དཀར།
སྒྲོལ་མའི་ཚོར་བ།
ང་ནི་སྐྱེས་གཟུགས་སད་ཀྱིས་བཅོམ་ཚར་བའི་བོད་པའི་བུ་མོ་གཞོན་ནུ་མ་ཞིག་སྟེ། ངའི་མིག་ཟུང་གི་མཆི་མ་ས་ལ་ཐོར་ཐེངས་རེར་སྐྱེས་ཕོ་རབ་ཅིག་གི་གཟུགས་རིས་ངའི་ཡ་ཆུང་གངས་དཀར་སེམས་ན་འཕར་ལྡིང་རྒྱག་བཞིན་ཡོད།
འདི་ནི་ངའི་མི་ལོ་གསུམ་གྱི་འཚོ་བའམ་གོམས་གཤིས་ཤིག་ཏུ་གྱུར་སོང༌། དཀའ་སྡུག་དང་མནར་གཅོད་ཅི་འདྲ་ཞིག་མྱང་ཡང་ངས་ཁོ་ལ་བཅང་བའི་དུང་སེམས་འགྱུར་རྡོ་རྗེའི་ཕ་ལམ་ལྟར་བརྟན། ཁོ་བ་ད་ནི་གང་ན་ཡོད། ངའི་སྙིང་ཁོང་གི་ཤེས་རིག་ལགས། ཁྱོད་ངའི་སཻམས་ལ་དྲན་ཐེངས་རེར། ཆུང་དུས་ཀྱི་དགོད་སྒྲ་དང༌། གཞོན་དུས་ཀྱི་བརྩེ་དུང༌། དུང་ལྟར་དཀར་བའི་ཞལ་རས། གཟི་ལྟར་ཟླུམ་པའི་མིག་ཟུང༌། ལྷག་པར་དུ་བཅོས་མིན་གྱི་འཛུམ་མདངས་དེ་ངའི་མིག་ལམ་དུ་ཡང་ཡང་འཁོར་ཡོང༌།
ངེད་གཉིས་ཁ་ཁར་བྲལ་བའི་ཉིན་མོར། ཁྱེད་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོ་དེ་ནས་བཟུང་ད་བར་དུ་འཚོ་བ་ཅི་ཞིག་རོལ་བཞིན་ཡོད། ཁྱེད་ཀྱི་སེམས་ཁོང་ན་ང་བོརཡོད་དམ་མེད། ཤེས་རིག་ལགས། ངས་དྲིས་པའི་དྲི་བ་དེ་རྣམས་ཁྱེད་ཀྱིས་གསན་བྱུང་ངམ། ཁྱེད་ཀྱི་དོན་དུ་ངས་དཀའ་སྤྱད་གང་མང་ཞིག་མྱོང་དགོས་བྱུང༌། ལྷག་པར་དུ་ཁྱོད་དང་ཉི་མ་སོགས་ཀྱིས་སྔོན་བྱོན་བོད་ཀྱི་རྒྱལ་བློན་རྣམས་ཀྱི་བཤད་སྲོལ་གཞིར་བཟུང་གིས་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པའི་ལས་འགུལ་སྤེལ་བའི་ཉིན་མོ་དེར། ཁྱེད་ཀྱི་རང་ལ་ལས་འགན་ཡོད་པའི་ཡིག་ཆ་བཀྲམ་རྒྱུ་དང༌། རྒྱལ་དར་སོགས་ཁྱེད་ཀྱིས་སྦས་པ་དེ་ངེད་ཀྱི་ཕ་ཚབ་རྒྱ་རོ་དེས་མཐོང་སོང་བ་དེ་ངས་ཧ་གོ་ནས་དེས་ཁྱོད་འཛིན་བཟུང་དུ་དོགས་ནས་ངས་ཁྱེད་དང་རང་ཉིད་བོད་མི་ཡིན་པའི་འདི་ནི་རང་ཉིད་ཀྱི་ལས་འགན་དང་གཞི་བྱེས་བོད་མིའི་དོན་དུ་རང་སྲོག་བློས་བཏང་ནས་ཁོ་བསད་པ་ཡིན།
འདི་ནི་གཞོན་ནུ་མ་ཞིག་གི་སེམས་གཏིང་ན་སྦས་པའི་གསང་བ་དང་འགྱུར་བ་མི་སྲིད་པའི་བརྩེ་དུང་ཡིན།
༢༠༠༡ ཟླ་༣ ཚེས་༢༡ ཉིན་བྲིས།
རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག