ད་ལོའི་ལག་པ།
_____ སྨྱུག་མདའ།
ཡི་གེ་ཞིག་བྲིས
ཡི་གེ་དེ་དལ་གྱིས་ཡང་ཡང་བལྟས
ཉི་འོད་དང་ལྷན་དུ་དཔར་བ
ཆར་བ་བབས་པ་འདྲ་བྱུང
རྨི་ལམ་སྒུལ་ཙམ་གྱི་ཞོགས་པ
ཁ་བ་དཀར་པོས་རམ་འདེགས་བྱས་ཆོག
སྒེའུ་ཁུང་ལས་ཁ་བ་མི་མཐོང
སྙན་ངག་གིས་ཆེས་སྙེག་པའི་ཐར་བ་དེའང་མ་མཐོང
ངའི་ནང་སེམས་ཀྱི་ཡར་མཐའ་ནས
ཉིན་ཞག་གཙང་མ་ཞིག་འཁྲིད་འགོ་བཙུགས་ཏེ
གོས་རྙིང་གི་ཁ་དོག་ལ་ཡང་ཡང་ལྟ་སྐབས
སང་ཉིན་གྱི་རྐང་རྗེས་ཤིག་ཇུས་འགོད་བྱེད་དགོས་བྱུང
དུས་ཐུང་གི་མི་ཚེ་འདིའང
ད་ལྟ་སུ་ཞིག་གིས་དང་ལེན་བྱེད་རྩི་ཡོད
ངས་རང་ཉིད་ནང་ལ་བསྡུ་བརྩིས་ཡོད
ཁ་རོག་གེར་རང་ཉིད་ནང་ལ་བསྡུ་བརྩིས་ཡོད
ད་ནི་རླུང་དང་རྡུལ་ཕྱགས་མི་ཤེས
ཡང་སྙིང་གང་ཞིག་གིས་རང་ཉིད་བཙལ་དགོས་ཡོད
དབེན་སིམ་སིམ་གྱིས
རང་ཉིད་ཀྱི་ལུས་ངག་ཡིད་གསུམ་བཙལ་དགོས་ཡོད
དེ་རིང་ང་གངྒཱའི་མཚོ་ངོགས་ན
སེམས་ཀྱི་དམ་ཚིག་ལ་ཚོར་བས་རམ་འདེགས་ཕབ
ཡིག་འབྲུའི་གཟུགས་སུ་བཀོད་ཚར
གངྒཱ་ཉི་འོད་ཀྱིས་འོད་ཀྲིག་ཀེར་ཁྱབ
དེ་ནི་སང་ལོའི་རང་ཉིད་དུ་བཏུས
༢༠༡༦ ། ༠༢ ། ༡༡ མཚན་མོར་ཝཱ་རཱ་ཎ་སཱིར་བྲིས།
རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག