ཕྲུ་གུའི་རྒྱུད་ལེགས་བཅོས་བྱེད་ཐུབ་པའི་རེ་བ།

ཧྥེ་རན་སེ་སི་ཁེ་རེ་ཁེ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ།

      སྤྱི་ཟླ༢པའི་ཚེས༡ཉིན། དབྱིན་ཇིའི་མིའི་རིགས་ཀྱི་བུ་བཙའ་དང་སྦྲུམ་རྟེན་རིག་པའི་དོ་དམ་ཅུས་(Human Fertilisation and mbryology Authority)ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཚོགས་ཏེ།  དབྱིན་ཇིའི་ལོན་ཏོན་དུ་ཡོད་པའི་ཧྥེ་རན་སེ་སི་ཁེ་རེ་ཁེ་ཞིབ་འཇུག་ཁང་(Francis Crick)གི་ཞིབ་འཇུག་པ་KathyNiakanཞེས་པས་ཕུལ་བའི་མིའི་རིགས་ཀྱི་སྦྲུམ་རྟེན་བཅོས་སྒྲིག་བྱ་བའི་སྙན་ཞུར་ཆོག་མཆན་གནང་བ་ཡོངས་བསྒྲགས་བྱས་ལ། འདི་ནི་འཛམ་གླིང་ཐོག་རྒྱལ་ཁབ་ཀྱི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་མིའི་རིགས་ཀྱི་སྦྲུམ་རྟེན་བཅོས་སྒྲིག་སྐོར་གྱི་ཞིབ་འཇུག་ལ་ཆོག་མཆན་གནང་བའི་ཐོག་མ་དེ་ཡིན་ཞིང་། འདིས་མ་འོངས་པར་མིའི་རིགས་ཀྱིས་རང་གི་འདུན་པ་ལྟར་ཕྲུ་གུའི་རྒྱུད་པ་ལེགས་བཅོས་དང་ཕྲུ་གུའི་ཤ་མདོག་དང་གཟུགས་པོའི་རིང་ཐུང་། གཤིས་ཀའི་བཟང་ངན་སོགས་མ་སྐྱེས་གོང་ནས་གདམ་ག་བྱེད་ཆོག་པའམ་ཡང་ན་ཕ་མར་རྒྱུད་འདེད་ནད་ཡོད་པའི་ཕྲུ་གུར་ཕ་མའི་ནད་མི་འགོ་བ་སོགས་བྱེད་ཐུབ་པའི་རེ་བ་བྱིན་ཡོད།

        སྤྱིར་མིའི་རིགས་ཀྱི་སྦྲུམ་རྟེན་རྒྱུད་རྒྱུ་ཚོགས་པ་བཅོས་སྒྲིག་ལ་བརྟེན་ནས་ནད་གཞི་སྨན་བཅོས་བྱེད་པའི་བྱེད་སྤྱོད་ནི་དབྱིན་ཇི་ནས་ཁྲིམས་འགལ་ཡིན་རུང་།  ད་ཐེངས་དབྱིན་ཇིའི་མིའི་རིགས་ཀྱི་བུ་བཙའ་དང་སྦྲུམ་རྟེན་རིག་པའི་དོ་དམ་ཅུས་ནས་དེའི་སྐོར་གྱི་ཞིབ་འཇུག་སྤེལ་བར་ཆོག་འཐུས་གནང་བ་དེས་མ་འོངས་པར་ཐབས་དེར་བརྟེན་ནས་ནད་གཞི་སྨན་བཅོས་བྱེད་ཀྱང་ཆོག་སྲིད་པའི་ངེས་པ་བསྐྲུན་ཡོད།

    ད་སྔའི་བར། སྦྲུམ་རྟེན་རྒྱུད་རྒྱུ་ཚོགས་པ་བཅོས་སྒྲིག་ལ་བརྟེན་ནས་མིའི་རིགས་ཀྱི་རྒྱུད་པ་ལེགས་བཅོས་བྱེད་པའི་ཞིབ་འཇུག་སྐོར་ལ་འཛམ་གླིང་ཐོག་ལྟ་བ་མི་མཐུན་པ་རིགས་གཉིས་བྱུང་ཡོད་པ་སྟེ། ཕྱོགས་གཅིག་གིས་ཞིབ་འཇུག་དེ་ནི་རང་བྱུང་ཆོས་ཉིད་དང་འགལ་བའི་བྱེད་སྤྱོད་ཅིག་ཡིན་པ་མ་ཟད། དེའི་སྐོར་གྱི་ལག་རྩལ་མི་ངན་པའི་ལག་ཏུ་ཤོར་ན་མིའི་རིགས་ཧྲིལ་བོར་ཕྱོགས་མང་པོ་ནས་ཉེན་ཁ་ཆེན་པོ་བསྐྱེད་སྲིད་པས་ངེས་པར་གཏན་འགོག་བྱེད་འོས་པར་འདོད་པ་དང་། ཕྱོགས་གཞན་པ་དེས་དེའི་སྐོར་གྱི་ཞིབ་འཇུག་སྤེལ་ན་མི་ཁག་ཅིག་ལ་ལྷན་སྐྱེས་སུ་ལྡན་པའི་ནད་ཆེན་པོ་དག་རྩ་བ་ནས་སེལ་ཐུབ་པ་མ་ཟད། མིའི་རིགས་ཀྱི་རྒྱུད་པ་ལེགས་བཅོས་བྱེད་ཐུབ་པས་རྒྱལ་ཁབ་རེ་རེའི་གཞུང་ཕྱོགས་ནས་དེའི་སྐོར་གྱི་ཞིབ་འཇུག་ལ་ཆོག་མཆན་སྤྲད་དེ་མིའི་རིགས་ལ་ཕན་བདེ་བསྐྲུན་འོས་པའི་ལྟ་བ་འཛིན་གྱི་ཡོད།

ཡོང་ཁུངས་དྲ་བ་གཞན།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s