ངེད།

ངེད། རྩོམ་ཡིག སྙན་ངག -0 Minutes

ཐ་སྙད་ཅིག་གི་ཚབ་ཏུ། (བོད)

འཕགས་ཆེན། (ཡུལ་ཤུལ) ནུབ་ཀྱི་ཟླ་བ་ཆུ་ལ་ཞུགས་པ་ནས རྨི་ལམ་བཤིག་རྗེས་སུ ཐ་སྙད་ཀྱི་རི་བོ་ཞིག་གངས་ལ་འཕོས་པ་དང དྲན་ཤེས་ཀྱི་ཤོག་བྱ་མཁའ་ལ་སྤུར དེ་དུས་ང་ནི མཚན་མོ་ཁོ་ནར་དྲན་པའི་རི་མོ་བཞེངས་མཁན་དེ་ཡིན ཉིན་གཅིག་གི་ཐ་སྙད་བརྒྱ་སྟོང་མང་པོའི་ཁྲོད་དུ མཚོན་ཐབས་མེད་པའི་སྙིང་གི་བྱུར་དམར་རྡོག་གཅིག ད་ལྟའི་འགྲུལ་བཞུད་ཀྱི་མཐོང་སྣེ་ན ཁྱེད་གཅིག་པུའི་མཛེས་སྡུག་གི་གཉུག་གཤིས་འཁོར ང་ལ་དྲོད་སྣང་དང་བདེ་སྐྱིད་ཀྱི་ལམ་རྒྱགས་བསྩལ ལམ་གྱི་ཉི་འོད་ངོས་སུ འོད་ཟེར་སྤྲོ་བསྡུ་བྱེད་པའི་ཉི་མའི་གཉེན་དེ་ཁྱེད་ཡིན་ངེས ཧ་ཅང་གཏོང་ཕོད་ཀྱིས འུ་གཉིས་ཀྱི་བར་ཐག་མཚོན་བྱེད་དུ མི་ཉག་བཞག་བྲ་དཀར་པོ་ཞེས ཐ་སྙད་ཅིག་གི་ཚབ་ཏུ་ཐ་སྙད་ཅིག་ཕུལ་ཡོད མཚན་མོའི་མཛའ་གཞས་ཉན་པ་དང མཚན་མོའི་སྐོར་བྲོ་ལ་བལྟས་པ་ན ཁྱེད་ཀྱི་འཛའ་གྲོགས་ཤིག་གི་ཚུགས་ཀ་བཟུང་སྟེ དར་མདོའི་མི་ཚོགས་ཀྱི་གསེང་ནས དར་མདོའི་གནམ་ས་ལ་བལྟས དོ་ནུབ་དར་མདོ་ནས་སྙིང་ཁམས་འཁྲུགས་ངེས། 2015.12.28ཉིན་འབྲི་འགོ་བརྩམས་ཤིང་ཚེས29ཉིན་དར་རྩེ་མདོ་ནས་མཇུག་གྲུབ་པར་བྲིས། རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག ...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

སྒེའུ་ཁུང་ལས་ཕར་བལྟས་པ།

སོ་ཁམ། ནངས་མོ་སྒེའུ་ཁུང་ལས་ཕར་བལྟ་དུས གློག་འོད་ཀྱི་དཀྲིས་པའི་བུད་མེད་ལོ་ཆུང་ཞིག རྟབ་རྟབ་པོས་ཕར་ལ་གྱེས་སོང་ རྐང་རྗེས་ཙམ་ཡང་མེད་པའི་བར་སྣང་ནས ཆང་དང་བུད་མེད་རོལ་བའི་ཉེས་ཆད་ལྕི་མོ་དེ བསམ་མི་ཤེས་པའི་བྱིས་པ་ཞིག་གི་ངག་འཆལ་རེད མདང་ནུབ་མཚན་གང་བོར་རྨི་ལམ་རྨིས་པ་དེ ཁྱོད་ཀྱི་མིག་ནང་གི་ཆེས་མཛེས་པའི་གདུ་བུ་ཞིག དགའ་བ་དང་བདེ་བའི་གསོལ་སྟོན་དུ་བཤམས་ཏེ འདོད་སྲེད་དང་ཐ་སྙད་ཀྱི་ཁུ་བ་རབ་ཏུ་བྱུགས་ཤིང་ མེ་ཏོག་ཅན་གྱི་བུད་མེད་དེ་ཡང་གན་རྐྱལ་དུ་ཉལ རྒྱང་ཐག་ཅུང་ཙམ་རིང་བའི་གནས་ཤིག་ནས སྐྱེ་བ་ནས་འཆི་བའི་བར་གྱི་ཉིན་མཚན་བཟློ་བཞིན ཡོལ་བ་སྲབ་མོ་ཞིག་གི་གསེང་ནས་ལྐོག་བལྟ་བྱས་པ་དེ མཚར་སྣང་ལ་འགྲམ་ལྕགས་ཚ་བེར་བེར་ཞིག་བཞུས གས་སྲུབས་མེད་པའི་ལོ་ཟླ་མང་བོ་བསམ་གཞིག་གིས་འདས སྐད་ཅིག་ལ་འགྱུར་བའི་འཚོ་བ་གྲངས་མེད་སུན་སྣང་གིས་མནར རྡོག་སྣེའི་ས་དང་སྐྲ་རྩེའི་རྡུལ  ཕྱི་ཡི་རླུང་དང་ནང་གི་དྲོད ལུས་ཀྱི་གྲིབ་མ་བཞིན    ང་འམ་ཡང་ན་ཁྱོད སུས་ཀྱང་འདོར་མི་ཐུབ་པའི་ཆོས་ཉིད་རྡོག་རྡོག་ཅིག་རེད་ཨང་ རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག ...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

ནམ་གུང་གི་སྙན་ངག

ཁ་བའི་ཚེར་མ། ༡          སྙན་བརྗིད་ཀྱི་རོལ་དབྱངས་རྙིང་པ་ཞིག་གི་འགྱུར་ཁུག་ཁྲོད་ཁྱེད་གཉིད་དུ་ཡུར།  གཉིད་སྟངས་དེ་ཅི་འདྲའི་སྙིང་རྗེ་བ་ལ།  དེ་རིང་དུང་བརྡ་གཟན་པོ་ཞིག་གིས་ཁྱེད་ཀྱི་རྨི་ལམ་དཀྲོགས་དུས།  ད་དུང་ནམ་གུང་རེད།  ནམ་གུང་གི་བར་འཁྱགས་དེས་ཁྱེད་ལ་གྲང་འདར་ཞིག་སློང་སྲིད་མོད།  རྨི་ལམ་དེའི་འཛུམ་མདངས་ལ་ཞེན་ནས་ཁྱེད་ཡང་བསྐྱར་མལ་སར་འཛུལ།  ཕྱི་རོལ་ན་འགྲོས་མི་མཉམ་པའི་དབྱངས་རྟས་ཉི་ཟླ་མགྲོན་དུ་འབོད་མོད། ཁྱེད་ད་དུང་མལ་ས་ན་ལྷ་སྒྲུང་ཞིག་གི་ཕྱི་ཐུམ་འབྲད་བཞིན་འཛུམ་གྱི་ལེར། ༢                      ཆ་མི་སྙོམས་པའི་འཇིག་རྟེན་འདིར། ཁྱེད་ཀྱང་ཆ་མི་སྙོམས་པ་ཞིག་ཏུ་གྱུར་མོད།  ད་དུང་ཆེས་གསང་བ་ཞིག་གི་དེ་ཉིད་སྔོག་ཕྱིར་གནའ་བོའི་དབྱངས་རྟ་དེའི་རམ་ཆང་རྔམ་འཐུང་བྱས།  བཟི་དྲག་པ་ཡིན་ནམ་གང་ལྟར་འབྲུ་མི་གསལ་པའི་ལབ་བརྡོལ་དེས་རང་ཉིད་ཀྱི་ངོ་གདོང་གླེང་དུས།  རང་ཉིད་ལྷ་འདྲེ་གང་ཡིན་མི་ཤེས་པའི་བརྡ་ཆད་མཁྲེགས་པོ་ཞིག་གིས་བཏུམས་ནས།  ཡང་བསྐྱར་མལ་སར་འཛུལ་ཏེ་ནམ་གུང་གི་བར་འཁྱགས་སྒུམ། ལོ་ཟླ་འདིའི་ཕ་རོལ་ན་མུན་པ་ཟབ་་མོ་ཞིག་གི་ངོ་གདོང་བུད་འདུག་པ་ཁྱེད་ཀྱིས་གཟིགས་སྲིད་མོད། ཁྱེད་འགྲེལ་མི་ཐུབ་པའི་བརྡ་ཆད་ཅིག་གི་གསེབ་ཏུ་རང་ཉིད་ཀྱང་བརྡ་ཆད་ཅིག་ཏུ་བསྒྱུར། ༣         རྒྱུ་སྐར་གྱི་གསང་བ་རྙེད་པའི་དེ་རིང་། ཁྱེད་ངོ་མའི་གསང་བ་ཞིག་ཏུ་གྱུར།  སུ་ལའང་དོ་སྣང་མི་སླེབས་པའི་དབེན་དགོན་གྱི་གྲུ་ཁ་ཞིག་ཏུ།  འདའ་མི་ཐུབ་པའི་རྨི་ལམ་མང་པོ་ཞིག་གི་ནང་རོལ་ན།  བློས་མི་ཐོངས་པའི་གསང་བ་ཅི་འདྲ་ཞིག་རྙེད་ཡོད་པ་སུས་ཤེས། ཁྱེད་ཀྱིས་གསང་བ་མང་པོ་ཞིག་གི་ཁ་བྱང་བཟུང་སྟེ།  ཕྱིར་མི་ལྡོག་པའི་ཞིང་ཁམས་དེའི་སྒོ་ཐེམ་ལ་སྔས་ནས། ནམ་གུང་གི་བར་འཁྱགས་ལ་རྒོལ་ཐུབ་པ་གླེན་པའི་ཨུ་ཚུགས་སམ།  མཁས་པའི་རང་ཚུགས་སུ་འགྲེལ་རུང་ཡང་། འགྲེལ་བཤད་མཁྲེགས་པོ་ཞིག་མི་གནང་རོགས། ང་འཁྱགས་ནས་འཁེང་ལ་ཉེ།...
དེ་ལས་མང་པ།
གཞས་ཚིག ངེད། -0 Minutes

སྨྲེང་གླུ།

ཁ་སྒང་གཡང་འབུམ་ཚེ་རིང་། སྟོད་རི་ལུང་བརྒྱུད་པའི་གླུ་ཞིག་ལེན།། རི་མཐོན་པོའི་ཁོག་པ་ཚལ་པར་གཤགས།། བྲག་གཟར་པོ་གད་ནས་ཐང་མར་བརྡལ།། ཤིང་ནགས་ཚལ་གཏུབས་ནས་རྗེན་པར་ཕུད།།  ཞེ་སྨྲེང་བའི་སྒང་ལ་ན་ཟུག་ཆེ།།    བར་སྤང་ཐང་བརྒྱུད་པའི་གླུ་ཞིག་ལེན།། སྤང་མེ་ཏོག་མཁའ་རླུང་བཙོག་པས་རྙིད།། རྩྭ་འཇམ་པོ་ཉི་མ་ཙད་པས་སྐམ།། ཐང་ཡངས་པོའི་གོས་ལྗང་དབྲལ་ནས་རལ།། ཞེ་སྨྲེང་བའི་སྒང་ལ་ངུ་རྒྱུ་ཡོང་།།    སྨད་གཙང་འགྲམ་བརྒྱུད་པའི་གླུ་ཞིག་ལེན།། ཆུ་དྭངས་མོ་བསྙོགས་ནས་ནག་པོ་རེད།། ཉ་གསེར་མིག་མཐོང་སའི་ཡུལ་ན་མེད།། རྫས་འགྱིག་རིགས་གང་ས་གང་དུ་གཏོར།། ཞེ་སྨྲེང་བའི་སྒང་ལ་སྙིང་རླུང་འཕར།། ༢༠༡༥/༡༢/༢༣ ངེད་དྲ་ཚིགས།...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

ཁ་བའི་སྙན་ངག

 ____ཨ དོན་ཉི། སྒོ་དང་སྒེའུ་ཁུང་ཕྱི་ནི་ཁ་བ་རེད། ། དབྱིན་གླུའི་དབྱངས་ངོས་དག་ཀྱང་ཁ་བ་རེད། ། བར་སྣང་སྟོང་བའི་ཁམས་ཀྱང་ཁ་བ་རེད། ། ཁ་བ་ཞི་རྒྱུ་མེད་པའི་དགུན་ཁ་རེད། ། མིག་གིས་མཐོང་ཚད་ཁ་བ་དཀར་པོ་རེད། ། ཡིད་ལ་ལྷུང་བ་དག་ཀྱང་ཁ་བ་རེད། ། མི་ཡི་རྐང་རྗེས་ཡོད་ཚད་ཁ་བ་རེད། ། འདབ་དྲུག་ཁ་བ་དཀར་པོ་དགུན་ཉི་རེད། ། ལག་པ་གནམ་ལ་བསྲིངས་ན་ཁ་བ་ཟགས། ། མིག་གིས་རྒྱང་སོ་མྱུལ་ནའང་ཁ་བ་ཡིན། ། སྐད་ཆའི་ཕྱི་ནང་ཡོད་ཚད་ཁ་བ་རེད། ། ཆུ་ཚོད་ཉི་ཤུ་རྩ་བཞི་ཁ་བ་རེད། ། ས་གནས་ཕུན་ཚོགས་ཁང་ནང་ཁ་བ་རེད། ། རང་རེའི་ཡི་གེ་མེད་པའི་ཁ་བ་རེད། ། བོད་པའི་གླེང་མོལ་ཁྲོད་ཀྱང་ཁ་བ་རེད། ། མེས་པོའི་མིང་བརྡ་མེད་པའི་ཁ་བ་རེད། །...
དེ་ལས་མང་པ།
ངེད། རྩོམ་ཡིག སྙན་ངག -0 Minutes

རྨོ་མོ་ལགས། བདག་གིས་ཁྱེད་ལྷག་ཏུ་དྲན།

 རྨོ་མོ་ལགས། དོ་ཞག་བདག་གིས་ཁྱེད་ལྷག་ཏུ་དྲན། ཁ་སྒང་གཡང་འབུམ་ཚེ་རིང་། རྨོ་མོ་ལགས། ཁྱེད་ཉིད་བཞུད་རྗེས་ཀྱི་ཟླ་ངོ་བཞི་བོའི་རིང་འདིར། བདག་གིས་ཁྱེད་མ་དྲན་པའི་ཉི་མ་གཅིག་ཀྱང་མེད་ལ། མཆི་མས་གཡོ་བའི་ཕྱིར་དྲན་གྱི་གཟུགས་རིས་གསོན་པོ། དོ་ཞག་ངའི་རྨི་ལམ་གྱི་བར་སྣང་དུ་ཡང་ཡང་མངོན་པས། དྲན་གདུང་དགུ་བརྩེགས་ཀྱི་མཚམས་སྤྲིན་ཀློང་ནས། ཁོ་བོས་ཁྱེད་ཀྱི་བཞུད་ཤུལ་ལ་ཅེར་ནས་ཡོད། མིག་ཟུང་ཕྱེའམ་བཙུམས་རུང་། མིག་ལམ་ནས་ནམ་ཡང་ཡལ་བ་མེད་པའི་ཁྱེད་ཀྱི་བརྩེ་ཆེན་གྱི་ཞལ་རས་དེས། བདག་ལ་འདང་ཆེ་བའི་འཛུམ་དཀར་སྟོན་གྱིན་འདུག རྨོ་མོ་ལགས། ཚང་མ་འདི་ལྟར་བཞུད་དགོས་པའི་གནས་ལུགས་དེ་བདག་གིས་སྔ་ས་ནས་རྟོགས་ཡོད་མོད། མཐའ་མའི་ངོ་འཕྲད་ཙམ་ཡང་མ་བྱུང་བའི་གཏན་གྱི་གྱེས་བྲལ་དེ། ངའི་གློ་སྙིང་རྟོལ་བའི་ན་ཟུག་ཅིག་ཏུ་གྱུར་སོང་། ད་ནི་ཁྱེད་ཉིད་དྲན་ཐེངས་རེེ་ལ་འགོག་མེད་ཀྱི་མིག་ཆུའི་ཐིགས་པ་དབང་མེད་དུ་རྐང་རྩེར་ཟགས་འགྲོ། རང་སེམས་གསོ་ཕྱིར་བག་གཡེང་གི་ལས་ལ་བརྩོན་ཀྱང་། ཁྱེད་ཀྱིས་བདག་ལ་ཅེར་བའི་རེ་སྒུག་གི་སྤྱན་ཟུང་དེ། དོ་ཞག་ངས་རྨི་ལམ་གྱི་མཇལ་འཛོམས་ཁོ་ནར་རེ་བ་དང་ཀུན་ནས་མཚུངས་ཨང་། རྨོ་མོ་ལགས། བདག་གིས་ཁྱེད་ལ་རྒྱུན་དུ་ཁ་པར་གཏོང་མ་ཕོད་པ་ཡང་། ཁྱེད་ཀྱི་ངུ་ངག་འདྲེས་མའི་གསུང་སྐད་ལ་སྐྲག་ཅིང་། ཁྱེད་ཀྱིས་ཞལ་ཆེམས་རེ་འཇོག་པར་དོགས་ལ། ཁྱེད་ཉིད་ད་དུང་སྐུ་ཚེ་ཡུན་དུ་བསྲིང་ན་སྙམ་པས་ཡིན། རྨོ་མོ་ལགས། ཁྱེད་ཀྱིས་རྒྱུན་དུ་བདག་ཁོ་ན་གླེང་ཚུལ་དག་དྲན་དུས། ངས་རང་གིས་རང་ལ་འཁང་ར་བྱེད་ཞོར། སྐད་ཆེན་པོས་ངུ་ན་འདོད། མ་ཎི་ཕྲེང་སྐོར་རེ་ཡིས་སྐྱེལ་མ་ཞུ་ཞོར། མིག་ཆུ་ཁྱོར་བ་གང་རེ་གདུང་བས་གཏོར་ཡོད་པའང་ཁྱེད་ཀྱིས་གཟིགས་ཡོད་པར་ངེས། རྨོ་མོ་ལགས། ཁྱེད་ཀྱིས་ཤེས་ཡོད་དམ། ཁྱེད་ཉིད་བཞུད་ནས་ཟླ་བ་གཅིག་མ་ཟིན་ཙམ་ལ།...
དེ་ལས་མང་པ།