་ནས་བཤད་ན་ཆེས་གཙོ་བོ་ནི་འཇིག་རྟེན་གསལ་འགྲེལ་བྱེད་པ་མིན་པར་འཇིག་རྟེན་བསྐྱར་བཞེངས་བྱེད་རྒྱུ་དེ་ཡིན།


          གསར་འགོད་པ: སྙན་ངག་ལ་བསམ་བློ་ཕན་ཆད་ནས་ད་དུང་བརྩེ་དུང་ཡང་ཡོད། དཔེར་ན། བདེ་སྐྱིད། སྡུག་བསྔལ། ཁོང་ཁྲོ་ལ་སོགས་པ། གལ་ཏེ་བརྩེ་དུང་རིགས་གཅིག་འདེམས་དགོས་ཚེ། ཁྱོད་ཀྱིས་གང་བདམས་ཚེ་ད་གཟོད་རང་གི་སྙན་ངག་མངོན་ཐུབ།

        
ཨ་རྡོ་ནུས་སུ: སྙན་ངག་མི་འདྲ་བ་རེར་བརྩེ་དུང་མི་འདྲ་བ་རེ་མངོན་ཡོད། འོན་ཏེ། གལ་སྲིད་ངས་སྙན་ངག་ཡོད་དོ་ཅོག་བརྩེ་དུང་རིགས་ཤིག་གིས་མངོན་མཚོན་བྱེད་དགོས་ཚེ་ང་རང་ཆེས་མཚོན་ཐུབ་པ་ནི་ཁོང་ཁྲོ་ཡིན། ཁྲོང་ཁྲོ་དེའི་རྐྱེན་པས་འཛམ་གླིང་བསྐྱར་འཛུགས་བྱེད་འདོད་ཀྱི་རེ་འདུན་ཞིག་སྐྱེས་བྱུང་། སྙན་ངག་པ་རེ་འགས་ནན་བསྐུལ་གྱིས་འཇིག་རྟེན་དང་བསྟུན་པ། འཇིག་རྟེན་དང་མཐུན་ཐབས་བྱེད་དགོས་ཟེར་གྱིན་འདུག ངས་བྱ་ལས་དེ་རིགས་ལ་ངོ་རྒོལ་བྱེད་ཀྱིན་ཡོད། སྙན་ངག་པ་གནས་དགོས་པའི་རིན་ཐང་ནི་འཛམ་གླིང་གི་ངོ་བོ་བཅོས་སྒྱུར་བྱེད་རྒྱུ་དང་འཛམ་གླིང་གི་མིའི་གཉུག་གཤིས་དང་མི་མཐུན་པ་མིའི་གནས་ལུགས་དང་མི་མཐུན་པ་དག་བཅོས་སྒྱུར་བྱེད་རྒྱུ་དེ་ཡིན།



          གསར་འགོད་པ: དེའི་རྐྱེན་པས་ཁྱོད་ཀྱི་སྙན་ངག་ནང་ངོ་ལོག་གྱི་སྙིང་སྟོབས་ཤིག་མངོན་འདུག འདི་ལྟ་བུའི་ངོ་ལོག་ནི་དེང་རབས་ཅན་ནས་ཡོང་བ་ཨེ་ཡིན།

         
ཨ་རྡོ་ནུས་སུ: འདི་དེང་རབས་ཅན་དང་འབྲེལ་བ་མེད། ངོ་ལོག་ནི་མིའི་སྙིང་སྟོབས་རིགས་ཤིག་ཡིན། གནའ་རབས་ལ་ཡང་ངོ་ལོག་པའི་སྙན་ངག་པ་དང་སྙན་ངག་མང་པོ་ཡོད། འདི་ལྟ་བུའི་ངོ་ལོག་ནི་གཙོ་བོ་འཇིག་རྟེན་གྱི་དངོས་ཡོད་དང་འབྲེལ་བ་ཡོད། དེའི་རྒྱུ་མཚན་འཇིག་རྟེན་གྱི་དངོས་ཡོད་ལ་ཡིད་མ་འཚིམ་པས་ངོ་ལོག་པའི་བསམ་པ་འདི་སྐྱེས་པ་རེད། དེང་སྐབས་དེང་རབས་ཅན་གྱིས་དེ་ལས་ལྡོག་སྟེ་མི་ལ་འཇིག་རྟེན་དང་མཐུན་ཐབས་བྱེད་པ་ཞིག་ཁྲིད་ཡོང་གིན་འདུག འདི་ལྟ་བུའི་དེང་རབས་ཅན་ལ་སྙིང་བོ་ཅི་ཡང་མི་འདུག དེ་བས་དེ་རིང་ངས་དེང་རབས་ཅན་ལ་ཡང་ཁོང་ཁྲོའི་ཉམས་འགྱུར་ཞིག་སྟོན་དགོས།༼བགད༽


          གསར་འགོད་པ། འོན་ཏེ་ཇི་ལྟར་བཤད་ཀྱང་དེང་རབས་སྙན་ངག་དེང་རབས་ཀྱི་རྩ་བའི་ནང་ཟུག་འདུག ཁྱོད་ཀྱི་ཇི་ལྟ་བུ་ཞིག་ལ་དེང་རབས་སྙན་ངག་ཏུ་འདོད་ཡོད།


         ཨ་རྡོ་ནུས་སུ། རམ་བྷོག་ལ་སྐད་ཆ་མིང་དུ་གྲགས་པ་ཞིག་ཡོད༼ང་ཚོ་དེང་རབས་པ་རྣལ་མ་ཞིག་ལ་འགྱུར་དགོས༽ངས་སྐད་ཆ་འདི་བསྒྱུར་ནས་༼ང་ཚོ་སྙན་ངག་པ་རྣལ་མ་ཞིག་ལ་འགྱུར་དགོས༽རྒྱུ་མཚན་སྙན་ངག་པར་མ་གཞི་ནས་དེང་རབས་ཀྱི་རྣམ་པ་ཞིག་གནས་ཡོད། གནའ་རབས་དང་དེང་རབས་ཟེར་བ་དེ་དུས་ཚོད་ཀྱི་མཚན་ཉིད་ཅིག་རེད། རིན་ཐང་ཡོད་པའི་སྙན་ངག་པ་ཆེན་པོ་དག་དུས་རབས་ལས་བརྒལ་ཐུབ། ཁོ་ནི་གནའ་རབས་ཡིན་ན་ཆོག་ལ་དེང་རབས་ཀྱི་ཡིན་ན་ཆོག དུས་ཚོད་ཀྱི་བར་ཐག་གིས་ཚོད་འཛིན་བྱེད་མི་ཐུབ། སྙན་ངག་དང་དེང་རབས་ཅན་གཉིས་ཀྱི་ཚང་མ་གཅིག་པ་མིན། རྒྱུ་མཚན་དེང་རབས་ཅན་མངོན་པའི་བྱ་དངོས་འགའ་རེ་དེ་རིང་བལྟས་ཡོང་ན་ཡང་འདང་རྒྱག་རིན་དང་དོགས་སློང་བྱེད་རིན་ཡོད་པ་ཞིག་རེད། སྙན་ངག་དེང་རབས་ཅན་ལས་མཐོ་ན་འགྲིག དེང་རབས་ཅན་ཟེར་བ་དེ་དང་དེང་རབས་སྔོན་མ། དེང་རབས་ཕྱི་མ། ཚང་མ་རྣམ་པ་ཙམ་རེད། འོན་ཏེ་སྙན་ངག་ནི་ངོ་བོ་ཡིན། གནའ་དེང་གང་ཡིན་ཡང་དངོས་དོན་གྱི་རིན་ཐང་ཡོད་པའི་སྒྱུ་རྩལ་གསར་གཏོད་ཡོད་ཚད་ལ་དེང་རབས་ཅན་གྱི་རྣམ་པ་ཞིག་ཡོད་འདུག འོན་ཏེ། དེང་རབས་ཀྱི་བྱ་དངོས་ཚང་མར་རིན་ཐང་འདུག་ཅེས་བཤད་ན་མི་འགྲིག་གི

ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s