གཞས་ཚིག

གཞས་ཚིག ངེད། -0 Minutes

སྨྲེང་གླུ།

ཁ་སྒང་གཡང་འབུམ་ཚེ་རིང་། སྟོད་རི་ལུང་བརྒྱུད་པའི་གླུ་ཞིག་ལེན།། རི་མཐོན་པོའི་ཁོག་པ་ཚལ་པར་གཤགས།། བྲག་གཟར་པོ་གད་ནས་ཐང་མར་བརྡལ།། ཤིང་ནགས་ཚལ་གཏུབས་ནས་རྗེན་པར་ཕུད།།  ཞེ་སྨྲེང་བའི་སྒང་ལ་ན་ཟུག་ཆེ།།    བར་སྤང་ཐང་བརྒྱུད་པའི་གླུ་ཞིག་ལེན།། སྤང་མེ་ཏོག་མཁའ་རླུང་བཙོག་པས་རྙིད།། རྩྭ་འཇམ་པོ་ཉི་མ་ཙད་པས་སྐམ།། ཐང་ཡངས་པོའི་གོས་ལྗང་དབྲལ་ནས་རལ།། ཞེ་སྨྲེང་བའི་སྒང་ལ་ངུ་རྒྱུ་ཡོང་།།    སྨད་གཙང་འགྲམ་བརྒྱུད་པའི་གླུ་ཞིག་ལེན།། ཆུ་དྭངས་མོ་བསྙོགས་ནས་ནག་པོ་རེད།། ཉ་གསེར་མིག་མཐོང་སའི་ཡུལ་ན་མེད།། རྫས་འགྱིག་རིགས་གང་ས་གང་དུ་གཏོར།། ཞེ་སྨྲེང་བའི་སྒང་ལ་སྙིང་རླུང་འཕར།། ༢༠༡༥/༡༢/༢༣ ངེད་དྲ་ཚིགས།...
དེ་ལས་མང་པ།
གཞས་ཚིག ངེད། -0 Minutes

བླ་མ་དྲན་པའི་སྐྱོ་དབྱངས།

མུ་ལ། མི་ལོ་ལྔ་བཅུའི་རིང་ལ། ། ཕྱི་རོལ་ཡུལ་གྲུ་གང་སར། ། མགོ་ནག་བོད་པའི་ཆེད་དུ། ། མཛད་འཕྲིན་རྒྱ་ཆེར་གནང་མཁན། ། བུ་ངའི་སྙིང་གི་ནོར་བུ། ། ཞི་བདེ་བསུ་བའི་བླ་མ། ། ཡིད་ལ་ཡང་ཡང་དྲན་སོང་། ། ཨ་་་་་་་་་། བུ་ངའི་དྲིན་ཆེན་བླ་མར། ། མཇལ་འཛོམ་རེ་སྒུག་ཁྲོད་ནས། ། དྲན་གདུང་མིག་ཆུ་དྭངས་མོ། ། ཡ་ཆུང་སེམས་ལ་བཞུར་ཡོད། ། ཨ་་་་་་། བླ་མ་ལགས། བུ་ངས་ཁྱེད་ཉིད་དྲན་སོང་། ། ཐུགས་རྗེ་བརྩེ་བ་ཆེན་པོས། ། མ་གྱུར་འགྲོ་བ་ཡོངས་ལ། ། རྟག་ཏུ་གཟིགས་པའི་བླ་མར། །...
དེ་ལས་མང་པ།
གཞས་ཚིག ངེད། -0 Minutes

མིག་ཆུའི་མཚོ་མོ།

མུ་ལ། ཚང་ཚིང་ནགས་ཀླུང་གཞན་གྱིས་འཕྲོག་ནས་བཟུང་། ། ལྷ་བྱ་ཁུ་ལོ་མོན་ལ་འཕུར་དགོས་བྱུང་། ། ཤུལ་ལུས་བྱ་བརྒྱའི་རེ་སྒུག་ཁྲི་ཕྲག་ལས། ། ཁུ་ལོ་དྲན་པས་མིག་ཆུའི་མཚོ་མོ་འཁྱིལ། ། ཕ་ཁྱིམ་དྲོན་མོ་གཞན་གྱིས་འཕྲོག་ནས་བཟུང་། ། བརྩེ་ལྡན་ཨ་ཇོ་ཕྱི་ལ་ཕེབས་དགོས་བྱུང་། ། ཤུལ་ལུས་ནང་མིའི་རེ་སྒུག་ཁྲི་ཕྲག་ལས། ། ཨ་ཇོ་དྲན་པས་མིག་ཆུའི་མཚོ་མོ་འཁྱིལ། ། ཞི་བདེ་རང་དབང་གཞན་གྱིས་འཕྲོག་ནས་བཟུང་། ། སྐྱབས་མཆོག་བླ་མ་ཕྱི་ལ་ཕེབས་དགོས་བྱུང་། ། ཤུལ་ལུས་བོད་པའི་རེ་སྒུག་ཁྲི་ཕྲག་ལས། ། མགོན་ཁྱེད་དྲན་པས་མིག་ཆུའི་མཚོ་མོ་འཁྱིལ། ། ངེད་དྲ་ཚིགས།...
དེ་ལས་མང་པ།
གཞས་ཚིག ངེད། -0 Minutes

སྙིང་ཉེ་མ།

མུ་ལ། མ་ཡུམ་སློབ་གྲྭའི་གླིང་ན། དབྱངས་གསལ་སོ་བཞི་གྱེར་རོགས། སྙིང་སྡུག་ལྷག་དཀར་སྒྲོན་མ། ཁྱོད་ལ་བཅངས་བའི་བརྩེ་བ། མི་འགྱུར་རྡོ་རྗེ་བྲག་ཡིན། བུ་ངའི་སྙིང་གི་མེ་ཏོག སྙིང་ཉེ་ལྷག་དཀར་སྒྲོན་མ། སྙིང་ཉེ་ལགས།     ལྷག་དཀར་སྒྲོན་མ། ང་རང་ཁྱེད་ལ་དགའ་བ། ནམ་ཡང་འགྱུར་བ་མེད།   སྙིང་ཉེ་ལགས། ཡངས་པའི་སྤང་ལྗོངས་སྟེང་ན། གཡང་དཀར་ལུག་ཆུང་འཚོ་རོགས། ཆུང་འདྲིས་ལྷག་དཀར་སྒྲོན་མ། ཁྱེད་ལ་བཅངས་བའི་བརྩེ་བ། མུ་མེད་རྒྱ་མཚོའི་གཏིང་ཡིན། བུ་ངའི་སྙིང་གི་མེ་ཏོག སྙིང་སྡུག་ལྷག་དཀར་སྒྲོན་མ། སྙིང་སྡུག་ལགས།  ལྷག་དཀར་སྒྲོན་མ། ང་རང་ཁྱེད་ལ་དགའ་བ། ནམ་ཡང་འགྱུར་བ་མེད།   སྙིང་སྡུག་ལགས། ངེད་དྲ་ཚིགས།...
དེ་ལས་མང་པ།
གཞས་ཚིག ངེད། -0 Minutes

བོད་སྐད་ཤོད།

མུ་ལ། ཕྱི་རོལ་ཡུལ་གྲུ་གང་སར་གནས་པའི། གདོང་དམར་བོད་པའི་གཅེས་ཕྲུག་རྣམས་པ། གཞན་སྐད་སྣ་མང་ཤེས་ན་བཟང་ཡང་། རང་གི་སྐད་དང་ཡི་གེ་བརྗེད་ན། ངོ་ཚ་ཡིན་པ་སེམས་ནས་མ་བརྗེད། གངས་ཕྲུག་གཞོན་ནུ་ཚོ།    བོད་སྐད་ཤོད།  བོད་ཡིག་སྦྱོངས། མེས་པོའི་ཕ་ནོར་འཛིན་སྐྱོང་བྱེད་ན། བོད་ཡིག་ཡག་པོ་སྦྱངས་རོགས།         གཅེས་ཕྲུག་ཚོ། གངས་རི་ར་བའི་ཕྱི་ན་གནས་པའི། མགོ་ནག་བོད་པའི་གཞོན་སྐྱེས་རྣམ་པ། གཞན་གྱི་སྐད་རིགས་ཅི་འདྲ་ཤེས་རུང་། རང་སྐད་ནང་ལ་གཞན་སྐད་བསྲེས་ན། ངོ་ཚ་ཡིན་པ་སེམས་ནས་མ་བརྗེད། གངས་ཕྲུག་གཞོན་ནུ་ཚོ།  བོད་སྐད་ཤོད།   བོད་ཡིག་སྦྱོངས། མ་འོངས་བོད་པའི་རྒྱུད་འཛིན་བྱེད་ན། བོད་སྐད་གཙང་མ་བཤད་རོགས།           གཞོན་ནུ་ཚོ།...
དེ་ལས་མང་པ།
གཞས་ཚིག ངེད། -0 Minutes

གདུང་འབོད།

ཁ་སྒང་གཡང་འབུམ་ཚེ་རིང་། (གཞས་ཚིག)  ཡུལ་གངས་ཅན་རྒྱ་ནག་དམར་པོས་བཟུང་སོང་།།  བོད་མི་རིགས་མུན་ནག་བཙོན་དུ་བཙུད་སོང་།།   མགོན་དམ་པ་ཕྱི་ལ་ཕེབས་དགོས་བྱུང་སོང་།།   བོད་ཆོལ་གསུམ་གཞིས་བྱེས་གཉིས་སུ་གྱེས་སོང་།།    རྒྱ་དམར་པོའི་དྲག་དཔུང་བོད་ལ་བསླེབས་སོང་།།   བོད་ཉེས་མེད་དམར་གསོད་བཙོན་འཇུག་བྱས་སོང་།།   ཡུལ་སྣོད་བཅུད་གཉིས་ཀར་ཆག་སྒོ་བསླངས་སོང་།།   བོད་མི་རིགས་མེ་སྒྱོགས་ཁ་ནས་རྫོགས་སོང་།།  དྲིན་ཕ་མེས་གཉའ་གནོན་དྲག་པོས་བསད་སོང་།།   ནང་ཕུ་ནུའི་རང་དབང་རྦད་དེ་ཕྲོགས་སོང་།།   གྲོགས་སྤུན་ཟླའི་སྙིང་སྟོབས་མཚོན་རྩེར་ལྷུང་སོང་།།   བོད་མི་རིགས་ཆག་འཇིགས་གཡང་ལ་དེད་སོང་།།    ལོ་རྒས་པའི་ཕ་མ་བདག་མེད་ལུས་སོང་།།   སེམས་བཟང་བའི་ཆུང་མ་ཡུགས་མོར་ལྷག་སོང་།།   ལོ་ཆུང་བའི་བྱིས་པ་དྭ་ཕྲུག་གྱུར་སོང་།།   བོད་མི་རིགས་ཁ་ཐོར་ཁྱིམ་སྟོང་གྱུར་སོང་།།    སྐད་ཡི་གེ་རིག་གཞུང་རྩ་བརླག་བཏང་སོང་།།   ནོར་གསེར་དངུལ་ལ་སོགས་རྐུ་འཕྲོག་བྱས་སོང་།།   ཡུལ་ཁོར་ཡུག་གང་སར་སྦག་བཙོག་བཟོས་སོང་།།   བོད་གངས་ཅན་ལྗོངས་འདི་འཇིག་ལ་ཉེ་སོང་།།    གནས་དགོན་སྡེ་ཁྲིམས་གཅོད་གཤེད་རར་བསྒྱུར་སོང་།།   དགོན་བླ་སྤྲུལ་ཉེས་ཅན་གཏེ་བོར་བགྲངས་སོང་།།   བཙུན་རབ་བྱུང་དགོན་པའི་ཕྱི་ལ་ཕུད་སོང་།།   དུས་སྙིགས་མའི་རང་གཟུགས་བོད་དུ་ཤར་སོང་།། ངེད་དྲྭ་ཚིགས།...
དེ་ལས་མང་པ།