དམག་ཆེན་གཉིས་པ་འཇར་མན་པས་སློང་དོན།


སྒར་བ་འཕྲིན་ལས་རྒྱ་མཚོས་བསྒྱུར།

        ཧྥ་རན་སིའི་ཚོགས་ཁག་གི་ཚུལ་མིན་གྱིས་སྐྱིན་པ་ལེན་ཚུལ་ལ་དབྱིན་ཇི་དང་ཨ་རི་གཉིས་མི་འཐད་པའི་རྣམ་འགྱུར་བསྟན་མོད། འོན་ཀྱང་མཇུག་མཐར་ཁྱབ་བསྒྲགས་བྱས་པའི་༼凡尔赛ཧྥན་ཨར་སེའི་གྲོས་ཆོད༽ཀྱིས་དམག་ཕམ་རྒྱལ་ཁབ་ཀྱི་ཁྲིམས་ཆད་སྔར་བཞིན་ལྕི་མོར་བྱས་པས། ༼凡尔赛ཧྥན་ཨར་སེའི་གྲོས་ཆོད༽་ནི་ “བཙན་རྒྱལ་རིང་ལུགས་པའི་ཆོད་ཡིག”ཏུ་བསྒྱུར་བས་དེ་ལ་ལེ་ཉེན་གྱིས་”བཙན་འཕྲོག་དང་བཙན་ལེན་གྱི་ཆོད་ཡིག”ཅེས་པའི་མིང་གིས་འབོད།


        ཞི་བདེའི་གྲོས་ཆོད་ཀྱི་གཞི་རྩའི་ཐག་བཅད་ནི་འཇར་མན་གྱི་མི་སེེར་སྤེལ་ཡུལ་གྱི་ས་ཆ་ཡོངས་རྫོགས་ལ་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་གཙོ་གྲས་རྣམས་ཀྱིས་རྟིང་འཛིན་དང་དབང་སྒྱུར་བྱེད་པའི་རྣམ་པ་འཕར་སྣོན་གྱིས་ཆ་གཞོག་བྱེད་ལ། ཞི་གྲོས་ཀྱིས་འཇར་མན་མཐའ་མཚམས་དབྱེ་བགོ་ཡང་བསྐྱར་བྱས་པས་འཇར་མན་གྱི་གལ་ཆེན་གྱི་བཟོ་ལས་ས་ཁུལ་རྣམས་གཞན་ལག་ལ་ཤོར་ཞིང་། རྒྱལ་ཁུངས་ཀྱི་བརྒྱད་ཆའི་གཅིག་དང་མི་གྲངས་ཀྱི་བཅུ་ཆའི་གཅིག ལྕགས་གཏེར་རིགས་ཀྱི་65%དང་རྡོ་སོལ་གཏེར་རིགས་ཀྱི45%ད་དུང་ཕྱི་ཚོང་མར་རྐང་གི་མང་ཕྱོགས། ཚོང་གཟིངས་དང་མཚོ་དམག་གི་རུ་གཟིངས་སོགས་ལ་ཉམས་ཉེས་ཆེན་པོ་བྱུང་། ཞི་གྲོས་དེས་ད་དུང་འཇར་མན་གྱི་དམག་ཚད་ལ་སྒྲིག་ལམ་ཧ་ཅང་དོགས་པར་བྱས་ཏེ། དམག་དཔུང་ཇུས་འགོད་ཁང་གཏོར་ཏེ་དམག་གི་འོས་མེད་པར་བྱས། སྐམ་དམག་ཁྲི་བཅུ་ལས་བརྒལ་མི་ཆོག་པ་དང་མཚོ་དམག་ཁྲི་ལས་བརྒལ་མི་ཆོག་པ། ཆོག་མཆན་མེད་པར་ཆུ་འཛུལ་དམག་གྲུ་བཟོས་མི་ཆོག་ལ། མཁའ་དམག་འཛུགས་མི་ཆོག གནམ་གྲུ་བཀོལ་སྤྱོད་མི་ཆོག་ལ་འཁྲབ་འཁོར་དང་ལྕི་བའི་སྒྱོགས་རིགས་ཀྱི་མཚོན་ཆ་ཡང་ངོ་། །གཞན་ད་དུང་འཇར་མན་གྱིས་ངེས་པར་དུ་གསེར་དངུལ་སོགས་ཀྱིས་དམག་འཁྲུག་སྐྱིན་འཚབ་སྤྲོད་དགོས་རྒྱུ་བྱས།

       ཞི་གྲོས་དེ་འཇར་མན་ལ་བསྒྲགས་ཕྱིན་མགྱོགས་མྱུར་ངང་འཇར་མན་རྒྱལ་ཁབ་ནང་ལ་འཁོན་སེམས་དང་བཙན་གནོན་གྱིས་བཞག་པའི་མི་འདོད་པ་མང་བོས་ཁྱབ་ནས་སོང་དུས། འཇར་མན་གྱི་རྒྱལ་མང་གིས་སྲིད་གཞུང་ལ་”གྲོས་ཆོད་དེ་ཉིད་རྩད་ནས་དང་ལེན་མི་བྱེད་”རྒྱུའི་འབོད་སྐུལ་བཏང་། འཇར་མན་གྱི་གྲོང་ཁྱེར་གང་སར་མང་ཚོགས་སྟོང་ནས་ཁྲི་བར་འདུས་ཏེ་མཐུན་ཚོགས་རྒྱལ་ཁབ་དག་གིས་འཇར་མན་བཙན་ལེན་བྱས་པར་འཁོན་སེམས་ཆེན་པོས་རྒོལ་གཏམ་བཏང་། འཇར་མན་དམག་ཆེན་དང་བོར་ཞུགས་དུས་གཞན་ལག་ནས་མི་སེར་སྤེལ་ཡུལ་སོགས་འཕྲོག་ལེན་དང་ཨོ་གླིང་བཙན་དབང་གི་གནད་ས་ཡང་རྩོད་ལེན་ཐུབ་ཡོད། དམག་ལས་ཕམ་པའི་མཇུག་འབྲས་ཀྱིས་མཐའ་མཚམས་བཙན་བཟུང་དང་དབང་ཆ་ཉམས་ཉེས་མར་རྩ་རྡིབ་པ་སོགས་འཇར་མན་མི་མང་གི་སེམས་ཀྱིས་ངོས་ལེན་གཏན་ནས་བྱེད་མི་ཐུབ་པ་ཞིག་ཡིན།

        མང་ཚོགས་ཀྱིས་ངོ་རྒོལ་ཤུགས་ཆེན་གཏོང་བའི་རྒྱུ་རྐྱེན་གྱིས། དང་པོ་འཇར་མན་སྲིད་གཞུང་གིས་གྲོས་ཆོད་དང་ལེན་མི་བྱེད་པ་དང་། འཇར་མན་གྱི་དམག་གཟིངས་ཆེན་མོ་རང་གིས་ཆུ་ལ་ནུབ་ཏུ་བཅུགས་པ་ཡང་གྲོས་ཆོད་ཀྱིས་འདོད་བློ་མ་ཁེངས་པའི་རྟགས་སོགས་བསྟན། དེ་དག་གིས་དབྱིན་ཇི་དང་ཧྥ་རན་སི། ཨ་རི། ཨི་ཏ་ལི་སོགས་དམག་རྒྱལ་རྒྱལ་ཁབ་ཁག་ལ་ཁོང་ཁྲོ་སློང་བས་མཇུག་འབྲས་སུ། དམག་རྒྱལ་རྒྱལ་ཁབ་ཁག་གིས་འཇར་མན་ལ་རྒྱལ་དོན་ཡིག་ཆེན་བཏང་སྟེ། གལ་ཏེ་འཇར་མན་པས་སྤྱི་ཟླ་6/23སྔོན་དུ་གྲོས་ཆོད་ལ་མིང་རྟགས་མི་འགོད་ན་དམག་རྒྱལ་རྒྱལ་ཁབ་ཁག་གིས་འཇར་མན་ལ་ཡང་བསྐྱར་དམག་འཁྲུག་རྒྱག་རྒྱུའི་ཉེན་བརྡ་བཏང་། འོན་ཀྱང་སྐབས་དེར་སྐམ་དམག་དམག་སྤྱི་兴登堡ཞིན་ཏུན་པའོ་ཡིས་འཇར་དམག་ལ་དམག་འཐབ་བྱེད་པའི་ནུས་མེད་པར་བཤད་དུས། འཇར་མན་ནང་ཁུལ་དུ་ཛ་དྲག་པའི་ཆབ་སྲིད་འཐབ་རྩོད་བྱུང་བ་བརྒྱུད། མཇུག་མཐར་རྒྱལ་དོན་ཡིག་ཆེན་དང་ལེན་བྱེད་རྒྱུར་ཐག་བཅད། 6/28ཉིན་འཇར་མན་གྱི་ཕྱི་་བློན་ཆེན་མོ་米勒མེས་ལི་དང་ཁྲིམས་འཛིན་དཔོན་贝尓པའེ་ཨར་གཉིས་ཧྥན་ཨར་སེ་ཕོ་བྲང་ནས་མིང་རྟགས་བཀོད་དེ་འཇན་མན་གྱིས་གནའ་གནོན་དང་ཕམ་ཁའི་སྡུག་འབྲས་བཙན་གྱིས་་མིད།

