གཅིན་སྙིའི་ནད་རྟགས།
༡༽ དྲི་ཆུ་ཡང་ཡང་བབ་པ།
༢༽ སྐོམ་གདུང་ཧ་ཅང་ཡོང་བ།
༣༽ ངལ་དུབ་བྱུང་སླ་བ།
༤༽ སྦྲིད་ཚོར་བྱུང་བ་དང་རེག་ཚོར་བརླག་པ།
༥༽ རྨ་རྣམས་གསོ་དཀའ་བ།
༦༽ ལུས་པོའི་ལྗིད་ཚད་ཆག་པ།
༧༽ མགོ་ན་བ།
༨༽ བཀྲེས་ལྟོགས་དྲག་པོ་བྱུང་བ།
གཅིན་སྙིའི་ནད་དམ་ཀ་རའི་ནད་ནི་། ང་རང་ཚོའི་ལུས་པོའི་ཁྲག་གི་ནང་དུ་ཀ་ར་ཉུང་བའམ་མང་བའི་རྐྱེན་བྱས་ནས་ལུས་ཀྱི་བདེ་ཐང་ལ་སྐྱོན་བྱས་ནས་ནད་བྱུང་བ་ལ་ཟེར་གྱི་ཡོད། འདི་ནི་གཙོ་བོ་ང་རང་ཚོའི་ལུས་པོའི་ནང་དུ་ཨིན་སུ་ལིན་དུ་འབོད་པའི་རྨེན་གཤེར་(ཧོར་མོན་) ཉུང་བ་ལ་བརྟེན་ནས་བྱུང་བ་ཡིན། སྐོམ་གདུང་འཕེལ་བ། གློ་བུར་དུ་ལུས་ཀྱི་ལྗིད་ཚད་ཆག་པ། ཐང་ཆད་པ་དང་ངལ་ཞིང་དུབ་པ། དེ་བཞིན་ལུས་གསོ་བར་ཡུན་རིང་འགོར་བ་བཅས་ནི་གཅིན་སྙི་ཟ་ཁུའི་ནད་དམ་ཀ་རའི་ནད་ཀྱི་ཡོངས་གྲགས་རྟགས་མཚན་འགའ་རེད། ནད་འདི་དྲགས་སྐྱེད་ཡོང་བར་ང་ཚོས་རྟག་ཏུ་སྨན་ཟ་རྒྱུ་ཡོད་ནའང། འདིར་ནད་འདི་ལྡོག་ཐབས་སུ་རང་ཉིད་ནས་གང་ཞིག་བྱེད་ཐུབ་པའི་རང་བྱུང་གི་ཐབས་ལམ་འགའ་ཞུ་རྒྱུ་ཡིན།
༡༽ ཤིང་ཚྭ་(སི་ན་མན་) ཤིང་ཚྭ་ཕྱེད་མ་ནི་ང་ཚོའི་ཁྲག་ནང་གི་ཀ་རའི་རིམ་ཚད་དེ་རན་མཚམས་སུ་གཅོག་པར་ ཡོངས་གྲགས་རེད། དེར་བརྟེན་ཁྱེད་ཀྱིས་ཤིང་ཚྭ་ཕྱེ་མ་དེ་ཆུ་ཕོར་ནང་དུ་བསྲེས་ནས་ཉིན་ལྟར་འཐུང་ བ་དེས་གཅིན་སྙི་ཟ་ཁུའི་ནད་དམ་ཀ་རའི་ནད་བཅོས་པ་ལ་ཕན་ཐོགས་ངེས་ཅན་ཞིག་ཡོད།
༢༽ རྒུན་འབྲུམ་ནག་པོ་། (པ་ལམ་ནག་པོའང་ཟེར་) འདི་ལ་རྒྱ་གར་གྱི་ལུམ་འབྲས་ནག་པོ་(བེ་རི་ནག་པོ་)འམ་ཡུལ་སྐད་དུ་ཇམ་བུལ་(Jambul)ཟེར་གྱི་རེད། ཤིང་འབྲས་འདིའི་ནང་དུ་ལུས་པོའི་ཁྲག་ནང་གི་ཀ་རའི་རིམ་ཚད་དེ་ཇེ་དམར་གཏོང་བ་ལ་ཕན་པའི་ཨན་ཐོ་ས་ཡ་ནིན་ (anthocyanins)དང་ཨེ་ལ་ཇིག་སྐྱུར་རྫས་(ellagic acid)། ཧ་ཡི་ཌོ་ལ་ཡི་སེ་སྦལ་མཉེས་རྫས་ (hydrolysable tannins) བཅས་ལྡན་ཡོད། འདི་ནི་ནམ་དུས་ཀྱི་ཤིང་འབྲས་(seasonal fruit)ཤིག་ཡིན་པ་དང། (དབྱར་ཁའི་)ནམ་དུས་དེར་ཐོབ་ཐུབ་པ་ཡིན།
༣༽ ཁ་ཏིག་ཚལ་། ཁ་ཏིག་ཚལ་གྱིས་ཀྱང་ལུས་པོའི་ཁྲག་ནང་གི་བཅུད་རྫས་ཀ་རའི་རིམ་ཚད་དེ་མང་གཅོག་པ་ ལ་ཕན་གྱི་ཡོད་སྟབས། འདི་ནི་གཅིན་སྙི་ཟ་ཁུའི་ནད་དམ་ཀ་རའི་ནད་ལས་ལྡོག་པར་ནུས་ལྡན་ཞིག་ཏུ་འགྱུར་ ཐུབ། འདི་ཡིས་ད་དུང་ཨིན་སུ་ལིན་རྨེན་གཤེར་འཛག་ཐོན་དེ་བཅོས་མིན་གྱི་ལམ་ནས་འཕེལ་ བར་ཕན་གྱིས་ཡོད། ཁ་ཏིག་ཚལ་འདི་ཡིས་འཁུ་བ་དེ་ཉིན་ལྟར་ཞོགས་པ་ལངས་མ་ཐག་ཏུ་ཕོར་པ་གང་འཐུང་བ་ནི་ སྤྱད་ཐབས་ཡག་ཤོས་ཤིག་རེད།
༤༽ སྨན་སྣ་ཤོ་བྲ། (མེ་ཐི་སྡོང་བུ། = འབྲས་བུ་སྲན་མ་ལྟར་སྐྱེ་བའི་སྨན་སྣ་ཞིག ཤོ་བྲ།) འདི་ནི་རང་འབྱུང་སྨན་རྩ་ཞིག་རེད་ལ། གཅིན་སྙི་ཟ་ཁུའི་ནད་དམ་ཀ་རའི་ནད་ལ་ལྡོག་ཐབས་དང་། ལུས་པོའི་ནང་དུ་བཅུད་རྫས་ཀ་རའི་དཀའ་ངལ་སེལ་བ་ལ་རྩེད་ཕུད་ཅིག་རེད། འདིའི་སྤྱད་ཐབས་ནི་སྨན་སྣ་ཤོ་བྲའི་སོན་དེ་མཚན་གང་ཆུའི་ནང་དུ་སྦངས་ཤིང། དེ་ནས་ཆུ་དེ་འཐུང་བ་དང་སོན་འབྲུ་དེ་ཡང་ཟ་དགོས་ཀྱི་ཡོད།
༥༽ ཨཱམ་ཤིང་སྡོང་གི་ལོ་མ། ཐོན་མ་ཐག་པའི་ཨཱམ་ཤིང་སྡོང་གི་ལོ་མ་རྣམས་ནི་གཅིན་སྙི་ཟ་ཁུའི་ནད་དམ་ཀ་རའི་ནད་ལ་ལྡོག་ཐབས་ཡག་པོ་ཞིག་ཏུ་རྩིས་ཀྱི་ཡོད། དེ་ཇི་ལྟར་བྱ་ཞེས་ན། ཐོག་མར་ཨཱམ་ཤིང་སྡོང་གི་ལོ་མ་རྣམས་ཆུའི་ནང་དུ་མཚན་གང་སྦང་པ་དང། དེ་ནས་ཆུ་བཙག་ནས་འཐུང་དགོས། དེ་མིན་ཨཱམ་ཤིང་སྡོང་གི་ལོ་མ་རྣམས་འཛོག་ནས་ཟ་ནའང་འགྲིག་གི་ཡོད།
༦༽ ཨ་ལོའི་ཝེ་ར་། སྦེའི་ལོ་མ་དང་ག་ཟེད་(ཚལ་ནང་དུ་བླུག་བྱེད་ཀྱི་ཚོན་སེར་པོ་ཅན།)གཉིས་ཀྱི་མཉམ་ དུ་ཨ་ལོའི་ཝེ་ར་བཅས་ཀྱིས་ཁྲག་ནང་གི་ཀ་ར་རྣམས་རང་བྱུང་གི་ཐབས་ལམ་གྱི་ཐོག་ནས་འདོར་ཐུབ་ཀྱིས་ཡོད། དེར་བརྟེན་དེ་ནི་ཆུ་དང་མཉམ་དུ་སྤྱོད་ཐུབ་པའམ། ཡང་ན་ཝེ་རའི་ཕྷིག་ཕྷིག་(Vera Gel)ཀྱང་སྤྱད་ཆོག་པ་རེད། གང་ལྟར་གཉིས་ཀ་ནུས་པ་ལྡན་ཞིང་འཕྲོད་བསྟེན་ལ་ཕན་གྱི་རེད།
༧༽ ཆུ་། མིའི་ལུས་པོའི་ནང་དུ་བརྒྱ་ཆ་ ༧༥ ནི་ཆུ་ཡིས་གྲུབ་པ་ཞིག་རེད། དེར་བརྟེན་ཁྱེད་ཀྱིས་ངེས་པར་དུ་ཁྲག་ནང་གི་ཀ་རའི་རིམ་ཚད་དེ་རན་མཚམས་ཤིག་གནས་པ་ལ་ཉིན་ལྟར་ཆུ་གང་མང་མང་འཐུང་དགོས་ཀྱི་ཡོད། དེའི་སྟེང་དུ་གལ་ཏེ་ཁྱེད་རང་ཆུ་དཀྱུས་མ་འཐུང་བ་དེ་ཡིས་ཉི་འོད་ཀྱི་ཚ་གདུབ་ལ་ ལྡོག་ཐུབ་ཅིང། འདི་ཡིས་ཁྱེད་རང་སྒྲུབ་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་ཤིག་ཏུ་འགྱུར་བར་ཕན་ ཐོགས་ཐུབ།
༨༽ ཤ་ཏཱ་ཝ་རི། (ཉེ་ཤིང་།) ཤ་ཏཱ་ཝ་རི་འམ་ཉེ་ཤིང་ནི་གཅིན་སྙི་ཟ་ཁུའི་ནད་དམ་ཀ་རའི་ནད་ལ་ལྡོག་ཐབས་ཡག་པོ་ཞིག་རེད། འདི་ནི་དུས་ཐོག་ཏུ་གཅིག་པ་འབབ་ཐུབ་པ་དེ་ཡིས་གཅིན་སྙི་ཟ་ཁུའི་ནད་དམ་ཀ་རའི་ནད་དེ་ཚོད་འཛིན་བྱེད་ཐུབ་པ་ལ་དགེ་ཚན་ཆེ།
ཡོང་ཁུངས་འཕྲོད་བསྟེན་ཤེས་བྱ་དྲ་ཚིགས།