ཨ་དོན་ཉིས་བོད་བསྒྱུར་བྱས།

ལོ་ཉི་ཤུ་རྩ་ལྔའི་སྔོན་གྱི་དེ་རིང་ནི་དྲ་རྒྱའི་འཇིག་རྟེན་སྤྱད་དེ་མི་རྣམས་ཡུག་གཅིག་ཏུ་སྦྲེལ་བའི་ཉིན་དང་པོ་དེ་རེད།
རྟེན་འབྲེལ་ཞུ།

སྐུ་ཞབས་ཁྲེམ་བྷི་ལེ་གཙོས་དྲ་རྒྱ་གསར་གཏོད་གནང་མཁན་རྣམ་པས་མིའི་འབྲེལ་ལམ་གོ་འབྱེད་བྱས་ཤིང་སོ་སོ་ཐག་ཉེར་བཏང་བ་ལ་བཀའ་དྲིན་ཆེ་སྙིང་ནས་ཞུ།
འཛམ་གླིང་ཡོངས་ཁྱབ་དྲ་རྒྱ་ནི་གཞུང་དང་སྒེར་བ།
རྩ་འཛུགས་ཚོགས་པ་སོགས་ཀྱི་ངོས་ནས་མི་དང་མིའི་དབར་ལ་འབྲེལ་ཟམ་བཙུགས་ཏེ་གནས་ཚུལ་བཙལ་འཚོལ་དང་ཉར་ཚགས་བྱེད་སའི་བར་སྣང་གི་འཇིག་རྟེན་ཞིག་ཡིན་པ་དང་།
རང་སོ་སོར་དབང་བའི་དྲ་བྱང་བརྒྱུད་དེ་ཐག་ཉེ་རིང་གང་ནས་ཀྱང་མིའི་སྤྱི་ཚོགས་ལ་འགྲོགས་འབྲེལ་དང་སློབ་སྦྱོང་བྱ་སྤྱད་ཀྱི་མྱུར་ལམ་ཞིག་ཀྱང་ཡིན།
འཛམ་གླིང་ཡོངས་ཁྱབ་དྲ་རྒྱ་ཞེས་པ་ནི་དབྱིན་ཇིའི་རྩིས་འཁོར་ཚན་རིག་པ་ཁྲེམ་བྷི་ལེ་ཡིས་1989ལོར་གསར་གཏོད་གནངས་པ་ཞིག་ཡིན་འདུག་ལ།
ཁོང་གིས་1990 ལོ་ཡས་མས་སུ་སུད་སི་རྒྱལ་ཁབ་ན་ཡོད་པའི་ཡོ་རོབ་ཉིང་རྡུལ་ཞིབ་འཇུག་ཁང་ནས་བྱ་བ་བསྒྲུབས་སྐབས།
ཐོག་དང་བོར་དྲ་ལམ་འཚོལ་སྡུད་ཅེས་པའི་རྩིས་འཁོར་ལེ་ཚན་ཞིག་བརྩམས་པ་དང་། གཞུག་ནས་རྩིས་འཁོར་ལེ་ཚན་བརྩམས་ཆོས་དེ་མི་རྣམས་གཅིག་ཏུ་མཐུད་བྱེད་ཀྱི་དྲ་རྒྱའི་འཇིག་རྟེན་འདི་ལ་གྱུར་བ་རེད།

     དྲ་རྒྱ་བཀོལ་སྤྱོད་རིམ་པ་ལ་དྲ་ཤོག་དང་དྲ་འཇུག དྲ་ཟམ་དང་དྲ་བའི་ཞབས་ཕྱི། དྲ་རྒྱའི་འགྲིམ་འགྲུལ་བདེ་རྩ་དང་དྲ་འཚོལ། དྲ་བཟོ་རིག་པ་སོགས་ཀྱི་ཁྱད་ཆོས་ཡོད་པའི་རྒྱུན་སྤྱོད་མིང་ཚིག་ཆེད་བཀོལ་བྱས་ཡོད། ཁོང་གིས་མཐར་ཆགས་ཀྱི་མིང་ཚིག་དེ་དག་བཀོལ་བའི་སྐབས་སུ་ཡིག་དཀྱུས་ཆུང་ཆུང་བྱས་ཡོད་ལ། དེ་ནི་དྲ་རྒྱའི་བཞུར་ཚད་འཕེལ་འགྱུར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་ཞིག་རེད།

    རྩིས་འཁོར་ཚན་རིག་པ་ཁྲེམ་ལགས་ཀྱིས་འདི་འདྲ་ཞིག་གསུངས་པ་སྟེ། འཛམ་གླིང་ཡོངས་ཁྱབ་དྲ་རྒྱ་ནི་མིའི་སྤྱི་ཚོགས་ཁྲོད་གནས་ཚུལ་ཁྱབ་སྤེལ་བྱེད་པ་ལ་ཤིན་ཏུ་མྱུར་བའི་ལྟེ་གནས་ཁང་ཞིག་ཡིན་པས། འབྱུང་འགྱུར་གྱི་དུས་ན་མི་དུང་ཕྱུར་མང་བོས་ཕན་ཚན་འགྲོགས་འདྲིས་བྱེད་པའི་དྲ་ལམ་རིག་གནས་ཀྱི་གཞི་རྩའི་ལག་ཆ་རུ་འགྱུར་ངེས་ཡིན། དེ་བས་ང་ཚོས་དེ་རིང་ནས་དེ་ལ་འབྱོངས་བར་བྱ་ཞེས་སྐད་དོ། །

དྲ་རྒྱའི་འཇུག་ཡུལ་དང་འཕེལ་རྒྱས་ནི་དཔེ་ཆ་དང་གནས་ཚུལ་ཁྱབ་སྤེལ་བྱེད་པའི་པར་བསྐྲུན་ཁང་དང་།
མི་རྣམས་ཀྱིས་གཅིག་ལ་གཅིག་བརྟེན་སྒོས་དྲ་རྒྱ་བཀོལ་སྤྱོད་བྱེད་པའི་མྱུར་བུལ་གྱི་རྩ་དོན་ལ་ཐུག་ཡོད་དེ།
དེ་ནི་འཛམ་གླིང་གི་ཐ་གྲུ་ཀུན་ནས་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཡག་སྡུག་ཅི་རིགས་གསལ་ཞིང་མྱུར་བར་སྤེལ་ནུས་པའི་དཀར་ཁུང་ལྟ་བུར་གྱུར་ཡོད།
མ་ཟད་དྲིལ་བསྒྲགས་ལྟེ་གནས་ཁང་དང་གཞུང་ཕྱོགས་དོ་དམ་དཀྱིལ་སྙིང་།
གཞུང་གི་ཁོངས་གཏོགས་མིན་པའི་རྩ་འཛུགས་ཚོགས་པ་དང་།
མི་སྒེར་བ་བཅས་ཀྱི་ལས་དོན་དང་ཕུགས་བསམ་བསྒྲུབ་བྱེད་ཀྱི་དྲ་རྒྱའི་བར་སྣང་ཞིག་ཀྱང་ཡིན།

     རྩིས་འཁོར་ཚན་རིག་པ་ཁྲེམ་ལགས་ཀྱིས་དྲ་རྒྱ་གསར་བཟོ་གནང་དོན། བརྡ་འཕྲིན་དུས་རབས་ཀྱི་གོ་ལ་རིལ་མོའི་སྒང་ནས་མི་རྣམས་ཀྱིས་བྱ་བ་མཉམ་བསྒྲུབ་དང་། འགྲོས་གཤིབ་རྒྱུན་སྐྱོང་བྱས་ནས་མི་རིགས་དང་མི་སྒེར་སོ་སོས་ཕན་ཚུན་གྱི་རིག་གནས་སེམས་ཁམས། འཚོ་གནས་འགྱུར་ལྡོག་སོགས་ལ་ངེས་ཤེས་འདྲོངས་པར་སྟབས་བདེ་ཡོང་ཆེད་བཟོས་པ་ཞིག་ཡིན་པའོ། །

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d