         འཇར་མན་ནི་རང་རློམ་དང་བཙན་འཛུལ་གྱི་རང་བཞིན་ཅན་གྱི་འབྱོར་ལྡན་རྒྱལ་ཁབ་ཅིག་ཡིན། དམག་ཆེན་གྱི་སྐབས་སུ་འཇར་མན་མང་ཚོགས་ཀྱིས་རྒྱལ་ཁ་ནི་མཐའ་གཅིག་ཏུ་ངེས་པར་ཐོབ་རྒྱུ་ཡིན་པར་སྒྲོག ཐ་ན་དམག་འཁྲུག་གི་མཐའ་མཇུག་གི་ཟླ་བ་ཁ་ཤས་ཀྱི་ནང་དུ་ཡང་འཇར་མན་པས་ཆེས་མཐའ་མཇུག་གི་རྒྱལ་ཁ་ལེན་མཁན་ནི་རང་ཉིད་ཡིན་པར་སྔར་བཞིན་ཡིད་ཆེས་བྱེད། དམག་འཁྲུག་ལས་ཕམ་པའི་དོན་དངོས་ཏེ་བཟློག་ཏུ་མེད་པའི་ཕམ་ཁ་འདི་ཉིད་འཇར་མན་པའི་སྟེང་ལ་བབས་དུས་དེ་ནི་དང་ལེན་བྱེད་གཏན་ནས་མི་སྲིད་པ་ཞིག་ཡིན་པར་མ་ཟད། གཉོམ་འཁུར་དགོས་པའི་བཙན་གནོན་དེ་བས་ཀྱང་དང་ལེན་བྱེད་མི་སྲིད།

         ༼ཧྥན་ཨར་སེའི་ཞི་གྲོས།༽ནང་བཀག་པའི་སྐྱིན་འཚབ་ཀྱི་ཐག་གཅོད་ནི་ཆེས་འཐུས་ཚང་བའི་ཁྲིམས་ཆད་ཀྱི་རང་བཞིན་ཡིན། ཞི་གྲོས་འཆར་འགོད་པའི་བསམ་པར་འཇར་མན་གྱིས་དམག་འཁྲུག་མགོ་བརྩམས་པ་ལ་འགན་ཐམས་ཅད་འཁུར་དུ་འཇུག་པའི་ཆེད་ཡིན་པས། མཐུན་ཚོགས་རྒྱལ་ཁབ་ལ་ཡང་ལྟ་ཚུལ་མཚུངས་པས་སྲིད་གཞུང་ནས་ངོས་ལེན་བྱས་ཏེ། འཇར་མན་དང་གཞན་པའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ངེས་པར་དུ་གྱོང་གུད་ཉམས་ཉེས་ཡོད་ཚད་ཀྱི་གྱོང་གསབ་འགན་ངོས་ལེན་བྱེད་དགོས་པར་བྱས། ཡིན་ཡང་། མཐུན་ཚོགས་རྒྱལ་ཁབ་དང་ཁོ་རང་ཚོའི་རྒྱལ་མང་ལ་བྱུང་བའི་དཀའ་སྡུག་གི་ཉམས་ཉེས་དང་གོད་ཆག་འདི་དག་མནའ་འབྲེལ་རྒྱལ་ཁབ་དང་འཇར་མན་གྱིས་རྡབ་འགྱུར་གྱི་བཙན་འཛུལ་བེད་སྤྱད་དེ་ཁོ་ཚོར་ཕྱིར་སྤྲད་པའི་མཇུག་འབྲས་ཤིག་ཀྱང་ཡིན།

        འདི་ལྟར་ལོ་ངོ་བཞིའི་རིང་ལ་འཇར་མན་གྱིས་ཡ་ང་བའི་དམག་འཁྲུག་གིས་བསྐྲུན་པའི་རྒྱུ་དངོས་ཐམས་ཅད་གྱོང་གསབ་ཀྱི་འགན་ངོས་ལེན་བྱས། ཡིན་ཡང་ཧྥན་ཨར་སེའི་གྲོས་མོལ་གྱི་མཇུག་གི་རྩིས་གཞི་དེའི་སྐྱིན་འཚབ་ནི་རྩ་འཛུགས་ཆེད་གཉེར་བ་རྣམས་ཀྱི་འགན་དུ་བཤད་ཡོད་ལ།  ཆེས་མཐའ་མཇུག་གི་སྤྱི་སྡོམ་གྱི་སྐྱིན་འཚབ་ལ་ཐག་བཅད་ཡོད། འཇར་མན་གྱིས་འདི་དང་འདྲ་བར་འཇར་མན་ལ་མིང་རྟགས་འགོད་དུ་བཅུགས་པའི་ནོར་བྱང་ཐམས་ཅད་ནུས་མེད་བྱེད་ཆེད་དུ་འདི་ལ་རྒོལ་གཏམ་བཏང་། རྒྱལ་ཁ་ཐོབ་པ་རྣམས་འདོད་བློ་མི་སྐོང་རྒྱུ་བྱས་མོད། འོན་ཀྱང་རྒོལ་གཏམ་ནུས་མེད་དུ་གྱུར།

     1921ལོམཐུན་ཚོགས་རྒྱལ་ཁབ་ཀྱི་གྱོང་གསབ་རྩ་འཛུགས་ཚོགས་པས་ཁྱབ་བསྒྲགས་བྱས་པའི་སྤྱི་སྡོམ་རྩིས་ཐོ་ལྟར་ན། དབྱིན་སྒོར་དུང་ཕྱུར113 འདི་ཡང་གསེར་ནག་ལ་བཀུག་ནས་རྩིས་རྒྱབ། རྩིས་ཁྲ་འདི་དག་མཐོང་དུས་ཐ་ན་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་རྣམས་ཀྱང་འཇར་མན་ལ་གྱོང་གསབ་འདི་འདྲ་ཆེན་པོ་འཁུར་ཐུབ་པའི་ནུས་པ་ཡོད་མེད་ལ་སོམ་ཉི་སྐྱེས། སྔོན་ལ་འཇར་མན་མི་བཤད་པར་མཐུན་ཚོགས་རྒྱལ་ཁབ་ནང་གི་མི་མང་བོའི་ཡིད་ལ་མི་འགྲོ་བ་ཞིག་ཏུ་གྱུར་ཡོད་དེ། དཔེར་ན་སྐབས་དེའི་དཔལ་འབྱོར་རིག་པའི་འཐུས་ཚབ་ལྟ་བུར་གྱུར་བའི་མཚན་སྙན་ཆེས་ཆེ་བའི་དཔལ་འབྱོར་རིག་པ་བ་约翰·梅纳德·凯恩斯 ཡེ་ཧན•མའེ་ཏི་ན•ཁེ་ཨིན་སི་ལྟ་བུ་ཡིན། ཁོས་ནི་གནམ་རིག་གི་རྩིས་ཡིག་ལ་ཕབས་པའི་གྱོང་གསབ་འདིས་ནི་འཇར་མན་གྱི་འཚོ་བའི་དཔལ་འབྱོར་རྨེག་མེད་དུ་གཏོང་རྒྱུའི་ངོས་འཛིན་གནང་། ཡིན་ཡང་། འདི་ལྟར་བསྒྲུབས་ཟིན་པ་ཐམས་ཅད་ཀྱིས་མཐུན་ཚོགས་རྒྱལ་ཁབ་རྣམས་རང་རང་གི་བདེ་འཇགས་དང་འབྱོར་ཕྱུག་ལ་འཇིགས་སྣང་ཞིག་བསྐྲུན་ཡོང་། འཇར་མན་གྱིས་ནང་འདྲེན་བྱེད་པའི་ཚོང་སྒོ་དང་ཕྱི་ཚོང་བྱེད་པའི་བར་ཐག་གནམ་ས་ལྟ་བུ་ཕྱེ་བའི་ཆེད་དུ། ༼ཧྥན་ཨར་སེའི་ཞི་གྲོས།༽ཀྱིས་འཇར་མན་གྱི་ཕྱི་ཡོང་ལག་འབབ་བཙན་ལེན་གྱི་སྦྱོར་བ་བརྩམས། འདི་ལྡོག་ཏེ་བཤད་ན་གྱོང་གསབ་ཆེན་མོའི་རྩིས་རྒྱག་འདི་འཇར་མན་གྱིས་གཏན་ནས་དང་ལེན་བྱེད་མི་སྲིད་པ་ཞིག་རེད།

         约翰·梅纳德·凯恩斯 ཡེ་ཧན•མའེ་ཏི་ན•ཁེ་ཨིན་སིས་”འཇར་མན་གྱིས་མི་སེར་སྤེལ་ཡུལ་ཡོད་ཚད་ཤོར་སོང་ལ་ཕྱི་འབྲེལ་དང་མཚོ་ཐོག་ཚོང་གཟིངས་ཀྱང་ཉམས་སོང་། དུས་མཚུངས་སུ་མངའ་ཁོངས་དང་མི་གྲངས་ཀྱི10%ཤོར་སོང་ལ། རྡོ་སོལ་གཏེར་ཁ45%དང་ལྕགས་རིགས་གཏེར་ཁ་60%ལྷག་ཤོར་སོང་། ཕོ་གསར་ས་ཡ་གཉིས་ལྷག་ལ་འཐབ་འཁྲུག་གིས་གནོད་འཚེ་ཐེབས་ཡོད། འཇར་མན་རྒྱལ་མང་གིས་ལོ་བཞིའི་རིང་ལ་མུ་གེ་མྱོང་བཞིན་འདི་འདྲའི་དོམ་ཆད་འཁུར་དགོས་བྱང་། འཇར་མན་གྱི་དངུལ་གྱི་ཛ་ཐང་ཡང་སྔར་ལས་རྡབ་བདུན་མར་ཆག་ཡོད། ད་དུང་རྒྱལ་ཁབ་ནང་ལོགས་ནས་ཀྱང་གསར་བརྗེ་དང་མཐའ་མཚམས་སུ་布尔什维克པོར་ཧྲི་པེ་ཁི་རིང་ལུགས་པས་ཉོག་འཛིང་ཡོད་ལ། ཐམས་ཅད་ཁྱུར་མུད་གཏོང་བའི་ལོ་བཞིའི་འཐབ་འཁྲུག་དང་མཐའ་མཇུག་ཕལ་ཁ་སོགས་ཀྱིས་ཁོ་ཚོའི་སྟོབས་ཤུགས་དང་རེ་བ་ལ་བཟོད་པར་དཀའ་ཞིང་ཚད་ལས་འདས་པའི་གྱོང་གུད་ཐེབས།”ཞེས་བཤད།

