སོ་ཁམ།
ང་ནི་རླུང་གིས་དེད་པའི་གྲང་བ་སྟེ།།
ཆུ་ཡི་རླངས་ཀྱིས་ཁུད་དུ་གཅུད་ཙམ་གྱིས།།
མཚན་གྱི་དུས་སུ་བྲན་ཞིང་འདུར་བ་ན།།
དུས་ཀྱི་རྫུ་བག་བྲལ་བའི་འབྲོག་ཕྲུག་མའི།།
མཁུན་སྒྲ་གསལ་བའི་འོ་ཁར་ཞེ་ནས་དུད།།
ད་དུང་མཚན་དེར་བྲིས་པའི་ལྷ་སྒྲུང་དེ།།
ཁོ་བོའི་རྨི་ལམ་ཨེ་ཡིན་མནན་གྱིས་བརྟག།
ཁྱིམ་མཚེ་ཡུགས་མོ་ཚང་གི་སྒེའུ་འགྲམ་དུ།།
བྲེད་ཤ་དོད་པའི་སྙིང་གི་བརླང་པོ་ཡིས།།
འབྲི་ཤོག་ངོས་སུ་སྐར་མའི་གསང་བ་བྲིས།།
དེ་ནི་ངས་ཁྱོད་དྲན་པའི་མཚན་མོ་རེད།།
གནམ་གྱི་ཚེས་རིས་དེ་ཙམ་མོག་མོད་ཀྱང་།།
ཅི་ཞིག་བོར་བ་ལྟ་བུའི་སེམས་ཁུར་དེ།།
ཙག་དང་བསེར་བུས་ཉིང་ཁུ་རྡོག་རྡོག་ཅིག།
ང་རེས་བཏུང་དང་མ་བཏུང་སུ་ལ་འདྲི།།
2016/1/6ཉིན།
རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག