དགའ་ཕྱོགས་སྒེར་གཅོད་པ།

སྟག་སྨུག

       ང་ཚོའི་མི་སུ་ཡིན་ཡང་སྒེར་གཅོད་དང་བཙན་གཉོམ་ལ་ཡེ་ནས་དགའ་བོ་མེད་ཁུལ་བྱས་མོད།    རང་གི་དགའ་ཕྱོགས་དང་དད་མོས་ལ་མ་དགའ་ན་མི་དེ་ལ་ཧ་ལས་པའི་མནར་གཅོད་གཏོང་གིན་པ་དཔེར་ན།   དོན་དངོས་སྟེང་ནས་སྐད་ཆ་ཞིག་བཤད་ན།    མི་མང་བོ་ཞིག་གི་བཟའ་ཚང་ལ་སྒེར་ གཅོད་ཐལ་དྲགས་པ་ཡོད་པར་བསམ་ན།   འདི་ལྟ་སྟེ།   དགའ་མར་གྱི་ཁ་པར་ཞིབ་བཤེར།  གར་འགྲོ་གར་འདུག་ལ་གསང་མིག   ད་རུང་མི་གཅིག་ལ་ལུས་འབྲེལ་བྱས་ན།  འཛིང་བ།  རྡེག་པ།  གསོད་པ་སོགས་ཀྱི་སྦྱོར་ངན་བརྩམས་པ་མངོན་སུམ་རེད།

      བཟའ་ཚང་ཞེས་པ་འཁོར་བ་མཉམ་སྐྱོང་དང་འཚོ་བ་མཉམ་རོལ་གྱི་སྐྱིད་སྡུག་མཉམ་ཁུར་ཞིག་ཡིན་པ་ལས།མི་དེའི་ཐོབ་ཐང་དང་འཇོན་ནུས་བརྩེ་དུང་དགའ་ཕྱོགས་ཡོད་ཚད་རྐང་འོག་ཏུ་མནན་རྒྱུ་ཞིག་ག་ལ་ཡིན་ཏེ།   རྩ་ནས་མིན་ཏེ།   རྒད་པོ་ཚོས་རང་གི་ནུས་པ་དང་དགའ་ཕྱོགས་ཅི་ཞིག་རོལ་ན་ཆོག་པ་དང་།   རྒན་མོ་ཚོས་འདི་ལྟར་བྱེད་མི་ཉན་པ་ནི་སྐྱེས་པ་ལངས་ཤོར་ཚོས་དགའ་ཕྱོགས་སྒེར་གཅོད་བྱེད་ནི་མིན་ན་ཅི་ཞིག་ཡིན་ཨང་།

       ཞི་མོ་དེ་དག་གི་འགྲོ་མིའི་ཐོབ་ཐང་དང་འདྲ་མཉམ་རང་དབང་གྱི་རྩ་དོན་ཡེ་ནས་མི་ཤེས་ལ།   ཐ་ན་རང་གི་མི་ལུས་ཕྱེས་ཀ་ཞིག་ཡིན་པ་ཚོར་གྱི་མི་འདུག    ཞི་ལུ་དེ་དག་གལ་ཏེ་རྒྱལ་དཔོན་ཞིག་དང་ཚོགས་གཙོ་ཞིག་ལ་གོ་སྐབས་རེག་ན།    འབངས་མི་དེ་དག་ལ་སྒེར་འཛིན་བསམ་ཡུལ་ལས་འདས་པ་ཡོང་ཁོ་ཐག་རེད།

      ཞི་མོ་ལས་ངན་དེ་དག་ལ།   གཟུགས་མེད་ཀྱི་ཁྲིམས་ཀྱི་སྒེར་གཅོད་འདི་འདྲ་ཡོད་དེ།   དཔེར་ན།   རང་གི་འདོད་པ་བཞིན་དགའ་མི་ཆོག་པ།  རང་གི་བསམ་ཚུལ་བཞིན་བཤད་མི་ཆོག་པ།   རང་གི་དད་མོས་བཞིན་དད་མི་ཆོག་པ་ནི་ཞི་ལུ་ཞི་མོའི་བར་གྱི་སྒེར་གཅོད་དང་།   མི་རིགས་དང་མི་རིགས་བར་གྱི་སྒེར་གཅོད་ཡང་འདི་ལྟར་ཡིན་ངེས་སོ།།    སྒེར་གཅོད་འདིའི་རིགས་སུ་གྱུར་བ་མང་དུ་ཡོད་དེ།སྡེ་བ་དང་སྡེ་བའི་བར།  ཡུལ་ཕྱོགས་དང་ཡུལ་ཕྱོགས་དང་བར།   དགོན་པ་དང་དགོན་པའི་བར།   ཁྱིམ་ཚང་དང་ཁྱིམ་ཚང་བར་ན་མང་དུ་གནས་པར་དོན་དངོས་རེད།   འུ་ཚོས་ལས་རྒྱུ་འབྲས་དང་ཚེ་འདི་ཕྱི་བརྩི་ཟེར་མོད།   དོན་ངོ་མ་གནད་འགག་མང་པོ་ཞིག  ལས་རྒྱུ་འབྲས་སྣོག་གི་ཡོད་ལ།   ཚེ་འདི་ཕྱི་འདོར་གི་ཡང་ཡོད།

     དྲང་མོ་ལབ་ན།  ང་ཚོའི་འཁོར་ཡུག་ན་འུར་རྒྱག་མཁན་དང་ལབ་རྒྱག་མཁན་མང་དུ་ཡོད་ན།   གནད་དང་མདོ་བཤད་མཁན་ཧ་ཅང་ཉུང་ངུ་ལས་མེད་པ་དེ་རེད། ཁོ་ཚོས་འཁྲབ་སྟོན་མང་དུ་སྟོན་སྟེ།   ཆོས་ལུགས་ཆེན་པོ་གསུམ་གྱི་སྔ་ཕྱི་རྩོད་པ།   མནའ་བོའི་ལོ་རྒྱུས་ཞིབ་འཇུག་བྱེད་ཁུལ།    ཆོས་ཀྱི་མི་རིགས་སྐྱོབ་ཐུབ་རབ།   ཁོ་ལ་ཡོན་ཏན་སྣ་མང་ལྡན་ཚུལ་ཞེས་སྐྱག་ལབ་དང་སྟོང་བཤད་བརྒྱབ་ནས་ཉི་མ་གཏོང་གི་རེད།   ཅིག་གི་སློབ་གསོ་བ་ཆེན་མོ།ཉིག་གི་བསམ་བློ་བ་ཆེན་མོ།   རིག་གཞུང་ཞིབ་འཇུག་པ་ཆེན་མོ།   ལོ་རྒྱུས་དབྱེ་ཞིབ་པ་ཆེན་མོ་སོགས་ཀྱི་གཡོ་བསྟོད་ལ་གོམས་ནས་རང་གི་རྐང་འོག་གི་ས་མི་རིག་པ་དང་།  མགོ་ཐོག་གི་སྤྲིན་ནག་མི་ཤེས་པ་དེ་དག་ལ་རེ་བ་མེད་ལ།   ཡོད་ས་ཨང་གང་ནས་མི་རྙེད་དོ།

     ཐོག་མར་ལས་རྒྱུ་འབྲས་དང་།  འགྲོ་བ་མིའི་ཐོབ་ཐང་།   རང་དབང་གི་དད་སྟོབས།  ཆོས་ལུགས་ཀྱི་འཚེ་མེད་སྤྱོད་པ།   ཁྲིམས་ལུགས་ཀྱི་ཁེ་དབང་སོགས་བརྩི་དགོས་སུ་རང་ཉིད་ནས་མགོ་བརྩམས་རྒྱུ་ཧ་ཅང་གལ་ཆེ་བར་སྙམ། རང་ཉིད་ལ་སྲུང་བྱ་དེ་དག་གི་འགན་འཁྲི་མེད་ན།   ཁ་ནས་རང་དབང་དང་རྒྱུ་འབྲས་ཅི་ཞིག་གླེང་ཀྱང་དོན་སྙིང་ཅི་ཞིག་ཡོད་དམ།   ག་ལེར་ག་ལེར་བསམ་བློ་ཞིབ་ཏུ་མཐོང་དང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་ངེས་ཤེས་ཟབ་མོ་ཞིག་རྙེད་ཡོང་བ་ཐེ་མོ་ཚོམ།  ངེས་ཤེས་རྙེད་ཡོང་བཞིན་དུ་ཁྱེད་ལ་བསམ་བློ་མེད་ན།   “གོ་ན་རྣ་བའི་བདུད་རྩི་དང་མ་གོ་གཏམ་ལ་འབྲེལ་བ་མེད”ཅེས་པ་བཞིན་ནོ།།   “མི་ངན་ལ་དབང་སྐྱེས་ན་རྩྭ་སྔོན་ལ་མེ་གཏོང་བ”བ་ནི་ཇི་འདྲིའི་འཇིགས་སུ་རུང་བ་ཞིག་མ་རེད་དམ།

2016    9   2

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s