འཕྲོད་བསྟེན།

ངེད། འཕྲོད་བསྟེན། -0 Minutes

གཅིན་སྙི་ཟ་ཁུའི་ནད། 


གཅིན་སྙིའི་ནད་རྟགས། ༡༽ དྲི་ཆུ་ཡང་ཡང་བབ་པ། ༢༽ སྐོམ་གདུང་ཧ་ཅང་ཡོང་བ། ༣༽ ངལ་དུབ་བྱུང་སླ་བ། ༤༽ སྦྲིད་ཚོར་བྱུང་བ་དང་རེག་ཚོར་བརླག་པ། ༥༽ རྨ་རྣམས་གསོ་དཀའ་བ། ༦༽ ལུས་པོའི་ལྗིད་ཚད་ཆག་པ། ༧༽ མགོ་ན་བ། ༨༽ བཀྲེས་ལྟོགས་དྲག་པོ་བྱུང་བ།       གཅིན་སྙིའི་ནད་དམ་ཀ་རའི་ནད་ནི་། ང་རང་ཚོའི་ལུས་པོའི་ཁྲག་གི་ནང་དུ་ཀ་ར་ཉུང་བའམ་མང་བའི་རྐྱེན་བྱས་ནས་ལུས་ཀྱི་བདེ་ཐང་ལ་སྐྱོན་བྱས་ནས་ནད་བྱུང་བ་ལ་ཟེར་གྱི་ཡོད། འདི་ནི་གཙོ་བོ་ང་རང་ཚོའི་ལུས་པོའི་ནང་དུ་ཨིན་སུ་ལིན་དུ་འབོད་པའི་རྨེན་གཤེར་(ཧོར་མོན་) ཉུང་བ་ལ་བརྟེན་ནས་བྱུང་བ་ཡིན། སྐོམ་གདུང་འཕེལ་བ། གློ་བུར་དུ་ལུས་ཀྱི་ལྗིད་ཚད་ཆག་པ། ཐང་ཆད་པ་དང་ངལ་ཞིང་དུབ་པ། དེ་བཞིན་ལུས་གསོ་བར་ཡུན་རིང་འགོར་བ་བཅས་ནི་གཅིན་སྙི་ཟ་ཁུའི་ནད་དམ་ཀ་རའི་ནད་ཀྱི་ཡོངས་གྲགས་རྟགས་མཚན་འགའ་རེད། ནད་འདི་དྲགས་སྐྱེད་ཡོང་བར་ང་ཚོས་རྟག་ཏུ་སྨན་ཟ་རྒྱུ་ཡོད་ནའང། འདིར་ནད་འདི་ལྡོག་ཐབས་སུ་རང་ཉིད་ནས་གང་ཞིག་བྱེད་ཐུབ་པའི་རང་བྱུང་གི་ཐབས་ལམ་འགའ་ཞུ་རྒྱུ་ཡིན།         ༡༽ ཤིང་ཚྭ་(སི་ན་མན་)
ཤིང་ཚྭ་ཕྱེད་མ་ནི་ང་ཚོའི་ཁྲག་ནང་གི་ཀ་རའི་རིམ་ཚད་དེ་རན་མཚམས་སུ་གཅོག་པར་ ཡོངས་གྲགས་རེད། དེར་བརྟེན་ཁྱེད་ཀྱིས་ཤིང་ཚྭ་ཕྱེ་མ་དེ་ཆུ་ཕོར་ནང་དུ་བསྲེས་ནས་ཉིན་ལྟར་འཐུང་ བ་དེས་གཅིན་སྙི་ཟ་ཁུའི་ནད་དམ་ཀ་རའི་ནད་བཅོས་པ་ལ་ཕན་ཐོགས་ངེས་ཅན་ཞིག་ཡོད།...
དེ་ལས་མང་པ།
ངེད། འཕྲོད་བསྟེན། རྩོམ་ཡིག -0 Minutes

སོ་རྙིལ་སྲུང་སྐྱོབ་དང་ལེགས་བཅོས་བྱེད་ཐབས།

རྩོམ་པ་པོ་མི་གསལ། ནོར་འཁྲུལ་ཅན་གྱི་སོ་འཁྲིད་གོམས་གཤིས་ལྔ།          ༡ སོ་འཁྲིད་པའི་ཤུགས་ཆེ་དྲགས་པའི་ནོར་འཁྲུལ། སོ་འཁྲིད་པའི་ཚེ་ན་ཤུགས་ཆེ་དྲགས་ཚེ།  ཕལ་ཆེར་སོ་དང་སོ་རྐང་གཉིས་ལའང་གནོད་སྐྱེལ་ནས་ཁ་སྦུག་གི་རུལ་འགྱུར་སློང་ངེས་ཕྱིར།  གལ་ཏེ་སོ་འཁྲིད་པའི་བྱེད་ཐབས་མི་འགྲིག་པ་དང་ཤུགས་བཀོལ་བ་ཆེ་དྲགས་ཚེ།དེ་ལས་ལྡོག་སྟེ་སོ་ལ་གནོད་སྐྱེལ་འོང་ངེས་སོ། །ཡང་དག་པའི་ཐབས་ལམ་ནི་འདི་ལྟ་སྟེ། སོ་འཁྲིད་པའི་ཤུགས་ཀྱི་ཆེ་ཆུང་ནི་མི་མི་འདྲ་བར་བྱེད་སྟངས་མི་འདྲ་བ་རེ་འཛིན་རྒྱུ་ཡོད་ཅིང་།  སོ་འཁྲིད་པའི་ཤུགས་ཀྱང་ལྕི་ཡང་མེད་པར་སོ་ངོས་གཙང་མ་འཁྲིད་རྒྱུར་འཚམ་པར་བྱེད་རྒྱུ་སྟེ། ཧ་ལམ་ལག་པའི་མཛུབ་མོས་འཁྱགས་བག་བྱེ་རིལ་ཞིག་བཟུང་བའི་ཤུགས་ཙམ་གྱིས་འདང་ངེས་ཡིན་ལ། དེ་ཡང་མཁྲིག་མའི་ཤུགས་ལས་དཔུང་བའི་ཤུགས་བཀོལ་ནས་སོ་འཁྲིད་དགོས་པ་མ་ཡིན་ནོ། །        ༢ མལ་ལས་ལངས་མ་ཐག་སོ་འཁྲིད་པའི་ནོར་འཁྲུལ།  བརྒྱ་ཆའི་བརྒྱད་ཅུའི་རྒྱ་ནག་པས་ཉིན་རེར་ཞོགས་པར་མལ་ལས་ལངས་མ་ཐག་སོ་འཁྲིད་ཅིང་།  དེ་ནས་ནངས་ཇ་འཐུང་བར་བྱེད། དོན་དམ་དུ་ཟས་ཟ་བའི་སྔོན་དུ་སོ་འཁྲིད་པ་ནི་ནོར་འཁྲུལ་ཅན་གྱི་གོམས་གཤིས་ཤིག་སྟེ།  སྔ་མོར་མལ་ལས་ལངས་མ་ཐག་སོ་འཁྲིད་པ་ནི་མ་འཁྲིད་པ་ལས་མ་འདས་སོ།  །ཡང་དག་པའི་ཐབས་ལམ་ནི་འདི་ལྟ་སྟེ།   ཟས་ཟོས་པའི་ཆུ་ཚོད་སྐར་མ་ཉི་ཤུའི་རྗེས་ནས་སོ་འཁྲིད་པར་བར་བྱེད་པའོ།   །མལ་ལས་ལངས་རྗེས་ཆུ་དྭངས་མོས་ཁ་ནང་བཤལ་ཏེ་ནངས་ཇ་འཐུང་བ་དང་།  ནངས་ཇའི་སྐར་མ་ཉི་ཤུའི་རྗེས་ནས་སོ་འཁྲིད་པ་ནི།   ད་གཟོད་ཆེས་བདེ་ཐང་ཡིན་ཏེ།     ལྷག་པར་དུ་སྐྱུར་ལྡན་རང་བཞིན་གྱི་སྐོམ་ཆུ་འཐུང་རྗེས་སམ་སྐྱུར་ལྡན་རང་བཞིན་གྱི་ཟས་རིགས་ཟོས་པའི་རྗེས་སུའོ།།        ༣ སོ་ཕྱིས་ཀྱི་བོངས་ཚད་རིང་དྲགས་པའི་ནོར་འཁྲུལ།    མི་རེ་རེའི་སོ་ལའང་ཆེ་ཆུང་ཅི་རིགས་ཡོད་ཅིང་།   སོ་ཕྱིས་ཆུང་དྲགས་ན་རྒྱ་ཁྱོན་ཆེ་བའི་ཁ་སྦུག་གི་གད་བདར་གྱི་ལས་འགྲུབ་ཐབས་མེད་པ་དང་།   ...
དེ་ལས་མང་པ།
ངེད། འཕྲོད་བསྟེན། རྩོམ་ཡིག -0 Minutes

སྦྲུམ་ཆགས་ཐོག་མའི་དུས་ཀྱི་བདེ་སྲུང་ཤེས་བྱ།

སྦྲུམ་ཆགས་ཐོག་མའི་དུས་ཀྱི་བདེ་སྲུང་གཙོ་གནད།         ༡.རྒྱུ་རྐྱེན་ངན་པས་ཕྲུ་གུར་ཤུགས་རྐྱེན་བཟོ་རྒྱུ་བཀག་འགོག་བྱེད་དགོས། ནད་དུག་མི་འགོས་པའི་ཆེད་དུ་མི་མང་པོ་འདུ་འཛོམས་བྱེད་སར་འགྲོ་མི་རུང་། ཞི་མི་དང་ཁྱི་ལ་ལག་པ་འཆང་མི་རུང་ལ་ཉ་ཤ་དང་ཤ་རིགས་བརྗེན་པ་ཟ་མི་རུང་། འཕྲོ་འོད་དང་དུག་ཡོད་པའི་དངོས་ཟོག་ལ་ལག་པ་འཆང་མི་རུང་། སྨན་རིགས་ཟ་རྒྱུར་གཟབ་ནན་བྱེད་དགོས་ལ་ཐ་མག་དང་ཨ་རག་འཐུང་མི་རུང་།         ༢.ཟས་ཟ་སྐབས་ཐེངས་གཅིག་ལ་རྒྱགས་ཚད་མི་ཟ་བར་ཐེངས་མང་བསྟེན་དགོས། ཞག་ཚི་ཉུང་བ་དང་འཚོ་བཅུད་མང་བའི་ལྟོ་ཆས་ཟ་དགོས། སྐྱུག་པ་སྐྱུག་རྗེས་སླར་ཡང་ལྟོ་ཆས་ཟ་དགོས།         ༣.ངལ་གསོ་རྒྱག་རྒྱུར་དོ་སྣང་བྱས་ཏེ་ཤུགས་ཆེ་བའི་ངལ་རྩོལ་བྱེད་མི་ཆོག ཕྲུ་གུ་ཤོར་རྒྱུ་སྔོན་འགོག་བྱ་ཆེད་ལུས་འབྲེལ་རྩ་བ་ནས་བྱེད་མི་ཆོག        ༤.ཚ་བ་རྒྱས་པ་དང་། མངལ་ལམ་དམར་པོ་ཆག་པ། སྐྱུག་པ་ཤུགས་ཆེན་སྐྱུག་པ། གསུས་ཁོག་ན་བ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་སྨན་ཁང་ལ་ཕྱིན་ནས་བརྟག་དཔྱད་བྱེད་དགོས།        ༥.གཤམ་གསལ་གྱི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་བྱ་ཡུལ་སྨན་ཁང་ལ་ཕྱིན་ནས་བློ་འདྲི་བྱེད་དགོས་པ་སྟེ། ལོ་35ལས་ཆེ་བ་དང་། རྒྱུད་འཛིན་ནད་གཞི་ཡོད་པ། ཕྲུ་གུ་སྐྱེ་ཤོར་སོགས་ཀྱི་དོན་རྐྱེན་ཡོད་པ། ཁོག་ནད་ཕྱི་ནད་ཀྱི་ནད་ཚབས་ཆེ་བ་བཅས། སྦྲུམ་ཆགས་དུས་དཀྱིལ་གྱི་གཙོ་གནད་བདེ་སྲུང་།       ༡.ཕྲུ་གུ་མ་སྐྱེས་གོང་བརྟག་དཔྱད་བྱ་རྒྱུ་དེ་གཟའ་འཁོར་བཞི་ལ་ཐེངས་གཅིག་བྱེད་དགོས་པ་མ་ཟད་སྦྲུམ་མའི་འབྲེལ་ཡོདཤེས་བྱ་སློབ་སྦྱོང་བྱེད་དགོས།      ༢.སེམས་པ་ལྷོད་པོར་འཇོག་དགོས་ལ་སེམས་པ་སྐྱིད་པོ་བྱེད་དགོས།      ༣.གྱོན་གོས་ལྷབ་ཙམ་གྱོན་དགོས་པ་དང་། ལྷམ་གྱི་རྟིང་ཀ་མཐོ་པོ་མི་གྱོན་པ། མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས།      ༤.འཚོ་བཅུད་ཁ་སྣོན་བྱ་རྒྱུར་དོ་སྣང་བྱེད་དགོས་པ་མ་ཟད་ཟས་རིགས་སྣ་ཚོགས་ཀྱི་འཚོ་བཅུད་ཁ་སྣོན་བྱེད་དགོས།      ༥.ཟུངས་ཁྲག་ཉམས་རྒྱུ་སྔོན་འགོག་བྱས་ཏེ་འཚོ་བཅུད་ལྡན་པའི་བཟའ་ཆས་འདེམས་སྣོན་བྱེད་དགོས།      ༦.ཕྱིར་མཁའ་རླུང་གཙང་སར་འཆམ་འཆམ་འོས་འཚམ་བྱེད་དགོས་པ་དང་ཁྱོ་ག་དང་མཉམ་དུ་མངལ་ཆགས་ཕྲུ་གུར་སློབ་གསོ་བྱེད་དགོས།...
དེ་ལས་མང་པ།
ངེད། འཕྲོད་བསྟེན། རྩོམ་ཡིག -0 Minutes

ཟླ་མཚན་ཆད་པ་དང་རང་ཉིད་བདེ་སྲུང་སྐོར།

       ལང་ཚོ་རྒྱས་དུས་དང་ཟླ་མཚན་ཆད་པའི་དུས་ནི་བུད་མེད་ཅིག་གི་མི་ཚེ་གང་བོའི་སྐྱེ་འཕེལ་གྱི་གསང་རྒྱུད་ཟགས་གཤེར་ལ་འགྱུར་ལྡོག་ཆེན་པོ་འབྱུང་བའི་དུས་གཉིས་ཡིན། ལང་ཚོ་རྒྱས་པའི་དུས་ནི་བུད་མེད་ཚོའི་ཁམས་དམར་འབྱུང་གནས་ཀྱི་འགུལ་སྐྱོད་ཇེ་དྲག་ཏུ་འགྲོ་བ་དང་། ལང་ཚོ་སྨིན་ཞིང་སྐྱེ་འཕེལ་ནུས་པ་ཡོངས་སུ་རྒྱས་པའི་དུས་སླེབས་པ་དང་། ཟླ་མཚན་ཆད་པའི་དུས་ནི་ཁམས་དམར་འབྱུང་གནས་ཀྱི་ནུས་པ་ཇེ་ཞན་དུ་སོང་སྟེ་སྐྱེ་འཕེལ་ནུས་པ་ཉམས་པའི་དུས་སུ་ཐོན་པའི་རྟགས་རེད།  ཁམས་དམར་འབྱུང་གནས་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་བ་ནི་སྐྱེ་འཕེལ་གྱི་གོ་རིམ་ཞིག་ཡིན་ལ།  དུས་ཡུན་རིང་པོའི་ནང་མི་རྣམས་ཀྱིས་དེ་ལ་“རྒས་རྟགས་མངོན་པའི་དུས”ཞེས་ཟེར་བཞིན་ཡོད།  ཟླ་མཚན་ཆད་པ་ནི་བུད་མེད་ཅིག་གི་མི་ཚེ་གང་བོར་ངེས་པར་དུ་འབྱུང་བའི་ལུས་ཁམས་ཀྱི་བརྒྱུད་རིམ་ཞིག་ཡིན་པས།  ལོ་ཚོད་དེའི་བུད་མེད་ཀྱི་ཁམས་དམར་འབྱུང་གནས་ཀྱི་ནུས་པ་ཇེ་ཞན་དང་།  བུད་མེད་ཀྱི་སྐུལ་རྒྱུའི་ཆུ་ཚད་ཇེ་དམའ་རུ་སོང་བ་དང་། བུད་མེད་ཀྱི་སྐུལ་རྒྱུས་ཀླད་ཞབས་འཕྱང་གཟུགས་ཀྱི་ཟགས་ཐོན་གྱིས་གསང་རྟགས་གཤེར་རྨེན་གྱི་སྐུལ་རྒྱུ་ལ་ཡར་སྐུལ་བྱེད་པར་མ་ཟད།  ཨོལ་གོང་གཤེར་རྨེན་གྱི་སྐུལ་རྒྱུ་དང་མཁལ་མའི་སྟེང་གི་སྐྱི་མོའི་སྐུལ་རྒྱུའི་ཟགས་ཐོན་ཇེ་མང་དུ་སོང་སྟེ།  ལུས་ཁམས་ནུས་པ་ཇེ་ཞན་དུ་འགྲོ་སྲིད།  ཨོལ་གོང་གཤེར་རྨེན་དང་མཁལ་མའི་སྟེང་གི་གཤེར་རྨེན་གྱི་སྐྱི་མོའི་ནུས་པ་གཟུགས་པོའི་ནུས་ཚད་ལས་བརྒལ་བའི་རྟགས་འབྱུང་བ་དང་། དེའི་ཁར་མི་དར་མའི་དུས་སུ་ལས་གནས་སྟེང་འགན་ལྗིད་མོ་ཁུར་བ་དང་སྒོ་ཕྱི་ནང་གི་ལས་ཀར་བྲེལ་བ་ཆེ་པས།ཅིས་ཀྱང་ངལ་བ་དང་འཁང་རར་བཟོད་བསྲན་བྱེད་དགོས།  དུས་ཡུན་རིང་པོར་བྱ་བའི་ཁུར་བོ་ལྗིད་མོ་ཁུར་བས་དབང་རྩ་དང་གསང་རྒྱུད་ཟགས་གཤེར། རིམས་འགོག་མ་ལག་གི་སྙོམ་སྒྲིག་ནུས་པ་ཉམས་ནས་ནད་རིགས་གཞན་པ་འབྱུང་སྲིད།  དེ་བས་ཟླ་མཚན་ཆད་པའི་དུས་ཀྱི་བུད་མེད་ཚོས་ནན་ཏན་གྱིས་རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་རྒྱུ་ནི་བུད་མེད་ཚོའི་འཚོ་བའི་སྤུས་ཚད་དང་ཚེ་སྲོག་གི་སྤུས་ཚད་ཇེ་མཐོར་གཏོང་བར་ཧ་ཅང་གལ་ཆེ་བས།  ཟླ་མཚན་ཆད་པའི་བུད་མེད་ཚོས་གཤམ་གྱི་དོན་དག་སྐོར་ནས་ཅིས་ཀྱང་ཉམས་འཇོག་བྱེད་དགོས།   
       གཅིག རང་ཉིད་ཀྱི་སེམས་ཁམས་བདེ་སྲུང་བྱེད་དགོས།   
       ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ཚོས་མི་ལོ་བཅུ་ཕྲག་འགའི་རིང་གི་དཀའ་སྡུག་གང་མང་བརྒྱུད་མྱོང་བས།  བྱ་དངོས་གང་ལ་ལྟ་ཞིབ་དང་ཐག་གཅོད་བྱེད་པའི་ཉམས་མྱོང་མང་པོ་བསགས་ཡོད། ...
དེ་ལས་མང་པ།
འཕྲོད་བསྟེན། རྩོམ་ཡིག -0 Minutes

བུད་མེད་ཀྱིས་ཚེ་གང་བོར་རྒྱུན་འཁྱོངས་བྱ་འོས་པ་དགུ།

གྲུ་ཆུང་གིས་བསྒྱུར། ༠༡༽ ཚབ་བེ་ཚུབ་བེའི་སྤྱོད་པ་དོར་བར་རིགས།           ཐོག་མར་རང་རྒྱུས་ལོན་པའི་སྒོ་ནས་ཚེ་འདིར་རང་ཉིད་ལ་དོན་དངོས་སུ་གང་ཞིག་མཁོ་བ་གསལ་རྟོགས་བྱེད་པ་དང་། བསམ་བློ་ཡང་དག་སྒོས་རང་ཉིད་ལ་མཁོ་བ་གང་ཡིན་ཤེས་ན་ད་གཟོད་རང་ཉིད་ཀྱིས་ཅི་ཞིག་བསྒྲུབ་འོས་པ་ཤེས། ༠༢༽ གཉེན་སྒྲིག་ནི་མི་ཚེའི་ཡོད་ཚད་མ་ཡིན།          ཚེ་གང་བོར་བློ་གཅིག་སེམས་གཅིག་གིས་ཁྱེད་ལ་བརྩེ་ཞིང་འདང་ཆེ་བའི་སྐྱེས་པ་ཞིག་ལ་འཕྲད་ན་དེར་གཅེས་འཛིན་ལེགས་པོ་བྱ་འོས་ཤིང་། གལ་ཏེ་ཁྱེད་ལ་གཅེས་འཛིན་བྱ་མི་ཤེས་པ་ཞིག་དང་འཕྲད་དུས། དེ་ངེས་པར་དུ་བློས་གཏོང་ཐུབ་པ་བྱ་དགོས། ༠༣༽ རྒྱུན་དུ་ཁོ་ལ་རྟེན་མི་རུང་།          ཁོ་ཁྱོད་ལ་ཇི་འདྲའི་བཟང་ཡང་། འཇིག་རྟེན་འདིའི་ཕྱེད་ཀ་སྐྱེས་པར་དབང་ཞིང་ཕྱེད་ཀ་བུད་མེད་ལ་དབང་བས། ཁྱེད་ཀྱི་ཚེ་སྲོག་ཁོ་ལ་བརྟེན་མི་རུང་སྟེ། ཁྱེད་ཀྱི་མི་ཚེའི་ནང་མི་སྣ་གཙོ་བོ་ནི་ཁྱེད་རང་ཉིད་ཡིན་ལ། ཁོ་དང་འཕྲད་པ་ནི་ཁྱེད་ཀྱི་གདམས་གསེས་ཡིན། གལ་ཏེ་ཁོ་ཁྱེད་དང་ཁ་བྲལ་ཀྱང་། ཁྱེད་ཀྱིས་རང་གི་མི་ཚེའི་ཟློས་གར་དེ་སྔར་བཞིན་གཟབ་རྒྱས་ངང་འཁྲབ་དགོས་ཤིང་། ཁྱེད་ལ་ཆད་པ་ནི། མེ་ཏོག་ནང་གི་ཕྲ་རྒྱན་ལྟ་བུའི་མི་སྣ་ཕལ་བ་ཞིག་དང་། ཁྱེད་ལ་མི་ཆད་པ་ནི། རང་གི་ཚེ་སྲོག་གི་གཏིང་ཟབ་ས་ནས་ཐོན་པའི་ཐལ་མོའི་རྡེབ་སྒྲ་དེའོ།། ༠༤༽  ཕྱིའི་མཛེས་པ་མི་གཙོ་རང་གི་ཁྱད་ཆོས་གཙོ།            མཐོང་རྒྱ་བསྐྱེད་དེ་བལྟས་ན། འཇིག་རྟེན་འདིར་ནམ་ཡང་ཆེས་མཛེས་པ་མིན་ཡང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བུད་མེད་ཀྱིས་སྦྱོང་བརྡར་ལ་བརྟེན་ནས་རང་ཉིད་ཆེས་འགུག་ཤུགས་ལྡན་པའི་བུད་མེད་ཅིག་ཏུ་འགྱུར་ངེས་ཡིན། ཁྱེད་རང་ཡིད་ཆེས་སམ། ༠༥༽ སྒོའི་ཕྱི་ནང་གི་ལས་ཀ་གང་ཡིན་ལ་མཁས་པ།...
དེ་ལས་མང་པ།
འཕྲོད་བསྟེན། རྩོམ་ཡིག -0 Minutes

