༢༠༡༦ ལོའི་འཇབ་རྒོལ་གྱི་དོན་རྐྱེན་ཆེན་པོ ༡༡

འབྲོག་མྱི།

         སྤྱི་ཟླ ༣ ཚེས ༢༢ ཉིན་ཡོ་རོབ་བྷེལ་ཇམ་གྱི་རྒྱལ་ས་བྷུ་རུ་སེལ་སི་རུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དེ་ནི་ལོ་སྔོན་མར་ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སིར་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་གྱི་རྗེས་སུ་ཡོ་རོབ་དུ་བྱུང་བའི་མིར་ཤི་རྨས་མང་ཤོས་ཐེབས་པའི་དོན་རྐྱེན་དེ་ཡིན། འདས་པོར་མྱ་ངན་དང་ནང་མི་ལ་གདོང་སེམས་མཉམ་སྐྱེ་དང་ཆབས་ཅིག ང་ཚོས་མཉམ་དུ ༢༠༡༦ ལོ་ཚེས་ནས་ད་བར་དུ་གོ་ལ་ཧྲིལ་བོར་བྱུང་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ ཆེ་ཤོས་དག་ལ་ཕྱི་མིག་ཅིག་ལྟ་དགོས།


          ༡༽ སྤྱི་ཟླ ༡ ཚེས ༡༢ཉིན། ཐིར་ཁེ (Turkey) ཡི་གྲོང་ཁྱེར་ཆེ་གྲས་ཨེ་སི་ཊན་པུལ (Istanbul) དུ་རང་སྲོག་གཅོད་པའི་འབར་གས་འཇབ་རྒོལ་བྱས་ནས་སྐབས་དེར་མི ༡༣ ཤི་བ་དང་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག དོན་རྐྱེན་དེའི་ཁྲོད་ཤི་བ་ཚང་མ་ཕལ་ཆེར་ཕྱི་རྒྱལ་བ་རེད། རང་སྲོག་གཅོད་པའི “མི་འབམ” ནི་སེ་རེ་ཡའི (Syria) ཡུལ་མི་ནཱ་པིལ ཧྥ་ཏེ་ལེ་ཟེར་བ་ཞིག་ཡིན་པ་དང་། མི་དེ་ནི་ཐལ་དྲག་སྒྲིག་འཛུགས “ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ” ཟེར་བའི་ཚོགས་མི་ཡིན་པ་རེད།


        ༢༽ སྤྱི་ཟླ ༡ ཚེས ༡༤ཉིན། ཧིན་ཏུ་ནེ་ཞི་ཡའི (Indonesia) རྒྱལ་ས་རྗ་ཁར་ཏཱ(Jakarta)རུ་འབར་རྫས་འགའ་བཀད་ནས། མི ༨ ཤི་བ་དང་༢༤རྨས། དོན་རྐྱེན་དེ་བྱུང་རྗེས། ཐལ་དྲག་སྒྲིག་འཛུགས “ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ” ཟེར་བས་འཇབ་རྒོལ་དོན་རྐྱེན་དེ་ཁོང་ཚོས་རྩ་འཛུགས་བྱས་པ་ཡིན་ཞེས་ཁས་ལེན་བྱས་ཡོད་པ་རེད།


        ༣༽ སྤྱི་ཟླ ༡ ཚེས ༡༥ ཉིན། བྷུར་ཁེ་ནཱ ཧྥ་སོའི( Burkina Faso) རྒྱལ་ས་ཨོ་བ་གྷ་ཏོ་གྷོ(Ouagadougou) ཡི་བརྗིད་ཆགས་ཆེ་བའི་གསོལ་མགྲོན་ཁང་ཞིག་ལ་ཨལ་ཁེ་ཏ་སྒྲིག་འཛུགས་ཀྱིས་དྲག་ པོའི་འཇབ་རྒོལ་བྱས་ནས་ཉུང་མཐའ་ཡང་རྒྱལ་ཁབ ༡༨ ཀྱི་མི ༢༣ འཇབ་རྒོལ་ཁྲོད་ཤི་བ་རེད། ཧྥ་རན་སི་དང་བྷུར་ཁེ་ནཱ ཧྥ་སོའི་བདེ་འཇགས་སྟོབས་ཤུགས་ཀྱིས་སྤེལ་བའི་མཉམ་འབྲེལ་ལས་འགུལ་ཁྲོད་མི་གཏའ་མང་པོ་བསྐྱབས་ཐུབ་པ་རེད།


       ༤༽ སྤྱི་ཟླ ༢ ཚེས ༡༧ ཉིན། ཐིར་ཁེ་ཡི་དམག་གི་རླངས་འཁོར་རུ་ཁག་ཞིག་ལ་ཐིར་ཁེ་ཡི་རྒྱལ་ས་ཨན་ཁཱ་ར་རུ་དྲག་པོའི་འཇབ་རྒོལ་ཐེབས་ནས་མི ༢༩ ཤི་བ་དང ༦༠ རྨས།  ཐིར་ཁེ་ཡི་ཐལ་དྲག་སྒྲིག་འཛུགས “ཁུར་དེ་སི་ཐན་རང་དབང་གླག་རྒོད” ཟེར་བའི་འཇབ་རྒོལ་བྱས་ལུགས་ངོས་ལེན་བྱས་ཡོད།


      ༥༽ སྤྱི་ཟླ ༢ ཚེས ༢༦ ཉིན། རང་སྲོག་གཅོད་པའི་འབར་གས་འཇབ་རྒོལ་བ་ཞིག་གིས་རླངས་འཁོར་བསྐོར་ནས་སོ་མ་ལེ་ཡའི (Somolis) རྒྱལ་སའི་མོ་གྷ་དྷེ་ཞུ (mogadishu) གསོལ་མགྲོན་ཁང་ལ་འཇབ་རྒོལ་བྱས་པ་དང་། དེ་ནས་ལག་ཏུ་མེ་མདའ་བཟུང་བའི་དྲག་ཆས་མི་སྣས་གསོལ་མགྲོན་ཁང་ལ་འཇབ་རྒོལ་བྱས་པ་རེད།  སོ་མ་ལེ་ཡའི་གཞོན་ནུ་ཚོགས་པའི་ཚོགས་མིས་སྤེལ་བའི་དྲག་པོའི་འཇབ་རྒོལ་དེའི་ཁྲོད་ཉུང་མཐའ་ཡང་མི ༡༥ ཤི་བ་དང་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག


      ༦༽ སྤྱི་ཟླ ༣ ཚེས ༡༣ ཉིན། བ་སོ་མཚོ་ངོགས ( Ivory Coast) ཀྱི་གུང་སེང་སྤྲོ་སྐྱེལ་གྲོང་ཁྱེར་བྷ་སམ་ཆེན་པོའི་ལྷོ་ཕྱོགས་ཀྱི་སྐར་ཆེན་ཞེས་པའི་གསོལ་མགྲོན་ཁང་ལ་ཨལ་ཁེ་ཊ་སྒྲིག་འཛུགས་ཀྱི་བྱང་ཨ་ཧྥི་རི་ཀའི་ཡན་ལག་ སྒྲིག་འཛུགས་ཀྱིས་དྲག་པོའི་འཇབ་རྒོལ་བྱས་ནས་ཉུང་མཐའ་ཡང་མི ༡༨ ཤི་བ་དང ༣༣ རྨས།


      ༧༽ སྤྱི་ཟླ ༣ ཚེས ༡༣ ཉིན། འབར་རྫས་གང་བཞག་པའི་རླངས་འཁོར་ཞིག་ཐིར་ཁེ་ཡི་རྒྱལ་ས་ཨན་ཁཱ་རའི་གྲོང་ཁྱེར་དཀྱིལ་དུ་བཀད་ནས་མི ༣༧ ཤི་བ་དང ༡༢༧ རྨས།  ཐིར་ཁེ་ཡི་ཐལ་དྲག་སྒྲིག་འཛུགས “ཁུར་དེ་སི་ཐན་རང་དབང་གླག་རྒོད” ཟེར་བའི་འཇབ་རྒོལ་བྱས་ལུགས་ངོས་ལེན་བྱས་ཡོད།


      ༨༽ སྤྱི་ཟླ ༣ ཚེས ༡༦ཉིན། པཱ་ཀི་སི་ཐན་བྱང་ཕྱོགས་པེ་ཞ་ཝར( Peshawar)  དུ་སྤྱི་སྤྱོད་རླངས་འཁོར་ཞིག་ལ་དྲག་པོའི་འཇབ་རྒོལ་ཐེབས་ནས་ཉུང་མཐའ་མི ༡༥ ཤི་བ་དང ༣༠ ལྷག་ལ་རྨས་སྐྱོན་ཐེབས།  ཤི་རྨས་ཕོག་མཁན་མང་ཆེ་བ་གཞུང་གི་ལས་བྱེད་པ་རེད།


      ༩༽  སྤྱི་ཟླ ༣ ཚེས ༢༢ ཉིན།  ཡོ་རོབ་བྷིལ་ཇམ་གྱི་རྒྱལ་ས་བྷུ་རུ་སེལ་སིའི་རྒྱལ་སྤྱིའི་གནམ་ཐང་དང་ས་འོག་མེ་འཁོར་ས་ཚིགས་སོགས་སུ་དྲག་པོའི་འཇབ་རྒོལ་ཐེབས་ནས་མི ༣༤ ཤི་བ་དང ༡༧༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།


