མགར་བཟས་བོད་སྒྱུར་བྱས།

བགྲེས་མོ་དབུལ་བོ་དེས་སྦྲང་ནག་ཞིག་ཁྱུར་མིད་བཏང་སོང་།
ཁོ་མོས་སྦྲང་ནག་ཞིག་མིད་དོན་བདག་གིས་མི་རྟོག་གོ
ངས་ནི་ཁོ་མོ་འཆི་བར་འགྱུར་རོ་སྙམ།

བགྲེས་མོ་དབུལ་པོ་དེས་འབུ་སྡོམ་ཞིག་ཁྱུར་མིད་བཏང་སོང་།
དེ་ཡིས་ཁོ་མོའི་བྱང་ཁོག་ཏུ་ཟུག་གཟེར་དང་གཡོ་བསྐྱོམ་བྱས་སོང་།
མོས་སྦྲང་ནག་འཛིན་ཆེད་དུ་འབུ་སྡོམ་ཞིག་མིད་སོང་།
ཁོ་མོས་སྦྲང་ནག་ཞིག་མིད་དོན་བདག་གིས་མི་རྟོག་གོ
ངས་ནི་ཁོ་མོ་འཆི་བར་འགྱུར་རོ་སྙམ།

བགྲེས་མོ་དབུལ་པོ་དེས་བྱེའུ་ཞིག་ཁྱུར་མིད་བཏང་སོང་།
ཁོ་མོས་བྱེའུ་མིད་སྟངས་དོན་སྙིང་བྲལ་བ་ཞིག་རེད་ཨང་།
མོས་འབུ་སྡོམ་འཛིན་ཆེད་དུ་བྱེའུ་དེ་མིད་སོང་།
མོས་སྦྲང་ནག་འཛིན་ཆེད་དུ་འབུ་སྡོམ་དེ་མིད་སོང་།
ཁོ་མོས་འབུ་སྦྲང་མིད་དོན་བདག་གིས་མི་རྟོག་གོ
ངས་ནི་ཁོ་མོ་འཆི་བར་འགྱུར་རོ་སྙམ།

བགྲེས་མོ་དབུལ་པོ་དེ་ཡིས་ཞི་ལ་ཞིག་ཁྱུར་མིད་བཏང་སོང་།
ཁོ་མོས་ཞི་ལ་མིད་སོང་བར་བསམ་གཞིགས་རེ་བགྱིས་དང་།
བྱེའུ་འཛིན་ཆེད་དུ་ཞི་ལ་དེ་མིད་སོང་།
འབུ་སྡོམ་འཛིན་ཆེད་དུ་བྱེའུ་ཞིག་མིད་སོང་།
སྦྲང་ནག་འཛིན་ཆེད་དུ་འབུ་སྡོམ་ཞིག་མིད་སོང་།
ཁོ་མོས་སྦྲང་ནག་ཞིག་མིད་དོན་བདག་གིས་མི་རྟོག་གོ
ངས་ནི་ཁོ་མོ་འཆི་བར་འགྱུར་རོ་སྙམ།

བགྲེས་མོ་དབུལ་པོ་དེས་ཁྱི་གུ་ཞིག་ཁྱུར་མིད་བཏང་སོང་།
མོས་ཚང་མལ་ཡོངས་རྫོགས་ཉུལ་ནས་ཁྱི་གུ་དེ་མིད་སོང་།
ཞི་ལ་འཛིན་ཆེད་དུ་ཁྱི་གུ་དེ་མིད་སོང་།
བྱེའུ་འཛིན་ཆེད་དུ་ཞི་ལ་དེ་མིད་སོང་།
འབུ་སྡོམ་འཛིན་ཆེད་དུ་བྱེའུ་དེ་མིད་སོང་།
སྦྲང་ནག་འཛིན་ཆེད་འབུ་སྡོམ་དེ་མིད་སོང་།
ཁོ་མོས་ནི་སྦྲང་ནག་ཞིག་མིད་དོན་བདག་གིས་མི་རྟོག་གོ
ངས་ནི་ཁོ་མོ་འཆི་བར་འགྱུར་རོ་སྙམ།

བགྲེས་མོ་དབུལ་པོ་དེས་བ་ཕྱུག་ཞིག་ཁྱུར་མིད་བཏང་སོང་།
ཁོ་མོས་བ་ཕྱུག་ཞིག་མིད་དོན་བདག་གིས་མི་རྟོག་གོ
མོས་ཁྱི་གུ་འཛིན་ཆེད་དུ་བ་ཕྱུག་དེ་མིད་སོང་།
ཞི་ལ་འཛིན་ཆེད་དུ་ཁྱི་གུ་དེ་མིད་སོང་།
བྱེའུ་འཛིན་ཆེད་དུ་ཞི་ལ་དེ་མིད་སོང་།
འབུ་སྡོམ་འཛིན་བྱེད་དུ་བྱེའུ་དེ་མིད་སོང་།
སྦྲང་ནག་འཛིན་ཆེད་དུ་འབུ་སྡོམ་དེ་མིད་སོང་།
ཁོ་མོས་སྦྲང་ནག་ཞིག་མིད་དོན་བདག་གིས་མི་རྟོག་གོ
ངས་ནི་ཁོ་མོ་འཆི་བར་འགྱུར་རོ་སྙམ།

བགྲེས་མོ་དབུལ་པོ་དེས་རྟ་རྒོད་ཅིག་ཁྱུར་མིད་བཏང་སོང་།
ཁོ་མོ་ཡང་ཤི་སོང་། དེ་ནི་ཆོས་ཉིད་དོ།

2016 /9/18

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading