རཱ་ཤི་ཡི་དམག་མི་ཞིག་གིས་ཡུ་ཁུ་རན་ནས་རང་སྲོག་གཡུལ་སར་མ་དོར་པའི་ཡུན་ཙམ་གྱི་སྔོན་ལ། རང་གི་ཨ་མ་དང་ཕན་ཚུན་ཁ་པར་ནང་འཕྲིན་ཐུང་བཏང་པའི་ཆེས་མཐའ་མཇུག་གི་སྐད་ཆ་འགའ།

ཨ་མས།    ཁྱོད་ཀྱིས་ལན་མ་བཏབ་ནས་ཡུན་རིང་འགོར་སོང་། ཁྱོད་རང་གིས་དངོས་གནས་དམག་སྦྱོང་བྱེད་བཞིན་ཡོད་དམ།

བུས།    ཨ་མ། ང་ཁུ་རེ་མཱེ་ཡ་(ཡུ་ཁུ་རན་གྱི་རང་སྐྱོང་མངའ་ཁུལ་)ན་མེད། ང་དམག་སྦྱོང་བྱེད་སར་མེད།

ཨ་མས།    དེས་ན་ཁྱེད་རང་གང་དུ་ཡོད། ཁྱེད་ཀྱི་ཨ་ཕས་ཁྱོད་ལ་ཅག་དངོས་ཤིག་སྦྲག་ཐོག་བསྐུར་མིན་ང་ལ་སྐད་ཆ་དྲིས་བྱུང་།

བུས།    ཨ་མ་ཁྱོད་ཀྱིས་ང་ལ་ཅ་ལག་ཅི་འདྲ་ཞིག་བསྐུར་བསམ། ང་ལ་ད་ལྟ་བསམ་རྒྱུ་གཅིག་ཁོ་ན་ཡོད་པ་ནི་རང་སྐེ་ཐག་པ་ལ་འདོད་རྒྱུ་དེ་ཡིན།

ཨ་མས།    བུ་ཁྱོས་ག་རེའི་སྐོར་ཤོད་ཀྱི་ཡོད་དམ། ག་རེ་བྱས་སོང་།

བུས།    ཨ་མ། ང་ཡུ་ཁུ་རན་ལ་ཡོད། འདི་རུ་དངོས་གནས་དམག་འཁྲུག་དྲག་པོ་ཞིག་ལང་བཞིན་འདུག། ང་སྐྲག་སྣང་སྐྱེ་གི་འདུག། ང་ཚོས་འབར་མདེལ་དབྱུག་བཞིན་ཡོད།  གྲོང་ཁྱེར་དང་མཉམ་དུ་ཐ་ན་མི་སེར་དཀྱུས་མར་ཁ་གཏད་དགོས་ཀྱི་འདུག། ང་ཚོས་བསམ་པར་ཁོ་ཚོས་དགའ་བསུ་སྣེ་ལེན་ཞུ་ཡི་རེད་ཞེས་བཤད་ཀྱང་།  ཁོ་ཚོ་ནི་རང་འགུལ་ཐོག་ང་ཚོའི་ལྕགས་ཁྲབ་འཁོར་ལོའི་འོག་ཏུ་འཛུལ་ཏེ་རང་སྲོག་འཁོར་ལོའི་འོག་ཏུ་འཕངས་སོང་། ང་ཚོ་འགྲོ་རུ་འཇུག་གི་མི་འདུག། ཁོ་ཚོས་ང་ཚོ་ལ་ཧྥ་ཤི་སི་རིང་ལུགས་(སྒེར་གཅོད་པ)་ཞེས་འབོད་ཀྱིན་འདུག། ཨ་མ། འདི་ནི་དངོས་གནས་དཀའ་ངལ་ཅན་ཞིག་རེད་འདུག།

    ཅེས་ཨ་མར་འཕྲིན་ཐུང་འདི་བཏང་ནས་ཡུན་ཙམ་རྗེས་ལ་རཱ་དམག་དེ་དམག་ས་ནས་ཚེ་སྲོག་ཤོར་འདུག། ཁ་པར་ཤེལ་ངོས་ནས་བླངས་པའི་འཕྲིན་ཐུང་གི་པར་རིས་འདི་སྤྱི་ཚོགས་དྲྭ་བའི་ཐོག་ཁྱབ་སྤེལ་ཆེན་པོ་ཕྱིན་ཏེ། མི་ཚོགས་ཀྱི་སེམས་པ་དབང་མེད་དུ་ཡིད་འགུལ་ཐེབས་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་ཡང་ཡུ་ཁུ་རན་གི་སྐུབ་ཚབ་ཀྱིས་འཕྲིན་ཐུང་འདི་ཀློག་འདོན་བྱས་ཤིང་ཤོག་ཐོག་དཔར་ཏེ་རྒྱལ་ཚོགས་ཀྱི་འཐུས་མི་ཚོ་ལ་བསྟན་སོང་།

  ༠༡/ ༠༣/  ༢༠༢༠    བྱམས་ཆོས་ཀྱིས་བསྒྱུར།

ཡོང་ཁུངས་བྱམས་ཆོས་ཀྱི་ངོ་དེབ།

དཔྱད་མཆན་སྤེལ།

%d