     ༡༠༽  སྤྱི་ཟླ ༣ ཚེས ༢༨ ཉིན། པཱ་ཀི་སི་ཐན་གྱི་ཤར་ཕྱོགས་ཀྱི་ལཱ་ཧོར (Lahor) གྲོང་ཁྱེར་གྱི་མི་ཚོགས་མང་སའི་གླིང་ཀ་ཞིག་ལ་རང་སྲོད་གཅོད་པའི་འབར་གས་འཇབ་རྒོལ་བྱས་ནས་ཉུང་མཐའ་ཡང་མི ༦༥ ཤི་དང་། ༣༠༠ ལྷག་ལ་རྨས་སྐྱོན་ཕོག འཇབ་རྒོལ་ཐེབས་སའི་ཨེ་ཁུ་པཱ གྷོལ ཞན (Iqba Gul Shan) གླིང་ཀའི་སྐབས་དེར་ཡེ་ཤུའི་ཆོས་པ་ཚོས་ཡེ་ཤུའི་སྟོན་པ་བཀྲོངས་ནས་ཉིན་གསུམ་གྱི་རྗེས་ཡང་བསྐྱར་གསོན་པ་མཚོན་པའི་བསྐྱར་གསོན་དུས་ཆེན་ཞེས་པའི་ཡི་ཤུའི་ཆོས་ལུགས་ཀྱི་དུས་ཆེན་གལ་ཆེན་དེ་སྲུང་རྩི་བྱེད་ཀྱིན་ཡོད་པ་རེད།


      ༡༡༽ སྤྱི་ཟླ ༤ ཚེས ༤ ཉིན། ཨེ་རག་ཏུ་རང་སྲོག་གཅོད་པའི་འབར་གས་འཇབ་རྒོལ་དོན་རྐྱེན་བསྟུད་མར་བྱུང་ནས། ཉུང་མཐའ་ཡང་མི ༢༤ ཤི་བ་དང ༦༠ ལྷག་ལ་རྨས་སྐྱོན་ཐེབས་པ་རེད།


        སྤྱི་ལོ ༢༠༠༡ ལོའི་ཟླ ༩ ཚེས ༡༡ ཉིན། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་རྒྱལ་སྤྱིའི་ཚོང་ལས་ཐོག་ཁང་ཆ་ལ་ཊ་ལེ་པན་ཨལ་ཁ་ཏ་ཡིས་མགྲོན་སྐྱེལ་གནམ་གྲུ་གསུམ་བཙན་ཁྲིད་བྱས་ནས་དྲག་པོའི་འཇབ་རྒོལ་བྱས་པའི་རྗེས་ནས་བཟུང་། འཛམ་གླིང་ཤར་ནུབ་ལྷོ་བྱང་ཚང་མར་དུས་བདེ་གནས་འཇགས་ཀྱི་དུས་ཤིག་ཤར་མྱོང་མེད་ ཅེས་བཤད་ཀྱང་ཐལ་ཆ་མེད། དུས་དེ་ནས་བཟུང། ཐོག་མར “ཊ་ལེ་པན་གྱི་ཨལ་ཁ་ཏ་སྒྲིག་འཛུགས” ཟེར་བ་དང་། ད་ལྟ་ཡང “ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ” ཟེར་བས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་དམིགས་འབེན་ལ་བཟུང་ནས་དུས་ནས་དུས་སུ་འཇབ་རྒོལ་བྱས་དང་བྱེད་ཀྱིན་ཡོད་ལ། ནམ་བྱུང་མི་ཤེས་པའི་གློ་བུར་བའི་འཇབ་རྒོལ་དོན་རྐྱེན་དེ་དག་གི་ཁྲོད་དུ་དོན་ མེད་མང་ཚོགས་མང་པོ་ཞིག་གི་ཚེ་སྲོག་ཀྱང་ཤེས་མ་ཤེས་ཀྱི་མཚམས་སུ་ཤོར་འགྲོ་གི་ཡོད་པ་རེད།

        ཡིད་སྐྱོབ་བ་ཞིག་ནི། དུས་དེ་རིང་ཨེ་རག་དང་། ཨ་ཧྥི་གྷ་ནེ་སི་ཐན། པཱ་ཀི་སི་ཐན་སོགས་རྒྱལ་ཁབ་དང་ཡུལ་གྲུ་ཁག་ཏུ་དྲག་པོའི་འཇབ་རྒོལ་ཐེབས་ནས་མི་སུམ་ཅུ་བཞི་བཅུའི་ཚེ་སྲོག་ཤོར་པའི་དོན་རྐྱེན་བྱུང་ཡང་། གསར་འགྱུར་སྨན་བྱད་ཁག་གིས་གསར་འགྱུར་གལ་ཆེན་དུ་མི་འཇོག་པ་མ་ཟད། མི་རྣམས་པས་ཀྱང་ཅི་མི་སྙམ་པའི་ངང་ཚུལ་བཟུང་ཡོད་པས། ཕལ་ཆེར་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད། ཅིའི་ཕྱིར་འགྲོ་བ་མིའི་རིན་ཆེན་ཚེ་སྲོག་དེ་དེ་འདྲའི་རིན་དོད་དམན་པར་གྱུར་བ་རེད་དམ། དངོས་གནས་མནོ་བསམ་གཏོང་དགོས་ས་ཞིག་རེད་སྙམ།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s