February ༡, ༢༠༡༦

ངེད། དཔྱད་རྩོམ། རྩོམ་ཡིག -0 Minutes

རྩོམ་རིག་གསར་བའི་གནད་དོན་འགའ་ཞིག་གླེང་བ།

དོར་ཞི་གདོང་དྲུག་སྙེམས་བློ།          གངས་ཅན་བོད་མི་མི་རིགས་ནི་ལོ་རྒྱུས་ཆེས་སྔ་ཞིང་རིག་གནས་སྒྱུ་རྩལ་སོགས་ཀྱང་འཛམ་གླིང་མི་རིགས་ཁྲོད་ཀྱི་རྩོམ་དར་སྔ་ཤོས་གྲས་ཡིན་ལ། རྩོམ་རིགས་ཀྱི་དབང་དུ་བཏང་ན་དམངས་ཁྲོད་ཀྱི་རྩོམ་གླུ་གཞས་སྒྲུང་གཏམ་སོགས་ཆེས་སྔ་མོ་ཞིག་ནས་ཡོད་པ་ལོ་རྒྱུས་ཀྱི་ཡིག་ཚང་རྙིང་བ་དང་།  སྒྲུང་དང་གཏམ་རྒྱུད་དམངས་གླུ་སོགས་ཀྱི་བརྡ་དང་ཐ་སྙད་འཚོ་བའི་ནང་དོན་སོགས་ལ་བརྟགས་ན་ཤེས་ཤིང་། ཡི་གེར་བཏབ་པའི་སྒྲུང་དང་གཏམ་རྒྱུད་རྟོགས་བརྗོད་རྣམ་ཐར་སྙན་ཚིག་སོགས་སྒྱུ་རྩལ་རྩོམ་རིགས་སྐོར་ད་ལྟའི་བར་མ་ཉམས་པར་ཡོད་པ་དག་ཀྱང་ལོ་སྟོང་ཕྲག་གི་སྔོན་ནས་བཟུང་རིམ་པར་བྱུང་བ་ཡིན་ལ། ཚད་གྲངས་དང་སྤུས་ཚད་གང་གི་ཐད་ནས་ཀྱང་། གནའ་དུས་རིག་གནས་སྒྱུ་རྩལ་དར་སོ་ཆེ་བའི་མི་རིགས་གཞན་དག་ལ་འགྲན་བཟོད་ཅིང་ཞན་སྐྱོན་ཟད་ཀྱང་མེད་ཅེས་སྨྲ་བར་སྤོབས། འོན་ཀྱང་དུས་རབས་བཅོ་བརྒྱད་བཅུ་དགུ་བའི་མཚམས་ནས་དེང་དུས་ཀྱི་ཚན་རིག་བཟོ་ལས་དང་མཉམ་དུ་དར་བའི་མི་དམངས་ཀྱི་འཚོ་འི་གནས་ཚུལ་རྗེན་སྟོན་བྱེད་པའི་དེང་དུས་རྩོམ་རིགས་ཕྱོགས་ལ་ངེད་ཅག་རྗེས་ལུས་ཡིན་པ་ཡང་ཁས་མི་ལེན་ཐབས་མེད་ཡིན། མི་དམངས་ཀྱི་འཚོ་བའི་གནས་སྟངས་དང་རེ་འདུན་མཚོན་པའི་སྒྱུ་རྩལ་རྩོམ་རིགས་ནི་མི་ལ་ལའི་ལྟ་ཚུལ་ལྟར་ཡོད་ཀྱང་རུང་མེད་ཀྱང་རུག་བའི་བྱ་བ་གལ་ཆུང་ཞིག་མིན་ལ། སྤྱི་ཚོགས་གོང་འཕེལ་དུ་འགྲོ་བ་དང་མི་མང་གི་བློ་རིག་དང་བསམ་པའི་དཔལ་ཡོན་ཡར་རྒྱས་སུ་འགྲོ་བའི་ཐབས་གལ་ཆེན་ཞིག་དང་། མི་རིགས་ཀྱི་བློ་རིག་སྒྱུ་རྩལ་གྱི་ཆུ་ཚད་མཚོན་པའི་རྟགས་མཚན་མངོན་གསལ་ཞིག་ཀྱང་ཡིན་པས་མིག་རྒྱངས་ཡོད་པའི་མི་སྣ་དང་སྤྱི་ཚོགས་ཡོངས་རྫོགས་ཀྱིས་མཐོང་ཆེན་བྱ་བར་འོས།  ཉེ་ཆར་ལོ་འགའི་རིང་ལ་མདོ་དབུས་ཁམས་གསུམ་གྱི་ན་གཞོན་དང་དར་མའི་ཁྲོད་དུ་སྤྱི་ཚོགས་ཀྱི་གནས་སྟངས་དང་། མི་མང་གི་རར་འདུན་མཚོན་པའི་སྒྲུང་གཏམ་དང་། སྙན་ཚིག་རྩོམ་མཁན་མི་གྲངས་མི་ཉུང་བ་ཞིག་བྱུང་བས་བོད་རིགས་རང་གི་རྩོམ་པ་པོའི་རུ་ཁག་གསར་བ་ཞིག་རིམ་གྱིས་གཞི་ཆགས་ཤིང་ཉིན་རེ་བཞིན་དུ་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་འདི་ནི་སྙིང་ནས་དགའ་བ་བསྐྱེད་འོས་པའི་དོན་ཆེན་ཞིག་རེད།         འོན་ཀྱང་རྩོམ་པ་པོ་མང་ཤོས་ཤིག་ནི་གསར་དུ་རྩོམ་རིག་གི་ལམ་ལ་གོམ་པ་སྤོས་པ་དང་། རྩོམ་རིགས་གསར་བའི་རྩོམ་སྟངས་དང་ནང་དོན་གཉིས་འཆར་ཚོད་བརྟག་བྱེད་པ་ལས་རང་ལ་ངེས་སྲོལ་ཞིག་ཆགས་མེད་པ་དང་། བོད་རང་གི་ཐུན་མོང་དང་ཐུན་ོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཕྱོགས་ལ་ལྟ་རྒྱ་ཆུང་བ། བོད་སྤྱི་ཚོགས་ཀྱི་སྔོན་གྱི་ལོ་རྒྱུས་དང་། ད་ལྟའི་གནས་ཚུལ། མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་གྲུབ་པའི་ལྟ་སྤྱོད་ཀྱི་ཁྱད་པར་དང་།ཡུལ་སྲོལ་གོམས་འདྲིས་འཚོ་བའི་གནས་སྟངས་སོགས་ལ་ཞིབ་འཇུག་མི་འདངས་པ་དང་། གནའ་དུས་དང་དེང་དུས་ཀྱི་རྩོམ་རིགས་སྒྱུ་རྩལ་ཕྱོགས་ཀྱི་རིག་པའི་གཞུང་ལུགས་སོགས་ལ་གོ་ཐོས་ཉུང་བ་དང་། རྩོམ་རིགས་སྒྱུ་རྩལ་གྱི་རྒྱུ་ཆའི་གཙོ་བོ་སྐད་ཡིག་གི་ཕྱོགས་ལ་བརྡར་བཅད་པ་མི་འདངས་པ་སོགས་ལས་ནང་དོན་གྱི་ཆ་ནས་ཆུ་འཁྱགས་པ་ལ་རྩམ་སྐྱ་བཞིན་དུ་ཟབ་ཁྱད་མི་འདངས་པ་དང་།  སྒྱུ་རྩལ་གྱི་ཉམས་ཀྱི་ཆ་ནས་ཀློག་མཁན་རྣམས་ཀྱི་བློ་ངོར་བག་ཆགས་ཟབ་མོ་ཞོག་ཅིང་ཡིད་འགུལ་ཐེབས་པའི་ནུས་པ་མེད་པ་དང་། ཚིག་སྦྱོར་ཆ་ནས་སྦྱོར་བདེ་ཞིང་དོན་ལ་འབྱོར་ཚབས་ཆེ་བ་སོགས་ཀྱི་སྒྱུ་རྩལ་རྩོམ་གྱི་ཁྱད་ཆོས་ཐོན་མེད་པ་སོགས་ཀྱི་མཚོན་པའི་མི་འདངས་ས་འམ་སྐྱོན་ཆ་ཡང་མི་ཉུང་བ་ཞིག་ཡོད།  ལམ་གསར་བར་གོམ་པ་སྤོས་པ་དང་ཚོད་བརྟག་བྱེད་པའི་གནས་སྐབས་ན་ཞན་ཆ་དང་སྐྱོན་ཆ་བྱུང་བ་ལ་ཡ་མཚན་རྒྱུ་དང་ཡ་ང་རྒྱུ་མེད་མོད་ཞན་ཆ་དང་སྐྱོན་ཆ་ངོས་ཟིན་ནས་འདོར་ཅི་ཐུབ་བྱེད་དགོས་ཏེ། སྒྱུ་རྩལ་རིགས་ནི་མི་མང་གི་བསམ་པའི་ཟས་དང་སེམས་ཀྱི་སྨན་ཞེས་འཇིག་རྟེན་ན་རླུང་ལྟར་གྲགས་ཤིང་དོན་ལ་ཡང་དེ་ལྟར་གནས་པས། ...
དེ་ལས་མང་པ།