Skip to content
(7)
- “Many of life’s failures are people who did not realize how close they were to success when they gave up.”
Thomas Edison
མི་ཚེའི་ནང་གི་ལམ་ལྷོང་མ་བྱུང་བ་མང་པོ་ཞིག་ནི། མཚམས་འཇོག་བྱེད་དུས་རང་གི་གྲུབ་འབྲས་ལ་ཅི་ཙམ་ཐག་ཉེ་བ་ངོས་མ་ཟིན་པ་རྣམས་རེད།
(8)
- The best preparation for
- tomorrow is doing your best today.
H. Jackson Brown, Jr.
སང་ཉིན་གྱི་གྲ་སྒྲིག་ཡག་ཤོས་ནི།
དེ་རིང་ཁྱེད་ཀྱིས་གང་ལེགས་བྱེད་པ་དེ་ཡིན།
(9)
- “If you can’t explain it simply, you don’t
- understand it well enough.”
Albert Einstein
གལ་སྲིད་ཁྱེད་ཀྱིས་དེ་ལ་འགྲེལ་བཤད་སྟབས་བདེ་བོའི་སྒོ་ནས་རྒྱག་མི་ཐུབ་ན།
ཁྱེད་ཀྱིས་དེ་འགྲིག་ཐག་ཆོད་ཅིག་ཤེས་ཀྱི་མེད།
(10)
- “A man is not finished when he is defeated.
- He is finished when he quits.”
Richard Nixon
མི་ཞིག་ཕམ་དུས་མི་དེ་ཚར་བ་མིན།
མི་དེས་འདོར་དུས་མི་དེ་ཚར་བ་ཡིན།
(13)
- “A false friend and a shadow attend only while the sun shines.”
Benjamin Franklin
གྲོགས་པོ་རྫུན་མ་དང་གྲིབ་ནག་ནི་ཉི་འོདའཕྲོ་བའི་རིང་ཁོ་ན་ལ་ཉེ་བར་གནས།
(14)
- “Life without love is like a tree without blossoms or fruit.”
Khalil Gibran
བརྩེ་བ་མེད་པའི་འཚོ་བ་ནི་མེ་ཏོག་དང་ཤིང་འབྲས་མེད་པའི་སྡོང་བོ་ཞིག་དང་འདྲ།
(15)
- “You can’t separate peace from freedom
- because no one can be at peace unless he has his freedom.”
Malcolm X
ཁྱེད་ཀྱིས་ཞི་བདེ་དེ་རང་དབང་ལས་ལོགས་སུ་འཕྲལ་མི་ཐུབ།
གང་ཡིན་ཞེ་ན། རང་དབང་ཡོད་ན་མ་གཏོགས་སུ་ཡང་ཞི་བདེར་གནས་མི་ཐུབ་པས་སོ། །
(17)
- “Knowing yourself is the beginning of all wisdom.”
Aristotle
ཁྱོད་རང་གིས་རང་ཉིད་ངོ་ཤེས་པ་ནི་ཤེས་རབ་ཚང་མའི་གཞི་རྩ་ཡིན།
(18)
- “I’ve learned that people will forget what you said, people will forget what you did,
- but people will never forget how you made them feel.”
Maya Angelou
ཁྱེད་ཀྱིས་སྐད་ཆ་གང་ཞིག་བཤད་པ་དང༌། བྱ་བ་གང་ཞིག་བྱས་པ་དེ་མི་ཚོས་བརྗེད་འགྲོ་བཞིན་ཡོད་ནའང་།
ཁྱེད་ཀྱིས་ཚོར་བ་གང་འདྲ་ཞིག་བསྐྲུན་པ་དེ་མི་ཚོས་ནམ་ཡང་བརྗེད་ཀྱི་མེད་པ་ངས་ཤེས་ཡོད།
(19)
- “Darkness cannot drive out darkness: only light can do that.
- Hate cannot drive out hate: only love can do that.”
– Martin Luther King
མུན་པས་མུན་པ་མཐར་སྐྲོད་བྱེད་མི་ཐུབ། སྣང་བ་ཁོ་ནས་མུན་པ་མཐར་སྐྲོད་བྱེད།
ཞེ་སྡང་གིས་ཞེ་སྡང་མཐར་སྐྲོད་བྱེད་མི་ཐུབ། བརྩེ་བ་ཁོ་ནས་ཞེ་སྡང་མཐར་སྐྲོད་བྱེད།
(22)
- “one child,
- one teacher,
- one book,
- one pen can change the world.”
Malala Yousafzai
ཕྲུ་གུ་གཅིག དགེ་རྒན་གཅིག དེབ་གཅིག སྨྱུ་གུ་གཅིག་གིས་འཛམ་གླིང་འགྱུར་ལྡོག་གཏོང་ཐུབ།
(23)
- “One day, in retrospect,
- the years of struggle will strike you as the most beautiful.”
Sigmund Freud
ཉིན་ཞིག སྔར་བྱུང་ལ་ཕྱི་མིག་ལྟ་ན།
ངལ་རྩོལ་གྱི་ལོ་ཟླ་དེ་དག་ཁྱེད་ལ་ཆེས་མཛེས་སྡུག་ལྡན་པ་ཞིག་ཏུ་སྣང་ངེས།
(24)
- “Change is the law of life.
- And those who look only to the past or present are certain to miss the future.”
John F. Kennedy
འགྱུར་བ་ནི་འཚོ་བའི་ཆོས་ཉིད་རེད།
འདས་པ་དང་ད་ལྟ་བ་ཁོ་ན་ལ་ལྟ་བའི་མི་ལ་མ་འོངས་པ་བརླག་འགྲོ་བ་ངེས་གཏན་ཡིན།
(28)
- If you are depressed, you are living in the past.
- If you are anxious, you are living in the future.
- If you are at peace, you are living in the present.
– Lao Tzu
གལ་སྲིད་ཁྱེད་རང་སེམས་ངལ་བྱེད་ཀྱི་ཡོད་ན། ཁྱེད་རང་འདས་པའི་དུས་ཚོད་ནང་ལ་འཚོ་བཞིན་ཡོད།
གལ་སྲིད་ཁྱེད་རང་བློ་འཚབ་བྱེད་ཀྱི་ཡོད་ན། ཁྱེད་རང་མ་འོངས་པའི་དུས་ཚོད་ནང་ལ་འཚོ་བཞིན་ཡོད།
གལ་སྲིད་ཁྱེད་རང་ཞི་བདེའི་ངང་གནས་ཡོད་ན། ཁྱེད་རང་ད་ལྟ་བའི་དུས་ཚོད་ནང་ལ་འཚོ་བཞིན་ཡོད།
(29)
- If you want something. you never had
- You have to do something you’ve never done
ཁྱེད་ལ་སྔར་ཐོབ་མ་མྱོང་བ་ཞིག་འཐོབ་པར་འདོད་ན།
ཁྱེད་ཀྱིས་སྔར་བྱས་མ་མྱོང་བ་ཞིག་བྱེད་དགོས།
(30)
- Why do we close our eyes when we pray, cry, kiss or dream?
- Because the most beautiful things in life are not seen but felt by the heart.
ང་ཚོས་སྨོན་ལམ་འདེབས་པ་དང་། ངུ་བ། འོ་བྱེད་པ། རྨི་ལམ་གཏོང་བའི་དུས་སུ་ཅིའི་ཕྱིར་མིག་བཙུམ་པ་ཡིན་ནམ་ཞེ་ན། འཚོ་བའི་ནང་གི་ཆེས་མཛེས་སྡུག་ལྡན་པ་དག་ནི་མིག་གིས་མཐོང་བ་ཞིག་མ་ཡིན་པར། སེམས་ཀྱིས་ཚོར་བ་ཞིག་ཡིན་པའི་རྐྱེན་གྱིས་རེད།
ངེད་དྲ་ཚིགས།
Like this:
Like Loading...