གསུམ་བཅུའི་དུས་དྲན་འབོད་ཚིག


སད་མི།

        ལོངས་ཤོག ལོངས་ཤོག ལོངས་ཤོག བོད་མི་ཚོ་ལོངས་ཤོག སྙིང་ལ་རུས་པ་ཡོད་ན་ད་ལོངས་ཤོག བཙན་པོའི་གདུང་རྒྱུད་ཡིན་ན་ད་ལོངས་ཤོག གདོང་དམར་བོད་པ་ཡིན་ན་ད་ལོངས་ཤོག ང་ཚོས་བོད་གཏན་ནས་གློད་མི་རུང་། ང་ཚོས་དུས་གཏན་དུ་རྒྱ་ནག་པོར་ཁ་གཏད་དྲག་པོ་གཅག་དགོས།

       བོད་རང་བཙན་ཡིན། བོད་རང་བཙན་བསྐྱར་གསོ་བྱ་དགོས། བོད་རྒྱལ་ཁབ་ང་ཚོ་བོད་མིའི་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། བོད་རྩམ་གཟན་ཡིན། རྒྱ་འབུ་གཟན་རེད། ང་ཚོ་བསྲེས་ཀྱང་འདྲེ་ས་མེད།

       མཚམས་འཇོག་དགོས། མཚམས་འཇོག་དགོས། བོད་པ་རྒྱ་མིར་བསྒྱུར་བར་མཚམས་འཇོག་དགོས། མཚམས་འཇོག་དགོས། མཚམས་འཇོག་དགོས། བོད་ཡུལ་རྒྱ་ཡུལ་སྒྱུར་བར་མཚམས་འཇོག་དགོས། མཚམས་འཇོག་དགོས། མཚམས་འཇོག་དགོས། མི་འབོར་སྤོ་བཤུག་བྱེད་པར་མཚམས་འཇོག་དགོས། མཚམས་འཇོག་དགོས། མཚམས་འཇོག་དགོས། བོད་མི་བཙན་གནོན་གཏོང་རྒྱུ་མཚམས་འཇོག་དགོས། མཚམས་འཇོག་དགོས། མཚམས་འཇོག་དགོས། བོད་ཀྱི་གཏེར་དངོས་བཙན་འཕྲོག་མཚམས་འཇོག་དགོས།

       མཐར་སྐྲོད་གཏོང་། མཐར་སྐྲོད་གཏོང་། རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་། མར་རྒྱུགས་ཤིག མར་རྒྱུགས་ཤིག རྒྱ་མི་རྒྱ་ནག་མར་རྒྱུགས་ཤིག བརྗེད་མི་ཉན། བརྗེད་མི་ཉན། རྒྱ་མིའི་བཙན་འཛུལ་བརྗེད་མི་ཉན། བརྗེད་མི་ཉན། བརྗེད་མི་ཉན། རྒྱ་མིའི་བཙན་གནོན་བརྗེད་མི་ཉན། བརྗེད་མི་ཉན། བརྗེད་མི་ཉན། བོད་ཀྱི་ལོ་རྒྱུས་བརྗེད་མི་ཉན། བརྗེད་མི་ཉན། བརྗེད་མི་ཉན། བོད་མིའི་དཀའ་སྡུག་བརྗེད་མི་ཉན། བརྗེད་མི་ཉན། བརྗེད་མི་ཉན། རང་སྲེག་ངོ་རྒོལ་བརྗེད་མི་ཉན། གློད་གྲོལ་དགོས། གློད་གྲོལ་དགོས། བོད་ཀྱི་ཆབ་སྲིད་བཙོན་པ་གློད་གྲོལ་དགོས།

       ཁྲི་ལོ་བརྟན། ཁྲི་ལོ་བརྟན། བོད་གངས་ཅན་ཁྲི་ལོ་བརྟན་པར་ཤོག ཁྲི་ལོ་བརྟན། ཁྲི་ལོ་བརྟན། བོད་མི་དམངས་ཁྲི་ལོ་བརྟན་པར་ཤོག ཁྲི་ལོ་བརྟན། ཁྲི་ལོ་བརྟན། གོང་ས་མཆོག་ཁྲི་ལོ་བརྟན་པར་ཤོག ཁྲི་ལོ་བརྟན། ཁྲི་ལོ་བརྟན། བོད་ཆིག་སྒྲིལ་ཁྲི་ལོ་བརྟན་པར་ཤོག ཁྲི་ལོ་བརྟན། ཁྲི་ལོ་བརྟན། བོད་སྐད་ཡིག་ཁྲི་ལོ་བརྟན་པར་ཤོག

       གོང་དུ་བཀོད་པ་ནི་བོད་མིའི་འཐབ་རྩོད་ཀྱི་ངོ་རྒོལ་སྐད་འབོད་རེད། བཙན་འཛུལ་བ་དང་དབང་སྒྱུར་བར་ངོ་རྒོལ་བྱེད་དུས་འབོད་ཚིག་འདི་འདྲ་ཡིན་དགོས་པ་ལས། འགྲོ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་དགོས་པ་ཙམ་མ་རེད་ལ། དེ་ལས་ཀྱང་གདོན་དགྲ་བོར་ཁ་གཏད་ནས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག སྐྱེས་པ་ཉམས་པ་མེད་པར་ཡང་། གོང་ནས་གོང་དུ་འཕེལ་བར་ཤོག་ཅེས་ཆོས་པ་རྣལ་མ་ཞིག་གི་གསོལ་འདེབས་སྨོན་ལམ་འབོད་ཤར་བྱེད་རྒྱུའང་མིན་དུས། ཉི་མ་ད་ལོ་ནས་བཟུང་སྟེ། མི་ཉོབ་ཏོ་ཆགས་བྱེད་ཀྱི་འབོད་ཚིག་འདི་འདྲ་བོད་རྒྱའི་འཐབ་རྩོད་གཡུལ་སར་འཁྱེར་མ་ཡོང་རོགས། ང་ཚོ་ཧ་ཅང་སུན་བསྡད་ཡོད། ང་ཚོས་འཐབ་རྩོད་བྱེད་སར་ཚིག་ཉོབ་དེ་འདྲ་གཏན་ནས་སྐྱོར་གི་མིན།

༢༠༡༦ ། ༠༣ ། ༠༡

ངེད་དྲ་ཚིགས།

1 Comment on གསུམ་བཅུའི་དུས་དྲན་འབོད་ཚིག

  1. ལོངས་ཤོག ལོངས་ཤོག ལོངས་ཤོག བོད་མི་ཚོ་ལོངས་ཤོག སྙིང་ལ་རུས་པ་ཡོད་ན་ད་ལོངས་ཤོག བཙན་པོའི་གདུང་རྒྱུད་ཡིན་ན་ད་ལོངས་ཤོག གདོང་དམར་བོད་པ་ཡིན་ན་ད་ལོངས་ཤོག ང་ཚོས་བོད་གཏན་ནས་གློད་མི་རུང་། ང་ཚོས་དུས་གཏན་དུ་རྒྱ་ནག་པོར་ཁ་གཏད་དྲག་པོ་གཅག་དགོས།

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s