ནམ་ཟླ་སྐྱ་བོ།


སྨྱུག་མདའ།

དོ་ནུབ་འོད་ལྷེམ་ལྷེམ་ཞིག
སེམས་ངོར་ཤམ་ཤུམ་དུ་དྲན
ང་ཁྱེད་ཀྱི་ལྟེ་བ་སླེབས་དུས
ན་ནིང་ལས་རྒས་གཉེར་བབས་འདུག

དགུན་གཞུང་གི་འཆར་ཡན་རབ་རུབ
ཡིད་ཀ་འདི་ཅི་འདྲའི་ལྕིའང
ས་རྡུལ་ཉིལ་ལིར
བྱེ་ཐང་གི་གྲིབ་གཟུགས་བཏུས་ཡོང

ནམ་ཟླ་གྲང་ཤུར་ཤུར
ལོ་ངོ་སྟོང་ཕྲག་གི་འོད་སྣང་མཐའ་ན
རེ་སྨོན་གྱི་ས་བོན་སྙེ་བཞིན
ཧི་མ་ལ་ཡའི”ཡ་ཡོའི་རྨི་ལམ་ལ་ཐིམ

གནས་མཆོག་ཅིག
སྤྲང་བོ་ཚོའི་འཚོ་སྟངས་ཤིག་ལས
མེ་ཏོག་གི་ཕྲེང་བ
འོད་དང་མུན་པའི་བར་དུ
ཡ་གིའི་ཉིན་ཞག་མཚོན་བྱེད་དུ་གྱུར

ངའི་དབྱངས་གསལ་གྱི་རོ་བཅུད་འཇིབ་བཞིན
བརྡ་སྤྲོད་ཀྱི་གསང་བ་འཁྱགས་ཤི་ཐེབས
དེ་བས   ཁ་དོག་ཧ་ཅང་མང
ཁ་དོག་རེ་རེ་ནས་སྐྱེན་འོངས་པ
ཕྱི་རོལ་གྱི་བོད་སྐད་ཉག་ཕྲ་མ་དེའུ

བརྡ་སྦྱོར་ངོས་ན་རྒས་པའི་རྨི་ལམ་གསར་བ་ཞིག
ཡི་གེའི་ཟུར་དུ་ལྷུང་བའི་ཚུགས་ཀ
ཐིག་ཕྲེང་རེ་རེར་ནས་བཙིར་ན་རུས་པ་གདུའང
ལྗིད་ཉམས་ཤིག་ཆེ་ནས་ཆེ་རུ་བསྐྱེད

སྒོ་དང་སྒེའུ་ཁུང་གི་སྲུབས་ཀ་ནས
རླུང་བུ་གྱ་གྱུ་དེས
མདང་ནུབ་ཀྱི་མཚན་ནམ་གྲང་ཤུར་རེར་བསྐྱལ
མཚན་སྨག་གི་གྲང་བ་དང་སྙན་ངག་འདི
ཉི་ཐིག་ལ་མགོ་བོ་སྙེ་ཕྱིར
ངུ་ཤུམ་འཇམ་པོ་ཞིག་གི་མཚར་སྡུག་བཏུས་ཡོད

2016/1/8  ཝཱ་རཱ་ཎ་སཱིར་བྲིས།

རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག 

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s