(1)

  • “You say you love rain, but you use an umbrella to walk under it.
  • You say you love sun, but you seek shade when it is shining.
  • You say love wind, but when it comes you close your window Sothar why
  • I’m scared when you say you love me”
-Bob Marley

ཁྱེད་ཀྱིས། ཁྱེད་རང་ཆར་བ་ལ་དགའ་ཟེར། 

འོན་ཀྱང་ཆར་བ་འབབ་དུས། ཁྱེད་ཀྱིས་ཆར་གདུགས་བཀོལ་ནས་འགྲོ་གི་འདུག

ཁྱེད་ཀྱིས། ཁྱེད་རང་ཉི་མ་ལ་དགའ་ཟེར།  འོན་ཀྱང་ཉི་མ་ཤར་དུས། ཁྱེད་ཀྱིས་གྲིབ་མ་འཚོལ་གི་འདུག

ཁྱེད་ཀྱིས། ཁྱེད་རང་རླུང་བུ་ལ་དགའ་ཟེར། འོན་ཀྱང་རླུང་བུ་ལྡང་དུས།  ཁྱེད་ཀྱིས་སྒེའུ་ཁུང་རྒྱག་གི་འདུག

དེའི་ཕྱིར། ཁྱེད་ཀྱིས། ཁྱེད་རང་ང་ལ་དགའ་ཟེར་དུས།  ང་ལ་སྐྲག་སྣང་སྐྱེ་བའི་རྒྱུ་མཚན་དེ་རེད།


(2)

  • If you look at what you have in life,
  • you’ll always have more.
  • If you look at what you don’t have in life,
  • you’ll never have enough.
IG/thestreetquotes

ཁྱེད་ཀྱིས་མི་ཚེའི་ནང་གང་ཐོབ་ཡོད་པ་ལ་བལྟས་ན། 

ཁྱེད་ལ་ནམ་རྒྱུན་ལྷག་ཏུ་འཐོབ་པར་འགྱུར། 

ཁྱེད་ཀྱིས་མི་ཚེའི་ནང་གང་ཐོབ་མེད་པ་ལ་བལྟས་ན། 

ཁྱེད་ལ་ནམ་ཡང་ཐོབ་ནས་ལོངས་པ་མེད།


(3)

  • “The world suffers a lot.
  • Notbecause of the violence of bad people.
– Napoleon

འཛམ་གླིང་འདིར་དཀའ་སྡུག་མང་པོ་མྱོང་གི་ཡོད། 

དེ་ནི་མི་ངན་པའི་དྲག་སྤྱོད་ཙམ་ལ་བརྟེན་ནས་མ་ཡིན་པར། 

མི་བཟང་པོའི་ངག་བཅད་ལ་བརྟེན་ནས་བྱུང་བ་རེད།


(4)

  • A smile is the
  • best makeup a girl
  • could wear.
MARILYN MONROE

མཛུམ་མདངས་ནི་

བུ་མོ་ཞིག་གིས་གྱོན་ཆོག་པའི་

མཛེས་བཟོ་ཡག་ཤོས་རེད།


(5)

  • “Impossible is a word to be found only in the dictionary of fools.”
Napoleon Bonaparte

མི་སྲིད་པནི་གླེན་པ་ཚོའི་ཚིག་མཛོད་ཁོ་ནའི་ནང་ལ་ཡོད་པའི་མིང་བརྡ་ཞིག་རེད།


(6)

  • “The revolution is not an apple that falls when it is ripe.
  • You have to make it fall.”
Che Guevara

གསར་བརྗེ་ནི་སྨིན་ཚར་དུས་ལྷུང་ཡོང་བའི་ཀུ་ཤུ་ཞིག་མ་རེད། 

དེ་ནི་ཁྱེད་ཀྱིས་ངེས་པར་ལྷུང་དུ་འཇུག་དགོས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d