བུད་མེད་ཀྱི་བདེ་ཐང་སྐོར་གྱི་ཤེས་བྱ།

     སྐྱེ་ཁམས་རིག་པས་ཞིབ་འཇུག་ལྟར་བཤད་ན་བུད་མེད་ནི་རང་བཞིན་གྱི་སྐྱེས་པ་དང་བསྡུར་ན་ལུས་སྟོབས་ཞན་པ། ནུས་ཤུགས་དམའ་བ། སྐད་ངག་ཕྲ་བ།སེམས་ཁམས་ལ་འགྱུར་བ་དང་ཚོར་བ་འབྱུང་སྐྱེན་པ་ཞིག་ཀྱང་ཡིན་པར་བཤད། དེ་བཞིན་ནད་རིགས་འབྱུང་སླ་བ་ཞིག་ཀྱང་ཡིན་པར་བཤད་ཡོད། དེའི་ཕྱིར་བུད་མེད་ཀྱི་བདེ་ཐང་ནི་སྐྱེས་པ་ལས་ཀྱང་ཧ་ཅང་གལ་ཆེ་བ་ཞིག་ཡིན། གལ་ཏེ་བུད་མེད་ལ་བདེ་ཐང་མེད་པ་ཡིན་ན། འབྱུང་འགྱུར་གྱི་བུ་ཕྲུག་དང་། ད་ལྟའི་ཁྱོ་ག་སོགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་ཡོད་པས་འདི་ནི་མིའི་རིགས་སྤྱིའི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཏུ་གྱུར་ཡོད། འདི་ལ་སྤྱི་ཚོགས་ཡོངས་ཀྱིས་ཐུགས་ཁུར་དང་དོ་སྣང་བྱེད་འོས་པ་ཞིག་རེད། བུད་མེད་བདེ་ཐང་ཡོང་མིན་དེའང་བུད་མེད་རྐྱང་པའི་དོན་དག་ཅིག་མིན་པར་སྐྱེས་པ་ཚོའི་འཕྲོད་བསྟེན་དང་། བདག་སྐྱོང་ལེགས་མིན།  ཕྱོགས་གཉིས་ཀྱི་རིམས་འགོག་འདུ་ཤེས་སོགས་ལ་ཡང་འབྲེལ་བ་དམ་པོ་ཆགས་ཡོད། ལྷག་ཏུ་བོད་ཡུལ་གྱི་བུད་མེད་དག་གིས་རང་ལུས་ལ་བདག་སྐྱོང་ལེགས་པོ་མི་ཤེས་པ་དང་། སྤོབས་པ་ཆུང་བ། ཆ་རྐྱེན་ཞན་པ་བཅས་ཀྱི་དབང་གིས་མང་ཆེ་བ་ལོ་ན་ཆུང་དུས་ནས་མོ་ནད་ཅན་དུ་འགྱུར་ནས་ཡོད།  དེས་ན་གཤམ་གྱི་དོན་ཚན་དག་ནི་ཆེད་ལས་ཞིབ་འཇུག་པས་དཔྱད་འབྲས་གལ་ཆེན་དག་གཞན་ལས་བཤུས་ཏེ་སྤེལ་བ་ཡིན། མ་མཐའ་ཡང་བུད་མེད་ཅིག་ཡིན་ན་རྒྱུན་ཤེས་འདི་འདྲ་མ་ཤེས་ཐབས་མེད་ཡིན། དང་པོ། ཟླ་མཚན་འབབ་དུས་ཀྱི་དོ་སྣང་བྱ་ཡུལ་གྱི་སྐོར། ༡༽ ཟླ་མཚན་འབབ་དུས་ལུས་ལ་མི་བདེ་བ་དང་ཟུག་གཟེར་རེ་ཡོད་པ་ནི་རྒྱུན་ལྡན་ཡིན་ཡང་། བུད་མེད་ལ་ལས་སྨན་པར་ཟླ་མཚན་འབབ་བཞིན་པ་གསང་ནས། ཟླ་མཚན་འབབ་སྐབས་འཐུང་མི་རུང་བའི་སྨན་རིགས་འཐུང་བས་ནད་གཞི་ཇེ་སྡུག་དང་ནད་འདྲེན་བཞིན་པ་མང་པོ་ཡོད། ༢༽ ཟླ་མཚན་འབབ་དུས་ལས་ཚེགས་ཆེ་བའི་རིགས་ལས་མི་རུང་ལ། ཆུ་འཁྱགས་སོགས་གྲང་བའི་རིགས་ལ་རེག་པ་དང་། བརླན་གཤེར་དང་གྲང་ལྷགས་ཆེ་བའི་ས་ནས་འདུག་པ་དང་ཉལ་བ་སོགས་མི་རུང་། དྲོད་ལྡན་གྱི་གོས་དང་བཅུད་ཆེན་གྱི་ཟས་བསྟེན་དགོས། དུས་ཚོད་བདུན་བརྒྱད་ཀྱི་གཉིད་ཚད་རྫོགས་དགོས་པ་དང་། ལྷག་ཏུ་རྩིས་འཕྲུལ་ཁ་པར་སོགས་གློག་གི་རྦ་རླབས་ཤུགས་ཆེན་ཡོད་པའི་རིགས་ཡུན་རིང་གཏན་ནས་བཀོལ་མི་རུང་བ་དང་།ལུས་འབྲེལ་ནི་དེ་བས་ཀྱང་བྱ་མི་རུང་ངོ་། ། གཉིས།...
དེ་ལས་མང་པ།
12