མེ་རོའི་སྙན་ངག་ཁག་གསུམ།


—མེ་རོ། ཀན་ལྷོ།


ཙོང་ཁའི་བུ་མོ།

གྲོང་ཁྱེར་ལ་ཐོན་དུས
ལྷ་ཁང་ཞིག་ལ་མཇལ་དུ་ཕྱིན
སྐོར་ལམ་ནས་བུ་མོ་ཞིག་འཛུམ་ཚུལ་མཐོང
ཙོང་བ་ཟེར་བའི་སྐྱེ་བུ་ཞིག་དབང་མེད་དུ་ཡིད་ལ་འཆར
གསོལ་འདེབས་གང་མང་ཞིག་བྱས་རྗེས
བུ་མོ་ཞིག་དང་མཉམ་དུ་རེ་འཁོར་ལ་བསྡད
ཁོ་མོའི་ལུས་དྲི་ཧ་ཅང་ཞིམ
ལམ་བར་ནས
ཁོ་མོས་ཐུར་དུ་དཔྱངས་པའི
ངའི་ལྭ་བའི་གོང་ཕུར་ལ་བལྟས་ནས་དགོད་ཙམ་བྱས
ཕ་ཡུལ་ལ་སླེབས་པའི་ཉིན་དེ་ནས
མིང་མི་ཤེས་པའི་བུ་མོ་ཞིག་དྲན
ལྷ་ཁང་དེའི་ནང་གི
ཨ་ནེ་རྒན་མོས་གསོལ་འདེབས་ཞུ་སའི་སྐྱེ་བུ་དེ་དྲན
རི་རྩེ་ནས་ལྦུ་ཆང་འཐུང་ཞོར
མིག་ལ་ཐོགས་པའི་ཙོང་ཁ་སྡེ་ཁམས་དྲན

2016 5 26


གྲོང་ཁྱེར་ལ་ལོག་པ།

ཁ་སང་
རྩྭ་ཐང་ནས་གྲོང་ཁྱེར་ལ་ལོག་སྐབས
ཐད་ཀྱི་མལ་ཁྲིའི་སྒང་ན
བུ་མོ་ཞིག་འདུག
ངས་ས་སྲོད་ཀྱི་ངལ་བ་བུ་མོ་དེའི་བྲང་གཞུང་ལ་བཤམས་ཏེ
སྒེའུ་ཁུང་ནས་ཁྱོད་ཚོར་ཕྱི་མིག་བལྟ་རྒྱུ་འང
བརྗེད་པར་གྱུར
མཚན་ལམ་དེའི་རིང་ཐུང་བོར
ཁོ་མའི་དབུགས་ཀྱི་རྒྱུ་བར་མཉན་ཏེ
གནམ་གཤིས་སྡུག་པའི
མཐོ་སྒང་གི་ཁ་བའི་ཆགས་རིམ་འང་མ་ཤེས
ལམ་ཁྲིའི་སྒང་གི་བུ་མོ་ལགས
ལམ་གྱི་བར་སྐེད་ཅིག་ནས
ཁྱོད་ཀྱི་དོར་མའི་སྣེ་ན་བཙིར་བའི
བྱང་གཅིན་ཡོད་ཚད
གོས་ཆེན་འདྲ་བའི་རྩྭ་ཐང་ལ་འཕོས་ཏེ
སླར་ཡང་གྲོང་ཁྱེར་གྱི་གློག་འོད་མངལ་དུ་སྒྲིམ་ཚུལ་དེས
ངའི་སྣང་བ་མོག་མོག་ཏུ་གྱུར་ཏེ
མི་ཞིག་ལ་བདེ་ཐང་ཡིན་མིན་གྱི་སྐད་ཆ་དྲི་རྒྱུ་འང
བརྗེད་པར་གྱུར
ལམ་བར་ནས་རི་ཆུ་ལུང་གསུམ་གྱི་མཛེས་པ
མིག་གིས་མ་ཟིན་པར
ཁྱོད་ཁོ་ནར་སེམས་ཁྲེལ་ལངས་དོན
ཁྱོད་ཀྱི་གདོང་བ་ན་དམར་མདངས་ཡོད་པས་ཡིན
ལམ་ཁྲིའི་སྒང་གི་བུ་མོ་ལགས

2015 . 5 . 7


ཝེ་བུ་མོ། སྟོན་ཁ་སླེབས་སོང་ངམ།

ཝེ་བུ་མོ
མགོ་བོ་དུད་དེ་ངུ་དོན་ཅི་ལགས
ཞོགས་པ་འདིར
ཁྱོད་ཀྱིས་ངག་བསྡམས་ནས་སྐད་ཆ་མི་སྨྲ་དོན་ཅི་ལགས
སྟོན་ཁ་སླེབས་སོང་ངམ
ཡང་ན་མཚན་མོ་དུས་ལྟར་ཉལ་འཕྱི་སྟེ
མགོ་བོའི་གཡས་གཡོན་གྱི་རྣ་རྒྱན་དུ
ཨ་རག་གི་དྲི་མ་ཐུལ་ཞོར
སྐྱེ་བ་ཞིག་གི་མཆུ་ཏོས་ཡང་ཡང་གཙེས་སོང
ཝེ་བུ་མོ
མགོ་བོ་དུད་དེ་ངུ་དོན་ཅི་ལགས
ཞོགས་པ་འདིར
ཁྱོད་ཀྱིས་ངག་བསྡམས་ནས་སྐད་ཆ་མི་སྨྲ་དོན་ཅི་ལགས

༢༠ ༡༥ ༡༡ ༢༥

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s