སྨྱུག་མདའ།


མེ་མདའ་ལྟ་བུའི་སྲིད་བློན་ཞིག་ལ།

ད་ཐེངས་སྨྲ་ར་དཀར་པོའི་ཀི་སྒྲ་རིང་མོས
ས་ས་རྡོ་རྡོ་བྱེད་ཅིང་སྲིད
ཡོད་ཚད་རྒྱུག་གིན་འདུག
ཉི་མ་ནུབ་ལ་ཁད་དུ་རྒྱུག་གིན་འདུག
དེ་ནི་ཕྱི་གསལ་ནང་གསལ་གྱི་མི་དམངས་ཙམ་རེད

སྙིང་གི་འཕར་ལྡིང་ལ་ཉན་ན་སྐད་ཆ་འགའ་རེ་
དུས་ཚོད་ཀྱི་སོ་ཁ་ན་འདར་སིག་རྒྱག་གིན་པ་འགའ་རེ
རྒུད་པ་ཟེར་བ་ངོ་འཕྲོད་སོང་བ་འགའ་རེ
སྡུག་བསྔལ་གྱི་གཅོང་ན<ཟླ་ཚེས>གཅིག་པུ་དྲན་པ
ཕྱི་ནང་མི་གསལ་བའི་འབྱོར་ལྡན་ཟེར་བ་དེ་རེད

ད་ནི་ཉིན་གྲངས་ཇེ་ཉུང་དུ་འགྲོ་བཞིན་ཡོད
ལྕགས་སྒྲོག་གི་ཁ་དོག་མང་ཡང་སྲིད
འདོད་ཡོན་གྱི་བུམ་པ་འཆག་ཀྱང་སྲིད
སླར་ཡང་གོ་སྐབས་ཀྱི་གྲོས་ཤིག་བཏབ་ན་ཐང
འཚང་ཁ་ཤིག་ཤིག་གིས་མེ་སྟག་ཅིག་འཚུབ་སྲིད

ཉིན་གང་གི་ཡོང་འབབ་བསྲེག་བྱེད་དུ་འགྱུར་ན
ཙོང་པགས་བཤུས་པས”ཁ་སྣ་མ་སྦྲད་ན
དཀར་པོ་ཙམ་ལ་དཀའ་ངལ་བཏོད་པ་ལས
ཁྱེད་ལ་སུས་ཀྱང་ལྕེ་ལྡག་བྱེད་མི་ཐུབ
མེ་མདའ་ལྟ་བུའི་སྲིད་བློན

༢༠༡༦/༡༡/༡༤ མཚན་མོར་རྒྱ་གར་རྒྱལ་ཡོངས་དངུལ་ལོ་བརྗེ་སྤོར་དང་འབྲེལ་སེམས་ཚོར་ཐོལ་བྱུང་དུ་ཡི་གེར་བཏབ།


ཁ་སང་། དེ་རིང་།

ལག་པས་ཟིན་ཚོད་ན་ཆེ་བ་དེ་ཡིན
ངུ་སྐད་མང་ས་ན་སྡུག་བསྔལ་སེལ་མེད
ང་ཡི་མིག་ཟུང་གིས་མཐོང་བ
མེ་སྦར་ཞིང་ཁོམ་མེད་དུ་གྱུར

དབུལ་ཕོངས་ཀྱིས་ཡུན་རིང་ཕྱིན་པ་དག
ཉིན་གང་གི་ཡོང་འབབ་ལ་རེ་བཞིན་ཡོད
ཆེས་མཐའ་མར
ཕྱུག་པོ་ཚོ་འཆི་ལ་ཁད་དུ་སྲང་ལམ་ན་མི་མཐོང
མཐོང་བ་ནི་མི་དམངས་ཟེར་བ་དེའོ

རྒྱ་མཚོ་ཆེ་པོ་དེའི་ཕར་ལ་བརྒལ་རྗེས
ཁྲག་རྣག་གི་རི་མོ་སྣ་ཚོགས་པ་འཁྱགས་པ་དར་དུ་འགྱུར
བྱེ་ཐང་གི་མྱ་ངན་དམངས་ཀྱི་བྲང་ངོར་འབྱར
ཕྱི་ལོགས་ནས་རེའུ་མིག་བསྡུ་བསོག་རྒྱག་ངེས

ག་ལེ་ག་ལེར་དུས་ཚོད་ཀྱིས
ཟླ་ཚེས་ག་གེ་མོས་བརྡབ་གསིག་ལ་ཡིད་ཐང་ཆད་སྲིད
འཚོ་ཚིས་ཀྱི་གག་ལེ་སྔར་བཞིན་འཁུར་ཏེ
ཚ་ཚ་འུར་འུར་དུ་མིག་ཆུར་འབྱར་འགྲོ

2016/11/12 མཚན་མོར།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

 

དཔྱད་མཆན་སྤེལ།

%d