རྡོ་ངོས་སུ་ཉལ།


 _____ སྨྱུག་མདའ།

ཕ་ཡུལ     རི་སྡེ
དོ་ནུབ་འུ་ཚང་གི་མགྲིན་པ་དེ་ཕུར་ཞོར
རི་བོའི་རྔོག་མ་ཡང་ཆང་ཕོར་གང་གིས་མདུད་བྱུང
ངས་ཀྱང་ཁེར་མོར་མནོ་བསམ་མང་པོ་ཞིག་གཏོང་གིན་ཡོད

ཕ་ཡུལ      རི་སྡེ
ཞེན་ཆགས་ཀི་གཏིང་ནས་དལ་གྱིས་ཤམ་པའི་ཆུ་ཐིགས
ས་མཐའ་བ་ཞིག་གི་སེམས་ངལ་གྱི་ཁུར་བོ་གྱུར་སོང
རྩྭ་ཐང་གི་པང་ཁ་ཞིམ་པོ་དེ་རུ
ངའི་རེ་བས་བཅངས་པ་མང་དྲགས་པ་མིན་འགྲོ

ཕ་ཡུལ     རི་སྡེ
བདག་གི་བྲང་ངོས་སུ
སང་ཉིན་གྱི་མིག་འབྲས་ཉི་འོད་དང་ལྷན་དུ
ལྷིང་འཇགས་ཀྱི་འཛུམ་མདངས་ཤིག་ཡོད་པར་རེ་ཡོད
རི་བོའི་རྔོག་ཁར་འཁྱུལ་བའི”ཁ་སང་གི་བསང་དུད་དང་རླུང་རྟ
གང་ཞིག་སྡུད་གསོག་རྒྱག་པའི་ཆེད་དུ་བཏང་ན་བསམ་ཡོད

ཕ་ཡུལ     རི་སྡེ
རི་བོའི་འགུལ་སྐྱོད་ལས་ནམ་མཁའི་རྒྱ་ཁྱོན་ལྟོས་དང
རང་སེམས་མཚོན་པའི་མི་ལོ་ག་ཚོད་ཅིག་ལ
བགྲེས་པོ་ཚོར་བརྩེ་འཛུམ་གྱིས་འཚོ་སྡོད་བྱས་བཤུལ
ཅིའི་ཕྱིར་ས་རྡུལ་གྱིས་བསྒྲིབས་པ་རེད

ཕ་ཡུལ      རི་སྡེ
གང་ལྟར་གོམ་པ་མདུན་དུ་སྤོས་ཤིག
སེམས་བསྐྱེད་ཀྱི་མཐུ་འོག་ནས་མདུན་དུ་སྤོས་ཤིག
སྡེ་ཆེན་པོའི་ལོ་རྒྱུས་ཀྱི་མཇུག་བྱུང་ལ་བསྔོ་ཡིག་མ་འབྲི
འཛུམ་ཞིག་ཞིག་གིས      ལྷོད་ཤིག་ཤིག་གིས
བགྲེས་པོ་ཚོའི་བརླ་རྐང་སྲུངས་རོགས

༢༠༡༦ ། ༠༢ ། ༡༣ མཚན་མོར་ཝཱ་རཱ་ཎ་སཱིར་བྲིས།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

 

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s