       约翰·梅纳德·凯恩斯 ཡེ་ཧན•མའེ་ཏི་ན•ཁེ་ཨིན་སིས་ཞི་བདེ་གླེང་མཁན་དེ་རྣམས་ནི། མགོ་བདེ་དྲན་འཕྲུལ་དང་ཆབ་སྲིད་ཀྱི་སྐབས་འཚོལ་རིང་ལུགས་པ་ཡིན་ལ། ཁོ་ཚོས་འདྲ་མཉམ་དང་ཡུན་གཏན་གྱི་ཞི་བདེ་ལ་བདེན་ཚིག་བརྗོད་པ་ནི། “འཁྱོག་བརྗོད་དང་བསླུ་ཚིག་གི་དྲྭ་བ་བསྒྲིགས་ཏེ། གྲོས་ཡིག་ཧྲིལ་བོས་མཐའ་དོན་དེའི་ཕྱིའི་རྣམ་པ་དང་རྩ་དོན་ཐམས་ཅད་བཀབས་ནས་བདེན་པ་མིན་པའི་གྲིབ་གཟུགས་ལྟ་བུ་ཡིན”་པར་བསྟན།

        ༼凡尔赛ཧྥན་ཨར་སེའི་གྲོས་ཆོད༽ནང་བསྟན་པའི་ཞི་བདེ་ནི་”ཅའ་ཐའེ་ཅའེ་迦太基རྣམ་པའི་ཞི་བདེ”ཡིན། འཇར་མན་ལས་རྒྱལ་བའི་ཧྥ་རན་སི་ནི་布匿punicaལས་རྒྱལ་བའི་ཅའ་ཐའེ་ཅའེ་迦太基ཡིས་རོམ་རྒྱལ་ཁབ་རྨེག་མེད་བཏང་བ་དང་ཅུང་ཙམ་འདྲ་མོད། འོན་ཀྱང་འཇར་མན་ནི་རྗེས་ནས་མ་གཏོགས་རྨེག་མེད་དུ་གཏོང་ག་ལ་ཐུབ་སྟེ། སྔར་བཞིན་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གནས་འདུག སྐབས་དེར་འཇར་མན་ལ་མི་གྲངས་ཁྲི6500ཡོད་མོད། ཧྥ་རན་སི་མི་གྲངས་ཁྲི་4000ལས་མེད། ད་དུང་གཞི་ཁྱོན་ཆེ་བའི་དཔལ་འབྱོར་འཕེལ་ཚད་མྱུར་བ་དང་སྟོབས་ཤུགས་ཆེ་ལ། དཔལ་འབྱོར་འཕེལ་ཚད་ཨ་རི་དང་འདྲ་འདྲར་གནས་ཡོད། གཡུལ་ལས་རྒྱལ་བའི་རྒྱལ་ཁབ་ཀྱིས་ཕམ་ཁ་ཉོས་པའི་རྒྱལ་ཁབ་ལ་ཉེས་ཆད་ནན་མོ་གཅོད་པ་ནི་དགྲ་ཤ་ལེན་པར་ས་བོན་བཏབས་པ་ཡིན། ཡུན་རིང་བོར་བལྟས་ཏེ་འོངས་ན་འཇར་མན་གྱིས་རང་ཉིད་ཀྱི་ཕམ་ཁ་གུ་ཡངས་གཏོང་མི་སྲིད་ལ། དེ་ལས་ཀྱང༼凡尔赛ཧྥན་ཨར་སེའི་གྲོས་ཆོད༽ཀྱིས་བསྡམས་པ་དེ་ལ་ཡུན་རིང་བོར་བསྲན་ནས་འདུག་མི་སྲིད། འཇར་མན་གྱིས་ཞི་གྲོས་ལ་མིང་རྟགས་འགོད་པའི་ཉིན་དེ་ནས་བཟུང་ཤ་འཁོན་རྩོད་རྒྱུའི་ཆོད་སེམས་བཞག་ཡོད། ཧྥ་རན་སིའི་དམག་སྤྱི་ཆེན་མོ་ཧྥུ་ཞི་福熙ཡིས་གནས་ཚུལ་གྱི་རྗེས་ནས་གཏམ་དུ་གླེང་བ་ནི། “འདི་ནི་ཞི་བདེ་མིན་པར་ལོ་ངོ་ཉི་ཤུར་དམག་འཁྲུག་གི་ངལ་གསོ་ཙམ་མོ། །”ཞེས་བཤད།

ཡོང་ཁུངས་ཁྲི་གཤོག་སྙེ་མིའི་འཕྲིན་སྟེགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s